ཅུས་ཀྲང་བཞིའི་སེམས་ཀྱི་སྒྲ་དབྱངས།

དབྱངས་ཅན་དང་མིག་དམར་གྱིས་བྲིས།        2021-02-06

ཅུས་ཀྲང་བཞིའི་སེམས་ཀྱི་སྒྲ་དབྱངས།

ཅུས་ཀྲང་བཞིའི་སེམས་ཀྱི་སྒྲ་དབྱངས།

  སྤྱི་ཟླ2པའི་ཚེས4ཉིན་གྱི་ཕྱི་དྲོར། ཁུལ་ཚོགས་ཆེན་གཉིས་ལ་ཞུགས་མཁན་ཅུས་ཀྲང་བཞི་ཡིས་“ཅུང་ཀྲང་བགྲོད་ལམ་”བརྒྱུད་ནས་རང་ཁུལ་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དང་། གཞི་འཛིན་ས་གསར་པ། སྒུལ་ཤུགས་གསར་པ་བཅས་གླེང་བ་རེད།  

ཅུས་ཀྲང་བཞིའི་སེམས་ཀྱི་སྒྲ་དབྱངས།


འབྱུང་འཕྲོད་དེང་རབས་བཟོ་ལས་གོང་འཕེལ་སྟོབས་ཆེར་བཏང་ནས་མགོ་ཡག་པོ་ཞིག་འཛུགས་ཐུབ་དགོས།


      ཁུལ་དཔལ་འབྱོར་དང་ཆ་འཕྲིན་ཅན་གྱི་ཅུས་ཀྲང་ལི་ཡིང་གིས་གནས་བབ་དང་ལས་འགན་གསར་པར་འཕྲོད་དུས་འབྱུང་འཕྲོད་བཟོ་ལས་དཔལ་འབྱོར་གྱི་མགོ་ཡག་པོ་ཇི་ལྟར་འཛུགས་ཐུབ་པའི་སྐོར་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་དུས་བཤད་རྒྱུར། 2021ལོར་རང་ཁུལ་གྱིས་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་བརྒྱ་ཆ10འཕར་ཐུབ་པ་དང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་བརྒྱ་ཆ11འཕར་བའི་དམིགས་ཤིང་། དུས་རབས་གསར་པའི་ནུབ་རྒྱུད་གསར་སྦོལ་ཆེན་པོ་དང་། འབྲི་ཆུའི་དཔལ་འབྱོར་དར་རྒྱུད། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་དར་ཁུལ་དང་། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་འཕེལ་རྒྱས་གོ་སྐབས་དམ་འཛིན་བྱས་ཏེ། རྟེན་གཞི་འཛུགས་སྐྲུན་ཆེན་པོ་དང་རྟེན་གཞི་སྟོབས་ཆེར་གཏོང་བ། ཐོན་ལས་འཛུགས་སྐྲུན་ཆེན་པོ་དང་ཐོན་ལས་སྟོབས་ཆེར་གཏོང་བ། ཁེ་ལས་ནང་འདྲེན་ཆེན་པོ་དང་ཁེ་ལས་སྟོབས་ཆེར་གཏོང་བ་བཅས་ཀྱི་ལས་ཀའི་བསམ་ཕྱོགས་འཛིན་པ་དང་། ཁུལ་ཨུའི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་ཤིང་། འདུ་ཚོགས་གཉིས་དང་ལྟེ་གནས་གཉིས། རྟེན་གཞི་གཉིས། ལས་སྟེགས་གཅིག་བཅས་བསྐྲུན་པའི་བཟོ་སྐྲུན་ལས་རིགས་འབྱུང་འཕྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཐབ་ཇུས་ལ་དམིགས་ནས། བཟོ་སྐྲུན་ལས་རིགས་དར་རྒྱས་ཡོང་བ་དང་། ཐོན་ལས་འབྲེལ་ཐག་གི་ཞན་ཆ་གསབ་ནས་སྟོབས་ཆེར་ཡོང་བ། རྨང་གཞིའི་སྒྲིག་ཆས་གསར་པའི་བཟོ་སྐྲུན་ལ་ནུས་ཤུགས་འདོན་པ། ལས་གཞི་འཛུགས་སྐྲུན་རིམ་སྤར་ཡོང་བ་བཅས་ཀྱི་ལས་གྲྭ་ཆེན་པོ་བཞི་ལག་བསྟར་ཤུགས་ཆེན་བྱ་དགོས། 6ཐོག1སྣོན་གྱི་དེང་རབས་བཟོ་ལས་མ་ལག་འཐུས་ཚང་ཤུགས་ཆེན་གཏོང་བ་དང་། ཐོན་ལས་འབྲེལ་ཐག་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ། ས་ཁོངས་ཐོན་ལས་ཀྱི་བཀོད་བབ་ལེགས་འགྱུར་གཏོང་བ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་སློང་བ་བཅས་ཀྱི་ཐད་ལ་ཤུགས་བརྒྱབ་ནས་བཟོ་ལས་དཔལ་འབྱོར་གྱི་སྤུས་ཚད་ཚད་ལྡན་ཅན་དང་། ཐོན་ལས་གཞི་ཁྱོན་ཅན། ཐོན་རྫས་ཁྱད་ཆོས་ཅན་བཅས་ཡོང་བར་སྐུལ་འདེད་གཏང་དགོས།

