ལིའུ་ཁྲེང་མིང་ཁུལ་ཚོགས་ཆེན་གཉིས་ཀྱི་གྲོས་བསྡུར་ཚོ་ཆུང་འདིར་ཞུགས།

སྐལ་ཐུབ་དང་། ཀུན་དགའ། ཨོ་རྒྱན། ཡེ་ཤེས་བཅས་ཀྱིས།        2021-02-06

 

 ལིའུ་ཁྲེང་མིང་ཁུལ་ཚོགས་ཆེན་གཉིས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་ཨུ་ཡོན་གྱི་མཉམ་འབྲེལ་ཚོ་ཆུང་གི་གྲོས་བསྡུར་ནང་དུ་ཞུགས་ནས་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱ་དགོས་ཞེས་གསུངས།


ལིའུ་ཁྲེང་མིང་ཁུལ་ཚོགས་ཆེན་གཉིས་ཀྱི་གྲོས་བསྡུར་ཚོ་ཆུང་འདིར་ཞུགས།

   ཚེས་4ཉིན་གྱི་སྔ་དྲོར་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཁུལ་ཚོགས་ཆེན་གཉིས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་ཨུ་ཡོན་གྱི་མཉམ་འབྲེལ་ཚོ་ཆུང་གི་གྲོས་བསྡུར་ནང་ཞུགས་ཤིང་། ཁོང་གིས་ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་བསམ་བློའི་ངོས་འཛིན་སྔར་བས་ཆེ་རུ་གཏོང་ཞིང་། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་འབྲེལ་ཡོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་ཅིང་། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་བྱེད་ཕྱོགས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱས་ནས་ཁུལ་ཡོངས་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། དམངས་འཚོ་བཅས་ཀྱི་ལས་དོན་ཁག་ནང་རང་འགུལ་ངང་ཞུགས་ཏེ་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད། 

      འཐུས་མི་དང་ཨུ་ཡོན་རྣམ་པས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སོགས་ལ་དམིགས་ནས་གྲོས་བསྡུར་བྱས་པར་མ་ཟད། ཇི་ལྟར་བྱས་ནས་ཆོས་ལུགས་ལས་དོན་སྔར་བས་ཡག་པོ་བསྒྲུབ་པ་དང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱེད་པ། ཇི་ལྟར་བྱས་ནས་སློབ་གསོ་དང་སྨན་བཅོས་སོགས་དམངས་འཚོའི་བྱ་བ་དངོས་ལ་དམ་འཛིན་ཡག་པོ་བྱེད་པ། ཇི་ལྟར་བྱས་ནས་ཆོས་ལུགས་ཀྱི་རིག་གནས་རྒྱུན་འཛིན་ཡག་པོ་བྱེད་པ་སོགས་ཀྱི་ཐད་ལ་ཐབས་འདོན་ཇུས་འདོན་བྱས་པ་རེད། ལིའུ་ཁྲེང་མིང་གིས་འཐུས་མི་དང་ཨུ་ཡོན་ཚོའི་གཏམ་བཤད་ལ་ནན་ཏན་ངང་གསན་ཞོར་གནས་ཚུལ་ཞིབ་ཕྲ་བཀའ་འདྲི་གནང་ནས་ཚང་མ་དང་སྤེལ་རེས་གནང་བ་རེད། 

      ལིའུ་ཁྲེང་མིང་གིས་ཚང་མའི་གཏམ་བཤད་ལ་གསན་རྗེས། ཉེ་བའི་ལོ་ཤས་རིང་། ཁུལ་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་དང་། དམངས་འཚོའི་བྱ་གཞག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡིན་པ། ལས་བྱེད་པ་དང་མང་ཚོགས་འབད་འབུངས་ཡར་བརྩོན་ཡིན་པ་བཅས་ཀྱི་གྲུབ་འབྲས་འདི་དག་ཐོབ་པ་ནི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་ཐུགས་ཁུར་གནང་བའི་འབྲས་བུ་ཡིན་ལ། ཁུལ་ཡོངས་ཀྱི་ལས་བྱེད་མང་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཡིན་ཞིང་། ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱས་པའི་འབྲས་བུ་ཡིན་ལ་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཏང་ཨུ་དང་སྲིད་གཞུང་གིས་སེམས་པ་གཅིག་མཐུན་ངང་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཞིག་ཀྱང་རེད་ཅེས་གསུངས་ཤིང་། ཁོང་གིས་ཁུལ་ཨུ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ཚང་མར་འབད་བརྩོན་དང་ལེགས་སྐྱེས་ཕུལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། 

