རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུས་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ།

    གངས་ལྗོངས་ཉི་གཞོན།    2021-03-02

རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུས་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ།

        2021ལོའི་ཟླ་2པའི་ཚེས་25ཉིན་གྱི་16ཐོག །པེ་ཅིན་གྲོང་ཁྱེར་ཁྲའོ་དབྱང་ས་ཁུལ་ཉི་མའི་ཕོ་བྲང་གི་བྱང་ཕྱོགས་ཁྲོམ་ལམ་ཨང་རྟགས་དང་པོ་རུ་རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ཀྱི་སྒོ་བྱང་དངོས་སུ་བཀལ་བ་རེད། “རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་”གི་སྒོ་བྱང་དེའི་སྔོན་ནས་མར་བླངས་ཟིན་པ་རེད།

        རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་མོལ་དང་མཐུན་སྦྱོར་ལས་ཁུངས་ཡིན་པའི་ངོས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོ་ཆུང་ནི་1986ལོའི་ཟླ་5པའི་ཚེས་16ཉིན་དབུ་བརྙེས་པ་དང་། སྐབས་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་ཕོངས་ས་ཁུལ་དཔལ་འབྱོར་གསར་སྤེལ་འགོ་ཁྲིད་ཚོ་ཆུང་ཟེར་བ་དང་། 1993ལོའི་ཟླ་12པའི་ཚེས་28ཉིན་དེང་དུས་ཀྱི་མིང་ལ་བསྒྱུར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོ་ཆུང་གཞུང་དོན་ཁང་གིས་འགོ་ཁྲིད་ཚོ་ཆུང་གི་ཉིན་རྒྱུན་གྱི་བྱ་གཞག་ལ་འགན་ཁུར་བ་རེད།

        རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ཀྱི་སྒོ་བྱང་དངོས་སུ་བཀལ་བ་དང་། འདིས་རང་རྒྱལ་དབུལ་སེལ་འགག་སྒྲོལ་གྱི་འཐབ་འཁྲུག་ལས་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ཡོད་པ་དང་། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལག་བསྟར་བྱས་ནས་འཚོ་བ་གསར་པ་དང་འབད་འཐབ་གསར་པར་འགོ་ཚུགས་པ་མཚོན་ཡོད།

  • ལེ་ཚན་སྔོན་མ།:ལོ་ངོ8ཀྱི་རིང་གི་ཚོགས་ཆེན་གཉིས་ཀྱི་“གཞི་རིམ་སྐོར་ཞིབ་ཚོགས་པ་”ལ་ཕྱིར་དྲན་བྱ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བརྒྱད་པ་གཙོ་སྐྱོང་གནང་སྐབས་གསུང་བཤད་གལ་ཆེ་གནང་།
  • དོ་སྣང་ཆེ་བའི་རྩོམ།