ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ཤེས་བྱ།

སྐལ་ཐུབ་ཀྱིས་བསྡུས་བསྒྱུར་བྱས།        2021-01-27

      2020ལོའི་ཟླ་བ12པའི་ཚེས31ཉིན་ལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས《2021ལོའི་ནགས་ཚལ་དང་རྩྭ་ཐང་མེ་འགོག་གི་བཀའ་རྒྱ》ཁྱབ་སྤེལ་བྱས་ཏེ། དེའི་ནང་གཏན་འབེབས་བྱས་དོན། ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་མེ་འགོག་གི་དུས་རིམ་ནི།ལོ་རེའི་ཟླ་བ10པའི་ཚེས་གཅིག་ཉིན་ནས་ཕྱི་ལོའི་ཟླ་བ6པའི་ཚེས3ཉིན་གྱི་བར་ཡིན། དེའི་ནང་དུ་ཟླ་བ་དང་པོའི་ཚེས་གཅིག་ཉིན་ནས་ཟླ་བ5པའི་ཚེས31ཉིན་བར་ནི་ནགས་ཚལ་དང་རྩྭ་ཐང་ལ་མེ་ཤོར་ཉེན་ཆེ་བའི་དུས་རིམ་ཡིན། ནགས་ཚལ་དང་རྩྭ་ཐང་ལ་མེ་འགོག་གི་དུས་རིམ་ནང་དུ། རི་རྒྱ་སྡོམ་པའི་ས་ཁོངས་སུ་མི་གང་མོས་འགྲོ་མི་ཆོག་པ་དང་། བྱེས་སུ་མེ་སྤྱོད་མི་ཆོག་ལ། ཐོན་སྐྱེད་དང་འཚོ་བའི་མེ་སྤྱོད་ལ་དོ་དམ་ནན་པོ་བྱ་དགོས། ནགས་ཚལ་མེ་འགོག་ས་ཁུལ་དུ་འགྲོ་བའི་མི་སྣ་དང་འཁོར་རིགས་ཡིན་ཕྱིན་ངེས་པར་དུ་རྩ་གཉིས་ཨང་རྟགས་བཤེར་ནས་ཐོ་འགོད་བྱས་ཏེ། མེ་འགོག་གི་ཞིབ་བཤེར་དང་ལེན་བྱ་དགོས། ནགས་ཚལ་དང་རྩྭ་ཐང་ལ་མེ་འགོག་གི་དུས་རིམ་ནང་དུ། ནགས་ཚལ་དང་རྩྭ་ཐང་ལ་མེ་འགོག་གི་ས་ཁོངས་ནང་དུ་སྒྲིག་སྲོལ་དང་འགལ་ནས་བྱེས་སུ་མེ་སྤྱོད་མཁན་ལ། དེ་འབྲེལ་གྱི་ཆད་པ་གཅད་རྒྱུ་དང་། མེ་སྐྱོན་ཤོར་ནས་བྱས་ཉེས་བསགས་པ་ཡིན་ན། ཚང་མ་ལ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏང་རྒྱུ་ཡིན། ནགས་ཚལ་དང་རྩྭ་ཐང་ལ་མེ་ཤོར་བའི་གནས་ཚུལ་མཐོང་ཚེ། དེ་མ་ཐག་ནགས་ཚལ་དང་རྩྭ་ཐང་ལ་མེ་ཤོར་བའི་ཉེན་གཏོང་ཁ་པར་ཨང་གྲངས12119རྒྱག་དགོས།


  • ལེ་ཚན་སྔོན་མ།:དཔལ་ཡུལ་རྫོང་གིས་རི་ཆུ་དང་ནགས་ཞིང་རྩྭ་ཐང་བཅས་རྒྱུད་རིམ་ལྡན་པས་བཅོས་སྐྱོང་བྱས།
  • ལེ་ཚན་རྗེས་མ།:མེ་མ་ཤོར་གོང་གི་མེ་རགས། རང་ཁུལ་གྱི་མེ་འགོག་གྲབས་སྦྱོང་།
  • དོ་སྣང་ཆེ་བའི་རྩོམ།