དམངས་ཆེན་འཐུས་མི་བཞིའི་སེམས་ཀྱི་སྒྲ་དབྱངས།

​སྐལ་ཐུབ་དང་ཨོ་རྒྱན། ཀུན་དགའ། ཡེ་ཤེས་བཅས་ཀྱིས།        2021-02-05

  

དམངས་ཆེན་འཐུས་མི་བཞིའི་སེམས་ཀྱི་སྒྲ་དབྱངས།

  སྤྱི་ཟླ2པའི་ཚེས3ཉིན་གྱི་ཕྱི་དྲོར། ཁུལ་སྐབས་བཅུ་གཉིས་པའི་དམངས་ཆེན་གྲོས་ཚོགས་ཐེངས་ལྔའི་འཐུས་མི་བཞི་ཡིས་འཐུས་མིའི་བགྲོད་ལམ་བརྒྱུད་དེ་དམངས་ཀྱི་བློ་འདོད་དང་མ་འོངས་པའི་བསམ་འདུན་གླེང་བ་རེད།   

དམངས་ཆེན་འཐུས་མི་བཞིའི་སེམས་ཀྱི་སྒྲ་དབྱངས།

དཔལ་ཡུལ་རྫོང་ཁོངས་འབྲི་ཆུའི་པད་དགེའི་འཁྱིལ་མཚོའི་གནོད་རྗེས་བསྐྱར་འཛུགས་ལས་དོན་ཡོངས་སུ་གྲུབ་ཡོད།

    ཁུལ་དམངས་ཆེན་འཐུས་མི། དཔལ་ཡུལ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཨ་གཡང་དོན་འགྲུབ་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་ཚེ་འདི་ལྟར་བཤད་པ་སྟེ། དཔལ་ཡུལ་རྫོང་གིས་ན་ལོའི་ཟླ་བ12པའི་ཚེས31ཉིན་ལ། གྲོང་རྡལ3དང་ཡུལ་ཤོག3གྱི་མི7500ལྷག་དང་འབྲེལ་བ་ཡོད་ཅིང་། རིམ་རྩིས་ཀྱིས་མ་དངུལ་སྒོར་དུང་ཕྱུར3.8བཏང་ནས་གནོད་རྗེས་བསྐྱར་འཛུགས་དམངས་འཚོའི་ལས་གཞི་ཁག39ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་ཡོད། དཔལ་ཡུལ་རྫོང་གིས་གནོད་རྗེས་བསྐྱར་འཛུགས་ཀྱི་ཁྲོད་དུ་རྩ་བ་གཅིག་དང་འགག་རྩ་གཉིས། ནང་སྲོལ་གསུམ། གནད་འགག་ཐུག་ས་བཞི་བཅས་ཀྱི་ལས་དོན་བཀོད་སྒྲིག་ལ་དམིགས་ནས་ལས་གཞི་སྐུལ་འདེད་མགྱོགས་ཤིང་འཛུགས་སྐྲུན་སྤུས་ཀ་བཟང་བ། ལེ་ལག་ཆ་སྒྲིག་ཐད་འགན་སྲུང་འདང་བ། མང་ཚོགས་ཡི་རང་ཚད་མཐོ་བ་བཅས་ཀྱི་གྲུབ་འབྲས་ཐོབ་ཡོད། གནོད་ཐེབས་མང་ཚོགས་ཀྱི་སྡོད་ཁང་དང་ཆུ་གློག་ལམ་གསུམ། འཕྲིན་གཏོང་སོགས་ཡུལ་སྡེའི་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་ཆེན་པོ་བྱུང་ཞིང་། སློབ་གསོ་དང་སྨན་བཅོས་གཙོས་པའི་སྤྱི་པའི་ཞབས་ཞུའི་འགན་སྲུང་ནུས་པ་ཡང་ཁྱོན་ཡོངས་ནས་བསྐྱར་གསོ་ཐུབ་ཡོད། མ་འོངས་པར་དཔལ་ཡུལ་རྫོང་གིས་ཁུལ་ཨུའི་ལས་ཀ་སྤྱིའི་བཀོད་སྒྲིག་ལ་དམིགས་ནས་སྐྱེ་ཁམས་དམིགས་སུ་བཀར་ནས་འབྱུང་འཕྲོད་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་པ་དང་། རིམས་བབ་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་གང་ལེགས་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་དང་དམངས་འཚོ་ཆུ་ཚད་མཐོ་བའི་ལེགས་བཅོས་ཡོང་བ་བྱ་དགོས།

