རང་ཁུལ་གྱིས་མ་དངུལ་སྒོར་ཁྲི25899བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་དགུན་ཡག་པོ་བརྒལ་ཐུབ་པ་འགན་ལེན་བྱས།

ཡེ་ཤེས་ཀྱིས་བསྒྱུར།        2021-01-21

      ཉེ་ཆར། ཁུལ་དམངས་སྲིད་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཁུལ་དམངས་སྲིད་ཅུས་དང་ཁུལ་ནོར་སྲིད་ཅུས་ཀྱིས2021ལོའི་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་ཁྲི25899གཤམ་སྤྲོད་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི20ལྷག་ཙམ་ལ་ཕན་པ་ཐོབ་ནས“དྲོ་སྐྱིད་ལྡན་པའི་དགུན་ཁ་ཞིག་བརྒལ་ཐུབ་པའི”འགན་ལེན་བྱས་པ་རེད།

     ཐེངས་འདིའི་གཤམ་སྤྲོད་བྱས་པའི་མ་དངུལ་རྣམས་གྲོང་ཡུལ་གྱི་མ་མཐའི་འཚོ་རྟེན་འགན་སྲུང་དང་། དམིགས་བསལ་དཀའ་ངལ་ཡོད་པའི་འཚོ་སྐྱོང་། སྐབས་འཕྲལ་རོགས་སྐྱོབ། སྤྲང་འཁྱམ་རིགས་ལ་རོགས་སྐྱོབ་བྱེད་པ། (ཞིང་སྡེའི་གཞིས་ལུས་བྱིས་པ་དང་། དཀའ་ངལ་ཡོད་པའི་བྱིས་པ། སྤྲང་འཁྱམ་བྱིས་པ་བཅས་ཀྱི་མཁོ་བསྟུན་ཐག་གཅོད་དང་། སྐྱོབ་རོགས་རོགས་སྐྱོར། ལྟ་སྐྱོང་རྒྱབ་སྐྱོར། བསམ་པའི་གཅེས་སྐྱོང་སོགས་ལོ་ན་མ་སོན་པའི་སྐྱེ་བོའི་སྤྱི་ཚོགས་སྲུང་སྐྱོང་གི་གཏོང་སྒོ)དང་དྭ་ཕྲུག(དེའི་ནང་ཨེ་ཙེའི་ནད་ཀྱི་ནད་དུག་འགོས་པའི་བྱིས་པ་དང་། འཚོ་བར་དཀའ་ངལ་ཡོད་པའི་ཁྱིམ་ཚང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་དང་བསྙེན་བཀུར་བྱེད་པའི་ཁྱབ་ཁོངས་བཅས་ཚུད་པའི་དོན་དངོས་ཐོག་ཕྲུ་གུ་གསོ་སྐྱོང་བྱེད་མཁན་མེད་པ)བཅས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་ཐད་བཏང་བ་རེད།

  • ལེ་ཚན་སྔོན་མ།:རང་རྒྱལ་གྱིས་བྱེད་ཐབས6སྤྱད་ནས་དཀའ་ངལ་ཡོད་པའི་མང་ཚོགས་བློ་བདེ་པོའི་ངང་ལོ་སར་གཏང་ཐུབ་པ་འགན་ལེན་བྱས།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་གྱི་ལྗོངས་ཁུལ5ཡི་སྤུས་རིམ་སྤར་རྩིས་ཡོད།
  • དོ་སྣང་ཆེ་བའི་རྩོམ།