སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན་སྐབས13གྲོས་ཚོགས་ཐེངས5དར་མདོར་གྲོལ།

སྐལ་ཐུབ་དང་། ཨོ་རྒྱན། ཀུན་དགའ། ཡེ་ཤེས་བཅས་ཀྱིས།        2021-02-06

སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན་སྐབས13གྲོས་ཚོགས་ཐེངས5དར་མདོར་གྲོལ།

སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན་སྐབས13གྲོས་ཚོགས་ཐེངས5དར་མདོར་གྲོལ།

   སྤྱི་ཟླ2ཚེས4ཉིན་གྱི་ཕྱི་དྲོར། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པའི་ངང་ལེགས་གྲུབ་བྱུང་ནས་དར་མདོར་གྲོལ་བ་རེད།

སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན་སྐབས13གྲོས་ཚོགས་ཐེངས5དར་མདོར་གྲོལ།
ལིའུ་ཁྲེང་མིང་གིས་གསུང་བཤད་གནང་བཞིན་པ།

     མཇུག་བསྒྲིལ་ཚོགས་ཆེན་ཞུགས་དགོས་པའི་ཨུ་ཡོན278ཡིན་པ་དང་། དངོས་སུ་ཞུགས་པའི་ཨུ་ཡོན242ཡོད་པས་སྲིད་གྲོས་ཀྱི་སྒྲིག་ཡིག་དང་མཐུན་པ་རེད།  

སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན་སྐབས13གྲོས་ཚོགས་ཐེངས5དར་མདོར་གྲོལ།
ཧྲུའུ་ཏ་ཁྲུན་གྱིས་གསུང་བཤད་གནང་བཞིན་པ།


ཚོགས་ཆེན་ཐོག་ཏུ་དོན་ཚན་འདི་དག་ལ་གྲོས་འཆམ་བྱུང་ཡོད།

 

  ཚོགས་ཆེན་ཐོག་སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། 

   སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་འཆར་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་འཆར་ཞིབ་དཔྱོད་གནས་ཚུལ་སྐོར་གྱི་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད།

སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན་སྐབས13གྲོས་ཚོགས་ཐེངས5དར་མདོར་གྲོལ།
སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན་སྐབས13གྲོས་ཚོགས་ཐེངས5དར་མདོར་གྲོལ།
སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན་སྐབས13གྲོས་ཚོགས་ཐེངས5དར་མདོར་གྲོལ།
སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན་སྐབས13གྲོས་ཚོགས་ཐེངས5དར་མདོར་གྲོལ།




འདེམས་བསྐོ་གྲུབ་འབྲས།


 

ཧྲུའུ་ཏ་ཁྲུན་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་། 

ནན་ཧུང་དང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་རྣམ་གཉིས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་།

ཞེ་ཏ་ཆོན་ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་པོར་བདམས་ཐོན་བྱུང་།

མཁར་གསར་དགེ་ལེགས་དང་ཧྥང་དབྱི་ཀྲོའུ་རྣམ་གཉིས་ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དུ་བདམས་ཐོན་བྱུང་། 


སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན་སྐབས13གྲོས་ཚོགས་ཐེངས5དར་མདོར་གྲོལ།
བྱང་ཆུབ་ཀྱིས་ཧྲུའུ་ཏ་ཁྲུན་ལ་རྟེན་འབྲེལ་ཞུ་བཞིན་པ།


ལིའུ་ཁྲེང་མིང་གིས་གསུང་བཤད་གནང་དོན།   

 

   ལིའུ་ཁྲེང་མིང་གིས་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཚབ་ཞུས་ནས་གསར་དུ་བདམས་པའི་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ། དྲུང་ཆེ། རྒྱུན་ཨུ་བཅས་ལ་སྤྲོ་སེམས་འཕེལ་བའི་རྟེན་འབྲེལ་ཞུས་པ་དང་འབྲེལ་ལས་ཀའི་འགྱུར་ལྡོག་གམ་ཡང་ན་འགན་རིམ་སྤར་བས་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ། དྲུང་ཆེ། རྒྱུན་ཨུ་བཅས་ཀྱི་འགན་མི་འཁུར་བའི་བློ་མཐུན་བྱང་ཆུབ་སོགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། 

