གསེར་ཐར་རྫོང་གིས་བྱེད་ཐབས་གསུམ་སྤྱད་དེ་ཞིང་སྡེའི་འཐུང་ཆུ་འགན་ལེན་ཏན་ཏིག་བྱས།

ཡེ་ཤེས་ཀྱིས་བསྒྱུར།        2021-01-18

    ཞིང་སྡེའི་འཐུང་ཆུ་ཉེན་མེད་ཡོང་བར་འགན་ལེན་བྱ་ཆེད། གསེར་ཐར་རྫོང་གིས་འབྲོག་ཁུལ་གྱི་དོན་དངོས་ལ་དམིགས་ཏེ་སྡེ་ཁག་གི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་ཅིང་། བྱ་ཐབས་ཁག་གསུམ་གྱི་ཐོག་ནས་ཤུགས་བརྒྱབ་སྟེ་ཞིང་སྡེའི་འཐུང་ཆུའི་ཉེན་མེད་ཡོང་བའི་འགན་ལེན་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་རེད།

    ཞིང་སྡེའི་འཐུང་ཆུའི་ཞན་ཆ་གསབ་སྣོན་བྱས་པ། མ་དངུལ་སྒོར་ཁྲི11110.680875བཏང་སྟེ་རྫོང་ཡོངས་ཀྱི་ཡུལ་ཤོག་དང(གྲོང་རྡལ)16གི་ཞིང་སྡེའི་འཐུང་ཆུའི་ལས་གྲྭ་ཁག4སྲ་བརྟན་རིམ་སྤོར་བྱས་པ་དང་། ཁྲོན་པ་དང་ཆུ་སྦུག་ཁག279ལ་ཉམས་གསོ་བདག་སྐྱོང་བྱས་ནས་ཞིང་སྡེའི་འཐུང་ཆུ་ཁྱོན་ཡོངས་ལ་མཁོ་འདོན་བྱེད་ཐུབ་པར་འགན་ལེན་བྱས་པ་རེད། མིག་སྔར། རྫོང་ཡོངས་ཀྱི་ཞིང་སྡེར་གཅིག་སྡུད་ཀྱིས་ཆུ་མཁོ་འདོན་བྱེད་ཚད་བརྒྱ་ཆ100ལ་སླེབས་ནས་མི་འབོར་དབུལ་པོའི་འཐུང་ཆུ་ཉེན་མེད་ཡོང་བའི་གནད་དོན་ཐག་གཅོད་བྱུང་ནས། སྤུས་ཚད་མཐོན་པོའི་སྒོས་འཐུང་ཆུ་ཉེན་མེད་ཀྱི་ཡོངས་ཁྱབ་ཞིབ་བཤེར་ཐུབ་ཡོད།

     ཞིང་སྡེའི་འཐུང་ཆུ་དོ་དམ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། ཞིང་སྡེའི་འཐུང་ཆུ་ཉེན་མེད་ཡོང་བའི་ཨར་ལས་འཁོར་སྐྱོད་དོ་དམ་བྱེད་ཐབས་དང་ཆུ་རིན་བསྡུ་ལེན་བྱེད་པའི་འབྲེལ་ཡོད་ཁྲིད་སྟོན་ཡིག་ཆ3དཔར་འགྲེམས་བྱས་ཤིང་། ཞིང་སྡེའི་ཆུ་མཁོ་འདོན་ཨར་ལས་ཀྱི་དོ་དམ་སྲུང་སྐྱོང་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ཞིང་སྡེའི་འཐུང་ཆུའི་ཨར་ལས་ལ་རིམ་བཞིན་དོ་དམ་བྱེད་མཁན་དང་། དོ་དམ་བྱེད་གླ། དོ་དམ་ལམ་ལུགས་བཅས་ཡོད་ཐུབ་པ་བྱུང་སྟེ་ཨར་ལས་འཛུགས་སྐྲུན་བྱས་རྗེས་དོ་དམ་སྲུང་སྐྱོང་བྱེད་ཐབས་ཞན་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་རེད།

    ཞིང་སྡེའི་འཐུང་ཆུ་ལྟ་སྐུལ་སློབ་སྟོན་བྱེད་ཤུགས་ཆེ་རུ་བཏང་བ། ཁྱོན་ཡོངས་ནས་ཚན་པའི་ཁོངས་མི4དང་ལས་བྱེད་པ8ཀྱིས་ཞིང་སྡེའི་འཐུང་ཆུའི་ཉེན་མེད་ཡོང་བའི་དབུལ་ཐར་འགག་སྒྲོལ་གྱི་ས་ཁུལ་ཁག་བགོས་ནས་འགན་གཙང་ལེན་བྱེད་པའི་འབྲེལ་གཏུག་ལས་དོན་ཚོ་ཆུང4བཙུགས་ནས། གནད་དོན་ཕྱོགས་སྟོན་བྱས་ཏེ་ཟླ་བ་རེར་འཐུང་ཆུ་ཉེན་མེད་ཡོང་བའི་འགན་ལེན་གཙང་བཤེར་ཐེངས་རེ་བྱ་དགོས་པ་དང་། གནས་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་ཅིང་། ཁྱིམ་དུད་ཁྲི1.11གི་མི་ཁྲི5.2ཀྱི་འཐུང་ཆུ་ཉེན་མེད་ཡོང་བ་འགན་སྲུང་དང་ཡོངས་ཁྱབ་ཞིབ་བཤེར་བྱེད་པའི་ལས་དོན་ལེགས་འགྲུབ་བྱུང་བ་དང་ཞིང་སྡེའི་འཐུང་ཆུ་ཉེན་མེད་ཡོང་བའི་མཚོན་རྟགས3500སྦྱར་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:དཔལ་ཡུལ་རྫོང་གིས་ཞིང་འབྲོག་ས་ཁུལ་དུ་དྲྭ་ཐོག་དང་དྲྭ་འོག་ལ་ཚོང་འདུས་དམངས་ཕན་གྱི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:དགུན་གྱི་རང་མདངས།
  • དོ་སྣང་ཆེ་བའི་རྩོམ།