དམངས་ཆེན་འཐུས་མི་བཞིའི་སེམས་ཀྱི་སྒྲ་དབྱངས།

ཐབས་ལམ་གསུམ་གྱིས་ཕྲེང་སྟོད་དེ་ཁྱིམ་གཞིས་དྲོན་མོར་བསྐྲུན་དགོས།

     ཁུལ་དམངས་ཆེན་འཐུས་མི། ཕྱག་ཕྲེང་རྫོང་ཕྲེང་སྟོད་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཅན་ཧྭ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་ཚེ་འདི་ལྟར་བཤད་པ་སྟེ། ཕྲེང་སྟོད་གྲོང་རྡལ་གྱིས་མུ་མཐུད་དེ་སྐྱེ་ཁམས་དམིགས་སུ་བཀར་ནས་འབྱུང་འཕྲོད་འཕེལ་རྒྱས་གཏང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཡུལ་སྡེའི་ཡུལ་སྐོར་དང་ཡུལ་སྡེ་དར་རྒྱས་གཏོང་བ་མཉམ་འདྲེས་ཡོང་ཐབས་བྱ་དགོས།

   གཅིག་ནི་སྔར་ལྷག་གིས་ཕྲེང་སྟོད་ཀྱི་ཤམ་བྷ་ལ་ཆེན་པོའི་ཡུལ་སྐོར་ལྟེ་གནས་ཀྱི་ས་ཁོངས་ལེགས་ཆ་དང་བོད་སྡེ་ཞིང་རའི་Aབཞི་རིམ་པའི་ལྗོངས་ཁུལ་གྱི་ཐོན་ཁུངས་ལེགས་ཆ་མངོན་གསལ་བྱས་ཏེ། ཀྲུང་གོའི་སྤྲོ་གསེང་མྱོང་རོལ་ཡུལ་སྐོར་བྱེད་ཡུལ་བསྐྲུན་དགོས། གཉིས་ནི་དམངས་ཁྲོད་རིག་གནས་སྔོག་འདོན་གཏིང་ཟབ་བྱས་ཏེ། རིག་གནས་གསར་བཀོད་གླིང་ཁུལ་དང་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་སློབ་ཁང་། རིག་གནས་གསར་བཀོད་ལྟེ་གནས་བཅས་གསར་འཛུགས་བྱས་པར་བརྒྱུད་ནས་རིག་གནས་གསར་བཀོད་ཀྱི་ཐབས་ལམ་ཡག་པོ་གཉེར་དགོས། གསུམ་ནི་ཕྲེང་སྟོད་ཀྱི་ད་ཡོད་ཀྱི་དར་ཁུལ་གསུམ་དང་རྟེན་གཞི་གསུམ་གྱི་ལེགས་ཆར་བརྟེན་ནས་ཀུ་ཤུ་དང་རྒུན་ཆང་། རྒྱ་བོད་ལུགས་སྨན་རྫས། འབྲི་གཡག་གསོ་སྤེལ་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་ཞིང་། སྤྱི་གཉེར་ཁང་དང་ཀྲི་པུའུ། ཞིང་དུད་བཅས་ཟུང་དུ་སྦྲེལ་བའི་བྱེད་ཐབས་ཀྱིས་ཞིང་ལས་ཁྱད་ཆོས་ཐོན་རྫས་ཀྱི་ཐོན་ལས་ཡག་པོ་གཉེར་དགོས། གདོད་མའི་སྐྱེ་ཁམས་དང་གདོད་མའི་རིག་གནས། གཞིས་ཡོད་ཐོན་རྫས། གཞིས་ཆགས་གཞིས་མི་བཅས་རྒྱུན་འཛིན་དང་འཕེལ་རྒྱས་བྱ་རྒྱུའི་འདུ་ཤེས་བཅངས་ཏེ། མང་ཚོགས་ཞུགས་རྒྱ་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མཐར་ཐུག་ཁོར་ཡུག་སྦགས་བཙོག་མེད་ཅིང་རྒྱུན་སྲིང་འཕེལ་རྒྱས་ཡོང་བ་དང་། མང་ཚོགས་ལ་ཁེ་ཕན་ཐོབ་པ་བཅས་ཀྱི་དམིགས་འབེན་འགྲུབ་པར་བྱ་དགོས།