     ལས་རིགས་ཆེན་པོ་གསུམ་གྱི་ཐོན་སྐྱེད་རིན་ཐང་ཁག་བགོས་ནས་བརྒྱ་ཆ90དང་། བརྒྱ་ཆ70 བརྒྱ་ཆ20ཡན་ལ་འཕར་ཐུབ་རྒྱུ་དང་། ཆུ་གློག་བསྡུ་ཉར་གཙང་སྤྱོད་ཁྲོམ་རར་འདོན་ཚད་སྟོང་ཝ་དུང་ཕྱུར40ལ་བསླེབ་ཐུབ་རྒྱུ། ས་ཁོངས་བརྒལ་བའི་གླིང་ཁུལ་དུ་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར300ཡན་མངོན་འགྱུར་བྱ་རྒྱུ། གཏེར་རྫས་ཏུན་ཁྲི150གཙང་སྤྱོད་ཐུབ་པ་དང་ཨར་འདམ་ཐོན་ཚད་ཏུན་ཁྲི100ལ་ཟིན་པར་བརྩོན་ལེན་བྱ་དགོས།

ཅུས་ཀྲང་བཞིའི་སེམས་ཀྱི་སྒྲ་དབྱངས།


གྲོང་ཡུལ་ལ་ཁེབས་པའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏང་དགོས།

 

     ཁུལ་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་ཚངས་དཀར་ཚུལ་ཁྲིམས་ཀྱིས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་མ་ལག་གི་གནས་ཚུལ་སྐོར་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་དུས་བཤད་རྒྱུར།  ཉེ་བའི་ལོ་ཤས་རིང་་ལ། རང་ཁུལ་གྱིས་ཡུལ་ཤོག(གྲོང་རྡལ)གི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལས་ཀའི་ས་ཚུགས230ལྷག་དང་། གྲོང་སྡེ(སྡེ་ཁུལ)ཡི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལས་སྒྲུབ་ཁང1100ལྷག་བསྐྲུན་པ་དང་། ཁྲིམས་དོན་ཞབས་ཞུའི་ཤེས་ལྡན་མི་སྣ1400ལྷག་གིས་གྲོང་སྡེ་(སྤྱི་ཁུལ)ཡི་ཁྲིམས་དོན་འགྲོ་ལུགས་ཀྱི་བློ་འདོན་པའི་འགན་ཁུར་ནས་ཁུལ་ཡོངས་ཀྱི་སྲིད་འཛིན་གྲོང་སྡེ2100ལྷག་ལ་ཁེབས་པ་དང་། 2019ལོར་ལས་ཁུངས་བཅོས་བསྒྱུར་བྱས་པ་ནས་བཟུང་ཁུལ་ཡོངས་སུ་བཅའ་ཁྲིམས་ཀྱི་རོགས་སྐྱོར་གྱོད་དོན900ལྷག་སྒྲུབ་གཉེར་བྱས་ཡོད་ཅིང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དཔལ་འབྱོར་གྱོང་གུན་སྒོར་ཁྲི480ཚུར་གསབ་ཐུབ་ཡོད། གཞུང་དཔང་དོན་ཚན2300ལྷག་སྒྲུབ་གཉེར་བྱས་ཡོད། ཁྲིམས་འབྲེལ་གྱི་བློ་འདྲི5000ལྷག་ལ་ལན་བཏབ་ཡོད། ཁུལ་ཁྲིམས་འཛིན་ཅུས་ཀྱིས་ཕྱོགས་ཡོངས་དང་སྤུས་ཚད་མཐོན་པོ། བྱེད་ཐབས་སྣ་མང་གི་སྒོ་ནས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱ་རྒྱུ་སྐུལ་འདེད་བཏང་ནས། གྲོང་སྡེར་ཁེབས་ཐུབ་པ་དང་བྱེད་ནུས་ཆ་ཚང་དང་ཞབས་ཞུ་སྟབས་བདེའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་རིམ་བཞིན་ཆགས་ནས། ཁུལ་ཡོངས་ཀྱི་བཅོས་བསྒྱུར་དང་། འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་བྱ་གཞག་ཁག་ལ་ཁྲིམས་སྐྱོང་གི་འགན་སྲུང་དང་བཅའ་ཁྲིམས་ཀྱི་ཞབས་ཞུ་ནུས་ལྡན་མཁོ་འདོན་བྱས་ཡོད། 

