དཔལ་ཡུལ་རྫོང་གིས་རི་ཆུ་དང་ནགས་ཞིང་རྩྭ་ཐང་བཅས་རྒྱུད་རིམ་ལྡན་པས་བཅོས་སྐྱོང་བྱས།

དབྱངས་ཅན་གྱིས་བསྒྱུར།        2021-01-27

      ཉེ་བའི་ལོ་ཤས་རིང་། དཔལ་ཡུལ་རྫོང་གིས་ནུས་ཤུགས་གང་ཡོད་ཀྱིས་རི་ཆུ་དང་ནགས་ཞིང་རྩྭ་ཐང་སོགས་རྒྱུད་རིམ་ལྡན་པས་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་ནས། རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་དེ་ལེགས་བཅོས་བྱུང་བ་དང་། མཛེས་སྡུག་གི་དཔལ་ཡུལ་འཛུགས་སྐྲུན་བྱེད་པར་སྲ་ཞིང་བརྟན་པའི་གོམ་སྟབས་སྤོས་པ་རེད།

     རྫོང་ཡོངས་ཀྱིས་རིམ་བརྩིས་ཀྱིས་མ་དངུལ་སྒོར་ཁྲི7270བཏང་སྟེ་འབྲུ་ཆུའི་འགྲམ་རྒྱུད་ཀྱི་རི་ཉིལ་ཏེ་གནོད་སྐྱོན་ཐེབས་པའི་རྩི་ཤིང་ཉམས་གསོ་བྱ་རྒྱུའི་ལས་ཀར་སྐུལ་འདེད་བཏང་ནས། མིས་བཟོས་ནགས་སྐྲུན་དང་རི་རྒྱ་ནགས་གསོ་བྱ་རྒྱུ་མུའུ་ཁྲི4.56ལེགས་འགྲུབ་ཡོང་བ་དང་། རྫོང་ཁུལ་དུ་ལྗང་འགྱུར་རིམ་སྤར་མུའུ174.72དང་ལྗང་འགྱུར་རིམ་སྤར་སྤྱི་ལེ14ལེགས་འགྲུབ་ཡོང་ཞིང་། འབར་རོང་ཡུལ་ཤོག་ནས་རུ་དམ་གྲོང་སྡེ་བར་སོགས་ཀྱི་གཞུང་ལམ་ལྗང་འགྱུར་གྱི་ཨར་ལས་སྤྱི་ལེ16.5བསྐྲུན་ནས་རང་བྱུང་གནོད་སྐྱོན་འགོག་ནུས་ཇེ་དྲག་ཏུ་བཏང་ཡོད།

     ལོ་རེ་བཞིན་རྒྱལ་དབང་ནགས་ཤིང་དང་ཐུན་མོང་གི་སྤྱི་ཕན་ནགས་ཤིང་མུའུ་ཁྲི187.87 བདག་སྐྱོང་བྱེད་བཞིན་པ་དང་། རྩྭ་ཐང་བཀག་སྡོམ་གྱི་ཁ་གསབ་རོགས་དངུལ་མུའུ་ཁྲི380དང་། སྒོ་ཕྱུགས་སྙོམས་སྒྲིག་གི་བྱ་དགའ་མུའུ་ཁྲི417བཅས་ལག་ལེན་བསྟར་ནས། སྒོ་ཕྱུགས་ཀྱི་ཤོང་ཚད2015ལོའི་བརྒྱ་ཆ20.01ནས2020ལོའི་བརྒྱ་ཆ6.16བར་དམའ་རུ་ཕྱིན་ནས། རྫོང་ཡོངས་ཀྱི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་བྱེད་ཁུལ་གྱི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་དང་། ནགས་ལུང་མཚོ་རྒྱལ་ཁབ་རིམ་པའི་འདམ་རའི་གླིང་ཁུལ་གྱི་གྲས་སུ་ཚུད་ཡོད་པ་དངོས་སུ་ཆོག་མཆན་ཐོབ་པ་དང་། ནགས་ལུང་མཚོ་དང་། སྨེ་ལ་རྒྱ་མཚོ་སི་ཁྲོན་ཞིང་ཆེན་གྱི་ཆེས་དགའ་བསུ་ཐོབ་པའི་མཐོ་སྒང་གི་འདམ་རའི་མིང་ཐོར་བདམས་ཐོན་བྱུང་ཡོད་པ་རེད།

    ནགས་ཚལ་གྱི་སྲིད་དོན་ཁྲིམས་འཛིན་དང་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་གསོད་ཀྱི་ལས་ཀ་ནན་པོར་བསྒྲུབས་ཤིང་། བཅའ་ཁྲིམས་ལྟར་རིགས་སྣ་ཚོགས་ཀྱི་ཁྲིམས་འགལ་མི་སྣ56ལ་རྡུང་རྡེག་བཏང་ནས་སྐྱེ་ཁམས་ཐོན་ཁུངས་ལ་བདག་སྐྱོང་ནུས་ལྡན་བྱས་པ་དང་། ཁྱོན་ཡོངས་ནས་ཆུ་དཔོན་ལམ་ལུགས་ཀྱི་ལས་ཀ་དོན་འཁྱོལ་བྱས་ནས་འབྲི་ཆུའི་འབབ་རྒྱུད་གཙོ་བོ་དང་ཡན་ལག་འབབ་རྒྱུད་གཙོ་བོར་ལོ10རིང་ཉ་སོགས་འཛིན་པར་བཀག་བསྡོམས་བྱེད་པའི་བཀའ་རྒྱ་དོན་འཁྱོལ་ནན་པོ་བྱས་ཡོད། སྦགས་བཙོག་འགག་བཅོས་བྱེད་པའི་འཐབ་ཇུས་ཆེན་པོ་བརྒྱད་ཀྱི་ལས་ཀ་ཡག་པོ་བསྒྲུབས་ནས། རྫོང་ཡོངས་ཀྱི་མཁའ་དབུགས་ཀྱི་སྤུས་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསླེབས་ཏེ་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་དེ་བཟང་འགྱུར་བྱུང་བ་རེད།།

  • ལེ་ཚན་སྔོན་མ།:རྡུང་རྡེག་གི་མཉམ་ཤུགས་ཆགས་པར་བྱས་ཏེ། གྱོད་གཞིར་བརྟེན་ནས་འགོག་སྲུང་ལ་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ཤེས་བྱ།
  • དོ་སྣང་ཆེ་བའི་རྩོམ།