དམངས་ཆེན་འཐུས་མི་བཞིའི་སེམས་ཀྱི་སྒྲ་དབྱངས།

ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་མུ་མཐུད་དེ་བསྐྲུན་དགོས།

    ཁུལ་དམངས་ཆེན་འཐུས་མི། དར་མདོ་ཧྲེན་ཅེ་ཡུལ་སྐོར་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གི་སྤྱི་ཁྱབ་གཉེར་དཔོན་ལིའུ་ཅི་ཡུན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་ཚེ་འདི་ལྟར་བཤད་པ་སྟེ། སྔར་ལྷག་གིས་རང་ཁུལ་གྱི་དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་ཐད་གྲོས་འགོ་བཞི་འདོན་པ་ཡིན། གཅིག་ནི་ཁྱད་ཆོས་ཡུལ་སྐོར་ཐོན་ལས་དང་དེང་རབས་ཞིང་ལས་གླིང་ཁུལ། ཐོན་སྐྱེད་རྟེན་གཞི། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་བདེ་གསོ་སྤྲོ་གསེང་སོགས་ཀྱི་ཐོན་ལས་ལ་མུ་མཐུད་དེ་མ་དངུལ་ཐད་ཀྱི་གཟིགས་སྐྱོང་བྱ་རྒྱུ་དང་དེ་ཚོར་ཕྱིར་འཚོང་གི་དྲ་བའི་ལས་སྟེགས་བསྐྲུན་དགོས། གཉིས་ནི་ཡུལ་སྡེ་དར་རྒྱས་དང་ཡུལ་སྡེའི་ཡུལ་སྐོར་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གནས་གཅིག་ནས་ཕྱོགས་ཡོངས་ལ་ཁེབས་པའི་གཅིག་འདུ་ཕན་འབྲས་ཡོང་བ་དང་། ས་ཁོངས་ཁག་ཏུ་སྣེ་ཁྲིད་ཁེ་ལས་དང་ཁེ་ལས་ཆུང་གྲས། སྒེར་གཉེར་བཟོ་འཚོང་དུད་ཚོང་བཅས་ཟུང་དུ་སྦྲེལ་བའི་རྣམ་པ་ཆགས་པར་བྱ་དགོས། གསུམ་ནི་རྒྱལ་ཁབ་ཀྱི་མངའ་སའི་བར་ཁོངས་གསར་སྤེལ་དང་སྲུང་སྐྱོང་གི་སྤྱི་ཁྱབ་བཀོད་བབ་འཛུགས་ཤུགས་ཆེ་རུ་བཏང་ནས། དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་དང་ལས་གཞི་གསར་སྤེལ་བྱ་རྒྱུའི་ཐད་ལ་འདོད་དོན་ཡང་གྲུབ་ཅིང་སྒྲིག་སྲོལ་ལས་ཀྱང་མི་འགལ་བ་བྱ་དགོས། བཞི་ནི་རིམས་བབ་དུས་རིམ་དུ་ལས་མགོ་བསྐྱར་འཛུགས་དང་ཐོན་སྐྱེད་བསྐྱར་གཉེར་གྱི་གཞུང་ཁོངས་མིན་པའི་ཁེ་ལས་དང་། སྒེར་གཉེར་བཟོ་ཚོང་དུད་འཚོང་ལ་མུ་མཐུད་དེ་རིམས་བབ་དུས་རིམ་གྱི་ཁྲལ་བསྡུ་དང་སྤྱི་ཚོགས་འགན་སྲུང་། རིམས་བབ་དངུལ་བུན་བཅས་ཀྱི་རོགས་སྐྱོར་སྲིད་ཇུས་ལག་ལེན་བསྟར་བ་དང་ཆབས་ཅིག རིམས་བབ་ཀྱི་དུས་རིམ་རྗེས་མར་གཞུང་ཁོངས་མིན་པའི་དཔལ་འབྱོར་ཉམས་གསོ་མགྱོགས་པོ་དང་འཕེལ་རྒྱས་བཟང་པོ་ཡོང་བའི་སྐུལ་ལྕག་དང་རོགས་སྐྱོར་སྲིད་ཇུས་མགྱོགས་པོར་བཟོ་དགོས།