    སླད་ཕྱིན་ཁུལ་ཁྲིམས་འཛིན་ཅུས་ཀྱིས་སྤྱི་པའི་བཅའ་ཁྲིམས་ཀྱི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱལ་ཡོངས་དང་གྲོང་ཁྱེར(ཁུལ་)ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ལས་འགན་དུ་བརྩིས་ནས་དམ་འཛིན་བྱ་རྒྱུ་དང་། བཅའ་ཁྲིམས་ཀྱི་ཞབས་ཞུའི་དཔུང་སྡེ་འཕེལ་རྒྱས་དང་སྟོབས་ལྡན་ཡོང་ཞིང་། རིགས་སྣ་ཚོགས་ཀྱི་བཅའ་ཁྲིམས་ཞབས་ཞུའི་ཐོན་ཁུངས་ཕྱོགས་བསྡུས་ལེགས་སྒྲིག་བྱ་རྒྱུ། ཞབས་ཞུའི་ནང་དོན་དང་བྱེད་སྟངས་གསར་གཏོད་བྱེད་པའི་ཐབས་ཤེས་སོགས་སྤྱད་ནས། མི་དམངས་མང་ཚོགས་ལ་སྤྱི་ཁྱབ་ཀྱི་ཕན་འབྲས་ཐོབ་པ་དང་སྟབས་བདེ་ཞིང་ལས་ཆོད་མཐོ་བའི་སྤྱི་པའི་བཅའ་ཁྲིམས་ཀྱི་ཞབས་ཞུ་བསྒྲུབ་རྒྱུ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་ཞིང་། དུས་བདེའི་དཀར་མཛེས་ཁུལ་དང་ཁྲིམས་སྐྱོང་གི་དཀར་མཛེས་ཁུལ་གྱི་ཟོང་རྟགས་ཡག་ཤོས་བསྐྲུན་པར་རམ་འདེགས་བྱ་དགོས།

ཅུས་ཀྲང་བཞིའི་སེམས་ཀྱི་སྒྲ་དབྱངས།


དབུལ་ཐར་འགག་སྒྲོལ་དང་ཡུལ་སྡེ་དར་རྒྱས་གཏོང་བར་མཐུད་སྦྲེལ་ནུས་ལྡན་བྱ་དགོས།

 

