རང་ཁུལ་གྱིས་དམངས་འཚོ་འགན་ལེན་ཆུ་ཚད་མཐོ་རུ་བཏང་ནས་རྒན་གསོའི་ཞབས་ཞུའི་མ་ལག་ཤུགས་ཆེན་བཙུགས།

བདེ་སྐྱིད་ཀྱིས་བྲིས།        2021-01-20

     ཉེ་ཆར། གསར་འགོད་པས་ཁུལ་དམངས་སྲིད་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་རང་ཁུལ་གྱི་གྲོང་ཁྱེར་དང་ཡུལ་ཤོག་གི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་ཁག་བགོས་ནས་ཟླ་རེར་སྒོར590དང་ཟླ་རེར་སྒོར390མཐོ་རུ་བཏང་ཡོད་པས། ཁུལ་ཡོངས་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་གྱི་མི161776ལ་འགན་ལེན་བྱས་ཤིང་། རིམ་རྩིས་བྱས་ན་མ་མཐའི་འཚོ་བ་འགན་ལེན་གྱི་མ་དངུལ་སྒོར་ཁྲི51014.11སྤྲད་ཡོད་པ་རེད། དེའི་ནང་དབུལ་ཐར་འགག་སྒྲོལ་གྱི་འགན་ལེན་བྱ་ཡུལ་གྱི་མི78085ལ་འགན་ལེན་བྱས་པ་ལས་མ་དངུལ་སྒོར་ཁྲི22404.44སྤྲད་ཡོད། ལོ་ཧྲིལ་པོར་མི24219ལ་རོགས་སྐྱོར་བྱས་ནས་རོགས་སྐྱོར་མ་དངུལ་སྒོར་ཁྲི1887.31སྤྲད་ཡོད་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། རང་ཁུལ་གྱི་གྲོང་ཁྱེར་དང་ཡུལ་ཤོག་གི་དཀའ་ངལ་ཆེ་བའི་འགན་ལེན་མི་སྣའི་གཞི་རྩའི་འཚོ་བའི་ཚད་གཞི་དེ་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞིའི་ལྡབ1.3ལས་མི་དམའ་བར་ལག་བསྟར་བྱས་ཏེ། ཁག་བགོས་ནས་ཟླ་རེར་སྒོར767དང་ཟླ་རེར་སྒོར507ལ་སླེབས་ཡོད་པ་ལས། གྲོང་ཁྱེར་དང་ཡུལ་ཤོག་གི་དཀའ་ངལ་ཆེ་བའི་མི་སྣ8885ལ་འགན་ལེན་མ་དངུལ་སྒོར་ཁྲི5720ལྷག་ཙམ་སྤྲད་ཡོད་པ་དང་། རྒན་གསོའི་ཞབས་ཞུའི“ཁ་གསབ་བཞི”ཡི་མ་དངུལ་སྒོར་ཁྲི633.608དོན་འཁྱོལ་བྱས་པ་རེད།

     དུས་མཚུངས་སུ། གཅིག་སྡུད་བསྙེན་བཀུར་དང་ཁ་ཐོར་གྱི་བྱེད་ཐབས་ལ་བརྟེན་ནས་དྭ་ཕྲུག་འཚོ་སྐྱོང་བྱེད་པའི་ཆེ་དམའ་བའི་གསོ་སྐྱོང་གི་ཚད་གཞི་ཟླ་རེར་སྒོར1400དང་ཟླ་རེར་སྒོར900ལ་ཟིན་པ་དང་། དྭ་ཕྲུག་ལ་ཁྱོན་བསྡོམས་འགན་ལེན་མ་དངུལ་སྒོར་ཁྲི1628.53སྤྲད་ཡོད། ཟླ་རེར་ཚད་གཞིར་སྒོར900ལྟར་བྱས་ནས་དོན་གཉེར་བྱེད་མཁན་མེད་པའི་ཕྲུ་གུར་གཞི་རྩའི་འཚོ་བའི་མ་དངུལ་སྒོར་ཁྲི67.2612སྤྲད་པ་རེད། དབང་པོ་སྐྱོན་ཅན་མི་སྣའི“ཁ་གསབ་གཉིས་”ཀྱི་སྲིད་ཇུས་ལག་ལེན་བྱས་ཏེ་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་མི་སྣའི་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི1419.76བྱིན་པ་དང་། དབང་པོ་སྐྱོན་ཅན་ཚབས་ཆེན177997ལ་ནད་གཡོག་ཁ་གསབ་སྒོར་ཁྲི1067.34སྤྲད་ཡོད། འབྱུང་འཕྲོད་ཀྱི་དམངས་ཕན་པུར་འཇུག་གི་སྲིད་ཇུས་ལག་བསྟར་བཏང་ནས་ཁ་གསབ་མ་དངུལ་སྒོར་ཁྲི17.5དོན་འཁྱོལ་བྱས་པ་རེད།།

  • ལེ་ཚན་སྔོན་མ།:དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ཡུལ་སྡེ་དར་རྒྱས་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏང་དགོས།
  • ལེ་ཚན་རྗེས་མ།:མི་དམངས་ཉེན་རྟོག་པས་སྡེ་དགེ་རྫོང་གི་ཟོག་མགོ་གྲངས9000ལྷག་འབྲོག་ར་སྤོ་བར་ལྟ་སྐྱོང་བྱས།
  • དོ་སྣང་ཆེ་བའི་རྩོམ།