ཞའོ་ཡིའུ་ཚའེ་ཡིས་སྲིད་གྲོས་ཨུ་ཡོན་ཚོ་ཆུང་གི་གྲོས་འཆར་ལ་གསན།

སྐལ་ཐུབ་དང་ཨོ་རྒྱན། ཀུན་དགའ། ཡེ་ཤེས་བཅས་ཀྱིས།        2021-02-06

  ཞའོ་ཡིའུ་ཚའེ་ཡིས་སྲིད་གྲོས་ཨུ་ཡོན་ཚོ་ཆུང་གིས་སྲིད་གཞུང་ལས་དོན་སྙན་སྒྲོན་ལ་བཏོན་པའི་བསམ་འཆར་དང་གྲོས་འགོར་གསན་འཇོག་གནང་དུས། དོན་འཁྱོལ་ཧུར་ཐག་བྱས་ཏེ་ཁུལ་ཡོངས་ཀྱི་མི་དམངས་ཀྱི་བློ་ཡིད་ཚིམ་པའི་གྲུབ་འབྲས་བསྐྲུན་དགོས་ཞེས་གསུངས།


ཞའོ་ཡིའུ་ཚའེ་ཡིས་སྲིད་གྲོས་ཨུ་ཡོན་ཚོ་ཆུང་གི་གྲོས་འཆར་ལ་གསན།

      ཚེས4ཉིན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་སྲིད་གྲོས་ཨུ་ཡོན་ཚོ་ཆུང་གི་འཐུས་མིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་སྲིད་གཞུང་གི་ལས་དོན་ལ་བཏོན་པའི་བསམ་འཆར་དང་གྲོས་འགོར་གསན་པ་རེད། 

     སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་མཁན་ཨུ་ཡོན་ཚོ་ཆུང་གི་འཐུས་མིས2020ལོ་དང“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”རིང་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པ་དང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་དང་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་དང་གཙོ་གནད་ལས་འགན་དང་དེ་བཞིན2035ལོའི་རྒྱང་རིང་དམིགས་འབེན་གྱི་ཇུས་འགོད་བཀོད་སྒྲིག་ལ་མོས་མཐུན་བྱས་པ་དང་འབྲེལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་དམིགས་ནས་ཐབས་ཇུས་ཧུར་ཐག་འདོན་བ་རེད། 

    ཞའོ་ཡིའུ་ཚའེ་ཡིས་ཚང་མས་བསམ་འཆར་དང་གྲོས་འགོ་བཏོན་པ་དང་སྲིད་གཞུང་གི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཁུལ་སྲིད་གཞུང་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་ལ་ཞིབ་འཇུག་ནན་ཏན་དང་། བསྡུ་ལེན་གང་ལེགས། དུས་ཐོག་ཏུ་སྒྲུབ་པ། དོན་འཁྱོལ་དམ་འཛིན་བཅས་བྱ་དགོས་པའི་བླང་བྱ་བཏོན་པ་རེད། ཁོང་གིས་འདས་ཟིན་པའི་ལོ་ལྔའི་ནང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་འབད་འཐབ་བྱས་ནས“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི” དམིགས་འབེན་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ཡོད། གྲུབ་འབྲས་དེ་དག་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པས་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་གྱི་བློ་གྲོས་དང་དཀའ་ཚེགས་ལས་ཁ་འབྲལ་ཐབས་མེད་ཅེས་གསུངས་པ་རེད།