     ཁུལ་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་དབྱང་ལིན་གྱིས་དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དང་ཡུལ་སྡེ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་ཇི་ལྟར་བྱ་དགོས་པའི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་དུས་བཤད་རྒྱུར། རང་ཁུལ་གྱིས་སྤུས་ཚད་མཐོ་བའི་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་ཡུལ་སྡེ་དར་རྒྱས་གཏོང་བའི་དཔེ་སྟོན་ཁུལ་གསར་འཛུགས་བྱས་ཤིང་། ཉག་ཆུ་དང་འབྲི་ཆུའི་འབབ་རྒྱུད་ཀྱི་ཡུལ་སྡེ་དར་རྒྱས་གཏོང་བའི་ཚོད་ལྟ་ཁུལ་རིམ་པ་སྐུལ་སྤེལ་བཏང་སྟེ། རིམ་རྩིས་བརྒྱབ་ན་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་དུ་ཡུལ་སྡེ་དར་རྒྱས་གཏོང་བའི་དཔེ་སྟོན་གྲོང་ཚོ115དང་། ཉག་ཆུ་དང་འབྲི་ཆུའི་འབབ་རྒྱུད་ཀྱི་ཚོད་ལྟའི་གྲོང་ཚོ138བསྐྲུན་ཡོད། སྔ་རྗེས་སུ་ཁུལ་རིམ་པའི་སྔོན་ཐོན་རྫོང(གྲོང་ཁྱེར)7དང་ཡུལ་ཤོག་དང་གྲོང་རྡལ30  དཔེ་སྟོན་གྲོང་ཚོ218བཅས་ལ་མིང་བཏགས་ཤིང་། ཞིང་ཆེན་རིམ་པའི་ཡུལ་སྡེ་དར་རྒྱས་གྱི་སྔོན་ཐོན་ཡུལ་ཤོག་དང་གྲོང་རྡལ་4དང་དཔེ་སྟོན་གྲོང་ཚོ54བཅས་བདེ་བླག་ངང་བསྐྲུན་ཐུབ་པ་བྱུང་།

    ཕྱིན་ཆད་རང་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་བཀོད་སྒྲིག་བཅས་ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་བྱ་རྒྱུ་དང་། རིམ་པ་བཞིའི་ཧྲུའུ་ཅིས་ཡུལ་སྡེ་དར་རྒྱས་གཏོང་བའི་ཆབ་སྲིད་འགན་འཁྲི་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བ། དབུལ་པོ་བསྐྱར་ལོག་སྔོན་འགོག་བྱེད་པའི་འགྱུར་ཚུལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་ཞིང་། ཞིང་འབྲེལ་མ་དངུལ་སྡེབ་སྒྲིག་དང་དོ་དམ་བཀོལ་སྤྱོད་ཇེ་ལེགས་སུ་གཏོང་བ། དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་དང་། དབུལ་ཐར་མི་འབོར་གྱི་ལས་གནས་བརྟན་ཐོག་ལས་ཞུགས་ཐུབ་པ། དམིགས་བསལ་ཚོགས་སྤྱིའི་མ་མཐའི་འཚོ་སྲུང་སོགས་ཀྱི་བྱ་བ་དམ་འཛིན་མངོན་གསལ་བྱས་ཏེ། དབུལ་ཐར་འགག་སྒྲོལ་སྐབས་ཀྱི་ཤེས་ལྡན་མི་སྣའི་རིག་སྟོབས་རྒྱབ་སྐྱོར་སྲིད་ཇུས་རྒྱུན་གནས་བྱ་རྒྱུ་དང་། རིགས་ཁག་གི་ཤེས་ལྡན་མི་སྣས་ཡུལ་སྡེ་དར་རྒྱས་གཏོང་བར་ཞབས་ཞུ་བསྒྲུབ་པར་ཁྲིད་སྟོན་བྱེད་པའི་ཡུན་ནང་སྲོལ་བཙུགས་ཤིང་འཐུས་སྒོ་ཚང་དུ་གཏོང་ཞིང་། བྱང་ཚད་མཐོ་བའི་ཞིང་ལས་ལག་རྩལ་པ་དང་བྱང་ཚད་མཐོ་བའི་ཞིང་པ། ཞིང་སྡེའི་ཚོང་གཉེར་བྱེད་པོ་བཅས་ཀྱི་སྣེ་ཁྲིད་པ་གསོ་སྐྱོང་གང་མགྱོགས་བྱ་དགོས་པ་དང་། གཉེར་སྐྱོང་བྱེད་པོ་གསར་པར་རོགས་སྐྱོར་དང་རྒྱ་སྐྱེད་བཏང་ནས་གཏིང་ཤུགས་དང་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏང་དགོས།

ཅུས་ཀྲང་བཞིའི་སེམས་ཀྱི་སྒྲ་དབྱངས།
 

འགན་འཁྲི་ལག་ལེན་བསྟར་ནས་སྔོ་ལྗང་རི་ཆུ་སྲུང་སྐྱོང་ཡག་པོ་བྱ་དགོས། 

 