   ལིའུ་ཁྲེང་མིང་གིས་ཁུལ་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེ་བའི་ཨུ་ཡོན་རྣམས་ཀྱིས་མ་བསྐུལ་དང་ལེན་ངང་གནས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་འཕྲོད་མཐུན་བྱེད་པ་དང་། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏང་རྒྱུ་དེ་ཐུན་མོང་གི་བསམ་བློའི་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བའི་གཙོ་གཞི་བྱེད་པ་དང་།“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་ལ་ཞབས་ཞུ་དང་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ལས་ཀའི་གཙོ་རྐང་དུ་བརྩི་བ། བསམ་བློ་ཆབ་སྲིད་ལ་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་མཐུན་ཡོང་བ་བྱ་རྒྱུ་དེ་གཙོ་གནད་ཐུག་སར་བརྩི་བ་བཅས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་འཆང་བ་དང་། འབད་འབུངས་ཡར་བརྩོན་དང་མུ་མཐུད་འབད་འཐབ་བྱས་ཏེ་དུས་རབས་གསར་པའི་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་དེ་རང་ཁུལ་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་བྱས་རྗེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས། ཐོག་མཐའ་བར་གསུམ་དུ་དར་ཆ་མཐོན་པོར་སྒྲེང་བ་དང་ཁ་ཕྱོགས་གཏོང་འཛིན་ཡང་དག་བྱེད་པ། ཁྱད་ཡོན་འདོན་སྤེལ་དང་ནུས་པ་རྩལ་དཀྲུགས། དམངས་འཚོར་དོ་ཁུར་དང་བདེ་སྐྱིད་དོན་གཉེར་མཁས་པ། མཐུན་འགྲོགས་གཞན་སྒྱུར་དང་མི་སེམས་གཅིག་ཏུ་བསྒྲིལ་བ། འགན་འཁྲི་འཁུར་ཤུགས་ཆེར་གཏོང་དང་དམ་ཞིང་ནན་པ་བཅས་ཀྱི་སྒོ་ནས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱ་ཆེད་ངེས་ཤུགས་བརྟན་གཏོང་དང་བློ་རིག་ཆེ་འབུལ། དམངས་སྟོབས་གཅིག་སྒྲིལ། མཉམ་ཤུགས་ཆེར་འདོན། རོགས་ཤུགས་གསར་སྣོན་བཅས་བྱ་དགོས་པའི་ཐུགས་རེ་གནང་བ་རེད།

སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན་སྐབས13གྲོས་ཚོགས་ཐེངས5དར་མདོར་གྲོལ།
སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན་སྐབས13གྲོས་ཚོགས་ཐེངས5དར་མདོར་གྲོལ།
སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན་སྐབས13གྲོས་ཚོགས་ཐེངས5དར་མདོར་གྲོལ།
སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན་སྐབས13གྲོས་ཚོགས་ཐེངས5དར་མདོར་གྲོལ།
སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན་སྐབས13གྲོས་ཚོགས་ཐེངས5དར་མདོར་གྲོལ།

  

ཧྲུའུ་ཏ་ཁྲུན་གྱིས་སྲིད་གྲོས་མགོ་ཁྲིད་ཚན་ཁག་གསར་པའི་ཚབ་མཛད་དེ་གསུང་བཤད་གནང་དོན།

 