     ཞའོ་ཡིའུ་ཚའེ་ཡིས་ནན་གསུང་གནང་དོན། འདི་ལོ་དང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་དེ་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ལངས་གཟུགས་ཅན་གྱི་འགྲིམ་འགྲུལ་དྲ་བ་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་། མྱུར་བགྲོད་གཞུང་ལམ་ལྟེ་གནས་ས་ཁུལ་ཕྱོགས་སུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་ཞིང་། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་དྲ་བ་ཇེ་མང་དུ་བསྐྲུན་པ། ཞིང་སྡེའི་གཞུང་ལམ་དང་ཡུལ་སྐོར་གཞུང་ལམ་འཐུས་ཚང་དུ་གཏོང་བ། སི་ཁྲོན་ནུབ་བྱང་ས་ཁོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་མགྱོགས་མྱུར་སྐྲུན་པ་བཅས་བྱ་དགོས། སྐྱེ་ཁམས་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ནས“སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོར་འཆང་བ་དང་། “སྐྱེ་ཁམས་ཁོར་ཡུག་ནི་ལེགས་ཆ་ཆེ་ཤོས་དང་། སྐྱེ་ཁམས་སྲུང་སྐྱོང་ནི་འགན་འཁྲི་ལྕི་ཤོས། སྐྱེ་ཁམས་འཕེལ་རྒྱས་ནི་ཐབས་ལམ་ཡག་ཤོས། སྐྱེ་ཁམས་ཀྱི་མཐོ་ས་ནི་ཕུགས་བསམ་ཡག་ཤོས་བཅས་ཡིན་པ”མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས། ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བར་དམ་འཛིན་ཤུགས་ཆེན་བྱེད་པ་དང་། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་གྱི“འདུ་ཤེས་ཆེན་པོ་བཞི”དང“གལ་ཆེན་མཉམ་འཛིན་གྱིས་འཕེལ་རྒྱས་གཏང་དགོས་པ་ལྔ”ཡི་བསམ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། “སྐོར་ལམ་གསུམ་དང་རིག་གནས་དར་རྒྱུད་གཅིག་འདམ་ར་གཉིས”ཀྱི་འཕེལ་རྒྱས་གནས་བབ་ལ་དམིགས་ནས་ “མིང་བྱང་ལྔ”གྲགས་ཤུགས་ཆེ་གཏོང་ཞིང་། རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ཁུལ་སྐྲུན་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱེད་ཡུལ་གང་མགྱོགས་བསྐྲུན་དགོས། ནུས་ཤུགས་ཡོད་རྒུས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས“སྣེ་འདྲེན་ཁེ་ལས་སྐྱེད་སྲིང་བྱེད་པ་དང་། རྟེན་གཞི་འཛུགས་སྐྲུན། ལས་སྣོན་བྱེད་པ། ཟོང་རྟགས་གསར་དུ་སྐྲུན་པ། བྲིན་ཚོང་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་ཞིང་ནགས་འབྲོག་གསུམ་གྱི་ཁྱད་ལྡན་ཐོན་ལས་ཡུག་གཅིག་ཏུ་སྦྲེལ་ནས་གཞི་ཁྱོན་ལྡན་པའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་དགོས། དམངས་འཚོ་ནུས་ཤུགས་ཡོད་རྒུས་ལེགས་བཅོས་དང་འགན་ལེན་བྱེད་ཅིང་། སློབ་གསོ་དང་འཕྲོད་བསྟེན་གྱི་སྤུས་ཚད་མཐོར་གཏོང་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱེད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་དཀའ་ཉེན་འཚུབ་གསུམ་གྱི་རེ་སྒུག་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏང་དགོས། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱ་དགོས་ཤིང་། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་དང་རིམས་བབ་འགོག་ཟོན་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཞིང་། བཟའ་བཅའ་དང་སྨན་རྫས་དང་། འགྲིམ་འགྲུལ་སྐྱེལ་འདྲེན། དྲྭ་རྒྱའི་ཆ་འཕྲིན་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་བདེ་འཇགས་བཏགས་གྲངས་ཆེ་རུ་གཏང་དགོས། 

     ཞའོ་ཡིའུ་ཚའེ་ཡིས་ཁུལ་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་གྱིས་ལེགས་ཆ་འདོན་སྤེལ་དང་། ཐབས་འདོན་ཇུས་འབུལ། ཧུར་ཐག་གིས་ཞུགས་པ་བཅས་བྱས་ནས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མགོ་ཡག་པོ་ཞིག་འཛུགས་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་ཁུལ་ཡོངས་ཀྱི་མི་དམངས་ཚོའི་འདོད་བློ་བསྐང་གང་ཐུབ་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།། 

 


  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་ཁུལ་ཚོགས་ཆེན་གཉིས་ཀྱི་གྲོས་བསྡུར་ཚོ་ཆུང་འདིར་ཞུགས།
  • ལེ་ཚན་རྗེས་མ།:བྱང་ཆུབ་ཁུལ་སྲིད་གྲོས་ཀྱི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས།
  • དོ་སྣང་ཆེ་བའི་རྩོམ།