     ལིའུ་ཁྲེང་མིང་གིས2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བ་དང་།“ལོ་ལྔའི་འཆར་འགོད་བཅུ་བཞི་པ” ལག་ལེན་བསྟར་མགོ་ཚུགས་པའི་ལོ་ཡིན་ལ། དཀར་མཛེས་ཁུལ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འགོད་ཀྱི་གྲུབ་འབྲས་མུ་མཐུད་དེ་སྲ་བརྟན་དུ་གཏོང་བ་དང་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མུ་མཐུད་དེ་འདོན་སྤེལ་ཡག་པོ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་ཡོད་པ། ཀུན་སྤྱོད་ཐད་ཀུན་གྱིས་ཁས་ལེན་པ། འགག་རྩའི་དུས་ནུས་པ་ཐོན་པ”བཅས་ཀྱི་སྤྱིའི་བླང་བྱ་ལྟར་རང་ཉིད་ལ་བླང་བྱ་ནན་པོ་འདོན་པ་དང་དར་ཆ་གསལ་སྟོན་གྱི་སྒོ་ནས་ཏང་ཨུ་དང་སྲིད་གཞུང་དང་བསམ་བློའི་ཐད་ཞེ་མཐུན་དང་། དམིགས་ཚད་ཐད་ཁ་ཕྱོགས་གཅིག་མཐུན། ལས་ཀའི་ཐད་གཅིག་མཚུངས་བཅས་ཡོང་བ་བྱ་དགོས་པ་དང་། ཆོས་ལུགས་ལས་རིགས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་གྱིས་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅང་དགོས། རྒྱལ་ཁབ་ནི་ཆོས་ལུགས་ལས་ཆེ་བ་དང་། རྒྱལ་ཁྲིམས་ནི་ཆོས་ཁྲིམས་ལས་ཆེ་བ་ཡིན་པ། དད་ལྡན་མང་ཚོགས་ནི་ཐོག་མར་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་པའི་འདུ་ཤེས་བརྟན་པོ་བཅངས་ཏེ། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་དང་དེ་བཞིན་གཙོ་གཉེར་སྡེ་ཁག་གི་མགོ་ཁྲིད་དང་དོ་དམ་ལ་རང་རྟོགས་ཀྱིས་དང་ལེན་བྱ་དགོས། ཐོག་མཐའ་བར་གསུམ་དུ་ཁྲིམས་ལྟར་དགོན་སྡེ་དང་གྲྭ་བཙུན་དོ་དམ་བྱེད་པ་རྒྱུན་འཁྱོངས་དང་། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་མཁན་དང་ཁྲིམས་ལྟར་དགོན་སྡེ་དང་གྲྭ་བཙུན་སྐྱོང་བའི་དཔེ་སྟོན་པ་ཞིག་བྱས་ཏེ་ལས་དོན་མཐའ་དག་ཁྲིམས་སྐྱོང་ཅན་གྱི་སྲོལ་ལམ་དུ་འཛུད་པ་མཐའ་འཁྱོངས་བྱས་ཏེ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱས་ནས་ཆོས་ལུགས་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད། 

      ཁུལ་མགོ་ཁྲིད་ཧྥེང་ཧྥ་ཀུའེ་དང་། ཧྲུའུ་ཏ་ཁྲུན། ལེ་ཅན་ཕིང་། བློ་བཟང་ཆོས་འཕེལ། སངས་དགའ། ལི་ཆང་། རྡོ་རྗེ་བཀྲ་ཤིས། ཨ་རྒྱས་བུ་ཕྲུག  སྐུ་བཅར་ཡོན་ཏན་རྒྱ་མཚོ་བཅས་གྲོས་བསྡུར་ནང་ཞུགས་པ་རེད།། 

 


  • ལེ་ཚན་སྔོན་མ།:དམངས་ཆེན་འཐུས་མི་བཞིའི་སེམས་ཀྱི་སྒྲ་དབྱངས།
  • ལེ་ཚན་རྗེས་མ།:ཞའོ་ཡིའུ་ཚའེ་ཡིས་སྲིད་གྲོས་ཨུ་ཡོན་ཚོ་ཆུང་གི་གྲོས་འཆར་ལ་གསན།
  • དོ་སྣང་ཆེ་བའི་རྩོམ།