    ཁུལ་ཡོངས་ཀྱི་ཁྱོན་ཡོངས་ལ་དམིགས་ནས་གྲོས་མོལ་གྱི་བྱེད་པོའི་འགན་འཁྲི་མངོན་གསལ་བྱེད་པ་དང་། བསམ་བློའི་ཁྲིད་སྟོན་ལ་ཤུགས་རྒྱག་ཅིང་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་བསྒྲིལ་བ། སེམས་ཤུགས་མཉམ་འདོན་གྱིས་དུས་རབས་གསར་པའི་ཁུལ་ཡོངས་ཀྱི་སྲིད་གྲོས་ལས་དོན་གྱི་སྤུས་ཚད་འཕར་བ་དང་ཕན་འབྲས་ཆེ་བ། གསར་གཏོད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས། ཐོག་མཐའ་བར་གསུམ་དུ་ཏང་གིས་སྲིད་གྲོས་ཀྱི་ལས་དོན་ལ་མགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་ཚེ་སྲོག་ལྟ་བུར་བརྩིས་ནས“འདུ་ཤེས་བཞི”སྔར་བས་ཇེ་དྲག་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱ་དགོས། ཏང་ཙུའུ་ཡིས་ཁ་ཕྱོགས་གཏོང་འཛིན་དང་ཁྱོན་ཡོངས་དོ་དམ། དོན་འཁྱོལ་འགན་སྲུང་བཅས་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ།  ཏང་གི་ལས་དོན་དང་སྲིད་གྲོས་ཀྱི་འགན་ནུས་ཟུང་འབྲེལ་དམ་ཚགས་བྱེད་པར་སྐུལ་འདེད་གཏོང་ཞིང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་ཤེས་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཆབ་སྲིད་ཀྱི་ཁྲིད་སྟོན་དང་། དམངས་གཙོ་དར་སྤེལ། ངོས་འཛིན་གཅིག་མཐུན་གོང་བུར་འགྲིལ་བ། མཉམ་ལས་མཉམ་སྒྲུབ། སྤྱོད་གཙང་སྤྱི་གཞོལ་སོགས་ཀྱི་ཐད་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ་མི་སྔར་ལས་མང་བ་ཏང་གི་མཐའ་སྐོར་དུ་མཐུན་སྒྲིལ་དང་། བསམ་བློ་གསར་པའི་དར་ཆའི་འོག་ཏུ་གོང་བུར་འགྲིལ་བར་བྱས་ཏེ་མི་དམངས་ཀྱི་ཚོགས་པ་ཁག་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་བསམ་བློ་དང་ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན་ཡོང་བར་བྱ་དགོས། རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་ཀྱིས་མ་བསྐུལ་དང་ལེན་གྱིས་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་སུ་མཉམ་འདྲེས་བྱས་ནས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཅིང་། སྲིད་གྲོས་ཀྱི་རིགས་ཁོངས་ཁག་གི་ལེགས་ཆ་འདོན་སྤེལ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་པ་བཅས་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱ་དགོས། ཁྲིམས་ལྟར་ཁུལ་སྐྱོང་བའི་འཐབ་ཇུས་སུ་ཞུགས་མཁན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་མཁན། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་འཐབ་འཛིང་པ། ཆོས་ལུགས་ཞི་མཐུན་ཡོང་བར་ཁྲིད་སྟོན་བྱེད་པའི་ལག་ལེན་པ་བཅས་བྱས་ནས་མི་དམངས་སྲིད་གྲོས་ཀྱི་དུས་རབས་ཀྱི་བརྗིད་ཉམས་སྔར་བས་མངོན་པར་བྱ་དགོས།

 

སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན་སྐབས13གྲོས་ཚོགས་ཐེངས5དར་མདོར་གྲོལ།
སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན་སྐབས13གྲོས་ཚོགས་ཐེངས5དར་མདོར་གྲོལ།
སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན་སྐབས13གྲོས་ཚོགས་ཐེངས5དར་མདོར་གྲོལ།






  • ལེ་ཚན་སྔོན་མ།:ཅུས་ཀྲང་བཞིའི་སེམས་ཀྱི་སྒྲ་དབྱངས།
  • ལེ་ཚན་རྗེས་མ།:མི་སེར་གྱིས་ལུས་བཤེར་བྱ་རྒྱུར་ཁྲིད་སྟོན་དང་ཁ་གསབ་སྦྱིན་དགོས།
  • དོ་སྣང་ཆེ་བའི་རྩོམ།