     ཁུལ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཝང་ཅུན་གྱིས་རང་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་ཇི་ལྟར་གཏང་དགོས་པའི་སྐོར་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་དུས་བཤད་རྒྱུར།“དམིགས་པ་གསུམ་དང་གནད་འཁེལ་གསུམ”བྱ་ཐུབ་དགོས་ཏེ། གཅིག་ནི་དཔེ་སྟོན་གྱི་ཚད་དཔོག་ལ་དམིགས་ནས་དོ་དམ་སྲུང་སྐྱོང་གི་ཐད་ནུས་པ་གནད་ལ་འཁེལ་བ་འདོན་དགོས། རང་ཁུལ་དུ་ནགས་ཚལ་ཐོན་ཁུངས་དོ་དམ་ཚོད་འཛིན་ནན་པོ་བྱ་རྒྱུ་དེ“ནན་ཤོས་བཞི”དང“བྱ་ཐབས16”ལག་བསྟར་ནན་པོ་བྱས་ནས་ཁྲིམས་ལྟར་ནགས་ཚལ་མུའུ་ཁྲི9578དང་རང་བྱུང་རྩྭ་ར་མུའུ་དུང་ཕྱུར1.42   འདམ་ར་ས་མུའུ་ཁྲི1091.4བཅས་བདག་སྐྱོང་བྱ་དགོས། ཕྱོགས་ཡོངས་ནས་རང་བྱུང་སྲུང་སྐྱོང་གི་མ་ལག་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་སྟེ་རང་བྱུང་སྲུང་སྐྱོང་ཁུལ76ལེགས་སྒྲིག་བྱེད་ཅིང་། “འགན་ལེན་དྲུག”གི་འགན་འཁྲི་རྒྱུན་ཆད་མེད་པར་ཏན་ཏིག་བཟོས་ནས་མིས་བཟོས་ནགས་ཚལ་མེ་ཤོར་ཆེན་པོ་དང་མི་སྣ་ཤི་རྨས་མི་འབྱུང་བའི“མཐིལ་ཚད་གཉིས”བརྟན་སྲུང་མཐའ་གཅིག་ཏུ་བྱ་དགོས་པ་དང་། ནགས་ཚལ་དཔོན་པོའི་ལམ་ལུགས་རྒྱུན་མཐུད་ངང་ཁྱབ་གདལ་གཏང་དགོས་ཤིང་།“རི་ལ་བདག་གཉེར་བྱེད་མཁན་དང་། ནགས་རི་སྐྲུན་མཁན་ཡོད་པ། ཤིང་བདག་སྐྱོང་བྱེད་མཁན་ཡོད་པ། འགན་འཁྲི་འཁུར་མཁན་ཡོད་པ་བཅས་”ཀྱི་བདག་སྐྱོང་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། 2025ལོར་སླེབས་དུས་ནགས་ཚལ་ཁེབས་ཚད་བརྒྱ་ཆ35.56དང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཚད་བརྒྱ་ཆ84.8ལ་སླེབས་པ་བྱ་དགོས།