དམངས་ཆེན་འཐུས་མི་བཞིའི་སེམས་ཀྱི་སྒྲ་དབྱངས།

གཏན་སྲོལ་ཅན་གྱི་དབུལ་སྐྱོར་གནད་ལ་སྨིན་པས་དབུལ་ཞྭ་ཕུད་དེ་མང་ཚོགས་ཀྱི་སྐྱིད་སྣང་ཆེ་རུ་བཏང་།

    ཁུལ་དམངས་ཆེན་འཐུས་མི། གསེར་ཐར་རྫོང་རྒྱ་ཤོད་ཡུལ་ཤོག་རྒྱ་ཁོག་གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་སྐྱབས་སངས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་ཚེ་འདི་ལྟར་བཤད་པ་སྟེ། དབུལ་ཐར་འགག་སྒྲོལ་གྱི་འཐབ་ཇུས་ལག་ལེན་བསྟར་བ་ནས་བཟུང་། རྒྱ་ཁོག་གྲོང་སྡེས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པ་དང་ཐོན་ལས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གསོས་དབུལ་སྐྱོར་བྱེད་པ། ལས་ཞུགས་དབུལ་སྐྱོར་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་ཕྱོགས་བཞི་ནས་དབུལ་ཞྭ་ཕུད་དེ་མང་ཚོགས་ཀྱི་སྐྱིད་སྣང་ཆེ་རུ་བཏང་ཡོད། ལྷག་པར་ཉེ་བའི་ལོ་ཤས་རིང་རྒྱ་ཁོག་གྲོང་སྡེ་དང་ཝུན་ཅང་ཁུལ་དང་། གསེར་ཐར་རྫོང་གི་རོགས་སྐྱོར་སྡེ་ཚན་བར་ཏང་འཛུགས་རོགས་རེས་བྱས་ཏེ་ཏང་འཛུགས་བྱེད་སྒོ་སྤེལ་ཤུགས་ཆེ་རུ་བཏང་ཞིང་། སྲིད་ཇུས་ཀྱི་ཆ་འཕྲིན་མང་པོ་ཐོབ་པ་དང་མི་ཤུགས་དང་རྒྱུ་ཤུགས་ཐད་ཀྱི་རོགས་སྐྱོར་ཐོབ་པས་དབུལ་ཐར་འགག་སྒྲོལ་ལས་རྒྱལ་ཁ་ཐོབ་པར་ཡིད་ཆེས་ཆེ་རུ་སོང་ཡོད། རྡོ་མགོའི་ཕག་གསོ་རྟེན་གཞི་བསྐྲུན་པ་དང་། གསེར་ཐར་རྫོང་འོད་ཤུགས་དབུལ་སྐྱོར་དང་སྔོ་ཚལ་དྲོད་ཁང་འདེབས་གསོའི་རྟེན་གཞིར་རྐང་དངུལ་ཞུགས་ཡོད། གནས་ཚང་སྣེ་ལེན་དང་ཡུལ་སྐོར་ཞབས་ཞུའི་ས་ཚུགས་བརྒྱུད་ནས་ཐོན་ལས་གསུམ་པ་སྤེལ་ཏེ2020ལོར་གྲོང་སྡེ་རིམ་པའི་ཐོན་ལས་ཡོང་འབབ་སྒོར་ཁྲི16འཕར་ཡོད།

    དེར་མཚུངས་སློབ་གསོའི་བསམ་གཞིག་རྩད་ནས་འཕོ་འགྱུར་གཏོང་ཞིང་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། ས་གནས་དེ་གའི་ལས་ཞུགས་ལས་གནས་རྙེད་ཐབས་བྱེད་ཅིང་ལག་རྩལ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་ཞུགས་ཀྱི་འདུ་ཤེས་བསྒྱུར་ཡོད།

དམངས་ཆེན་འཐུས་མི་བཞིའི་སེམས་ཀྱི་སྒྲ་དབྱངས།

 

 

  • ལེ་ཚན་སྔོན་མ།:སྲིད་གྲོས་ཨུ་ཡོན་བཞིའི་སེམས་ཀྱི་སྒྲ་དབྱངས།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་ཁུལ་ཚོགས་ཆེན་གཉིས་ཀྱི་གྲོས་བསྡུར་ཚོ་ཆུང་འདིར་ཞུགས།
  • དོ་སྣང་ཆེ་བའི་རྩོམ།