ཁ་བྱང་མ་རྙེད་པའི་སྙན་ངག

རང་དཔལ་སྙིང་བྱམས།        2021-01-28

གཞན་དག་གཉིད་དུ་ཡུར་བའི་དུས་འདིར།

ངའི་སེམས་པ་རང་དབང་ན་མི་འདུག

རྟོད་ཐག་བཅད་དེ་བོར་བའི་ཁྱོད་ཀྱི་

རྟ་ཕོ་བཞིན་ང་ཡི་སེམས་པ་འདིའང་།

ལས་དབང་གི་མདུད་པ་བཅད་

ནས་བོར་སོང་།

དེ་ནས་བཟུང་།

ཁྱོད་ཀྱིས་རྟ་ཕོ་བཙལ་བ་ནང་བཞིན།

ངས་ཀྱང་རང་སེམས་འཚོལ་དགོས་བྱུང་།

འདི་ལྟར་ལམ་ལ་ཆས་པ་ནས།

ཁྱོད་ཀྱིས་རང་ཉིད་ཀྱི་རྟ་ཕོ་དང་མཉམ་དུ།

གདོང་ཐུག་བརྒྱབ་ན་འདོད་པ་ལྟར།

ངས་ཀྱང་རང་ཉིད་ཀྱི་སེམས་པ་འདི།

ཁྱོད་ཀྱི་བརྩེ་དུང་བཀོལ་ནས་རྙེད་ན་འདོད།


  • ལེ་ཚན་སྔོན་མ།:རས་པའི་མི་ཚེ།
  • ལེ་ཚན་རྗེས་མ།:གློག་འོད།