    གཉིས་ནི་བཅོས་སྐྱོང་དང་ཉམས་གསོ་བྱེད་པར་དམིགས་ནས་འཛུགས་སྐྲུན་ཐད་ལ་ཤུགས་འདོན་གནད་འཁེལ་བྱ་དགོས། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་མ་ལག་བཅོས་སྐྱོང་བྱ་རྒྱུར་གཅིག་འགྱུར་འཆར་འགོད་ཀྱིས་དམ་འཛིན་ཡག་པོ་བྱ་རྒྱུ། རྒྱལ་ཁབ་ཀྱི་མངའ་ས་གཞི་ཁྱོན་ཆེན་པོས་སྔོ་ལྗང་དུ་བསྒྱུར་བའི་བྱ་སྤྱོད་སྤེལ་རྒྱུ།“རི་ལ་ཤིང་འཛུགས་པ་དང་། ལམ་ཁར་མེ་ཏོག་འདེབས་པ། ཆུ་བོ་མཚེའུ་རུ་བསྒྱུར་བ(འདམ་ར)བཅས་ཀྱི་ལས་གཞི་ལག་བསྟར་ཤུགས་ཆེན་བྱ་རྒྱུ། རྨོ་བསྐྱུར་ནགས་གསོ་དང་། བརླན་ས་སྲུང་སྐྱོང་དང་ཉམས་གསོ། བྱེ་སྐྱོན་འགོག་བཅོས། སྐྱེ་ཁམས་ཉམས་ཞན་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་། རྩྭ་ཐང་སྐྱེ་ཁམས་ཉམས་གསོ་སོགས་སྐྱེ་ཁམས་བཅོས་སྐྱོང་གི་གཙོ་གནད་ལས་གྲྭ་ཁག་ཅིག་རྒྱུན་མཐུད་ལག་བསྟར་བྱ་རྒྱུ། ལི་ཐང་གི་མཚོ་ལ་དང་རྫ་ཆུ་ཁའི་ཁྲོམ་གཟའ་འགབ་མའི་རྩྭ་ཐང་གི་བྱི་གནོད་བཅོས་སྐྱོང་དང་། འབྲི་ཆུའི་སྟོད་རྒྱུད་ཀྱི་འགོག་སྲུང་ནགས་ཚལ་སོགས་ས་ཁོངས་རང་བཞིན་གྱི་སྐྱེ་ཁམས་སྲུང་སྐྱོང་གི་ལས་གྲྭ་དམ་འཛིན་ལེགས་པོ་བྱ་དགོས། སྤུས་ཀ་ལེགས་པའི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་དགོས།

ཅུས་ཀྲང་བཞིའི་སེམས་ཀྱི་སྒྲ་དབྱངས།

    གསུམ་ནི་ཐོན་ལས་གོང་འཕེལ་གཏང་རྒྱུར་དམིགས་ཏེ་སྤུས་ཚད་དང་ནུས་པའི་ཐད་ཤུགས་གནད་འཁེལ་འདོན་དགོས། ནགས་ལས་བཟོ་གྲྭའི་ཐོན་ཁུངས་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་ནགས་ཚལ་བཟོ་ལས་ཚོགས་པ་འཛུགས་རྒྱུ་དང་། གཞི་ཁྱོན་གྲུབ་པའི་ཁྱད་ཆོས་ལྡན་པའི་ནགས་ལས་དང་དཔལ་འབྱོར་ནགས་ཚལ་འཕེལ་རྒྱས་གཏང་དགོས། “ས་ཁུལ་ཆེན་པོ་དྲུག་”གི་དེང་རབས་ཞིང་ལས་ཐོན་ལས་ཁུལ་འཕེལ་རྒྱས་གཏོང་བའི་བླང་བྱ་ལྟར། ནགས་ལས་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཐོན་ལས་ཞིབ་ལས་ཅན་དུ་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་ནས་གཞི་ཁྱོན་ལྡན་པའི་ཕན་འབྲས་ཡོང་བ་བྱ་དགོས། “ཁྲེང་ཏུའུ་དང་ཁྲུང་ཆིང་ནུབ་རྒྱབ་ཀྱི་མེ་ཏོག་ལྡུམ་ར་དང་བདེ་གསོ་སྤྲོ་གསེང་བྱེད་ཡུལ”གྱི་ཚད་དཔོག་ལ་གཞིར་བཟུང་ནས་ནགས་ཚལ་དང་རྩྭ་རའི་ཐོན་ལས་ཀྱི་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱས་ཏེ་སྐྱེ་ཁམས་ཡུལ་སྐོར་དང་། ནགས་ཚལ་གསོ་སྐྱོང་སོགས་འབྱུང་འཕྲོད་ཐོན་ལས་སྟོབས་ཆེར་གཏོང་བ་དང་མི་སེར་ཕྱུག་འགྱུར་དང་། སྐྱེ་ཁམས་མཛེས་པ། ཐོན་ལས་དར་རྒྱས་བཅས་གཅིག་གྱུར་དམ་ཟབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་གཏོད་དགོས། 


  • ལེ་ཚན་སྔོན་མ།:བྱང་ཆུབ་ཁུལ་སྲིད་གྲོས་ཀྱི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས།
  • ལེ་ཚན་རྗེས་མ།:སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན་སྐབས13གྲོས་ཚོགས་ཐེངས5དར་མདོར་གྲོལ།
  • དོ་སྣང་ཆེ་བའི་རྩོམ།