དཔལ་ཡུལ་རྫོང་གིས་ཞིང་འབྲོག་ས་ཁུལ་དུ་དྲྭ་ཐོག་དང་དྲྭ་འོག་ལ་ཚོང་འདུས་དམངས་ཕན་གྱི་བྱེད་སྒོ་སྤེལ།

དབྱངས་ཅན་གྱིས་བསྒྱུར།        2021-01-18

དཔལ་ཡུལ་རྫོང་གིས་ཞིང་འབྲོག་ས་ཁུལ་དུ་དྲྭ་ཐོག་དང་དྲྭ་འོག་ལ་ཚོང་འདུས་དམངས་ཕན་གྱི་བྱེད་སྒོ་སྤེལ།

པར་འདི་ནི་དམངས་ཕན་བྱེད་སྒོ་སྤེལ་ཡུལ་རེད།

      དཔྱིད་གསར་དུས་ཆེན་དང་བོད་ལོ་སར་ཚེས་ལ་ཉེ་སྐབས། རྒྱ་ཆེ་བའི་མང་ཚོགས་ཀྱི་འཛད་སྤྱོད་ཀྱི་སྤྲོ་སེམས་སྔར་ལས་ལྷག་པར་སྐུལ་སློང་བྱས་ཏེ་ནང་མཁོ་སྒུལ་ཤུགས་གློད་འགྲོལ་བཏང་ནས་རིམས་ཚུལ་གྱི་ཤུགས་རྐྱེན་དངོས་སུ་དམའ་རུ་ཕྱིན་ཐུབ་པ་དང་། དཔལ་ཡུལ་རྫོང་གི་འཛད་སྤྱོད་ཚོང་རའི་ཡོང་འབབ་འཕར་བར་ཕན་འབྲས་ཐོབ་ཆེད། མིག་སྔར་དུས་ཡུན་ཉིན་བཅུ་རིང་གི་ཞིང་འབྲོག་ས་ཁུལ་དུ་དྲྭ་ཐོག་དང་ཡུལ་དངོས་ཀྱི་ཚོང་འདུས་བྱེད་སྒོའི་མཇུག་བསྒྲིལ་བ་རེད། ཐེངས་འདིའི་བྱེད་སྒོའི་ཁྲོད་དྲྭ་ཐོག་ཏུ་བསྡོམས་པས་བྲིན་འཚོང་བྱས་ཚད་སྒོར་ཁྲི40ལ་སླེབས་པ་དང་ཡུལ་དངོས་སུ་འཛད་སྤྱོད་བྱས་ཚད་བསྡོམས་པས་སྒོར་ཁྲི64ལ་སླེབས་ནས་བསྡོམས་པས་འཛད་སྤྱོད་བྱས་ཚད་སྒོར་ཁྲི100ལ་ཟིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་དེ་ཁུལ་ཚོང་དོན་དང་དཔལ་འབྱོར་མཉམ་ལས་ཅུས།དཔལ་ཡུལ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། དཔལ་ཡུལ་རྫོང་དཔལ་འབྱོར་ཆ་འཕྲིན་དང་ཚོང་དོན་མཉམ་ལས་ཅུས་ཀྱི་སྒྲུབ་འགན་ཁུར་བ། རྒྱལ་ཁབ་རིམ་པའི་གློག་རྡུལ་ཚོང་དོན་ཞིང་སྡེར་སྤེལ་བའི་ཕྱོགས་བསྡུས་དཔེ་སྟོན་ལས་གཞིའི་ལས་སྒྲུབ་ཚོ་ཆུང་སྟེ་སི་ཁྲོན་ཕིང་ཁྲེང་སློབ་གསོའི་བློ་འདྲི་ཚད་ཡོད་སྤྱི་གཉེར་ཁང་གིས་རོགས་སྒྲུབ་བྱས་པ་རེད།

བྱེད་སྒོ་དེ་ཡུལ་དེའི་ཞིང་ལས་ཁྱད་ཐོན་དངོས་རྫས་དང་། རྒྱུན་མཁོའི་ཚོང་ཟོག་སྣ་མང་། ཁྱིམ་སྤྱོད་གློག་ཆས་སོགས་ཐོན་སྐྱེད་དང་བྲིན་འཚོང་བྱེད་སའི་ལས་སྟེགས་འཛུགས་པར་དམིགས་ནས། འཛད་སྤྱོད་ཀྱི་གསབ་དངུལ་ཡོད་པའི་བྱེད་སྟངས་བརྒྱུད་ནས་ཡུལ་དེའི་མི་སེར་ཚོར་གཟིགས་སྐྱོང་ཆེ་བའི་རིན་གོང་ཐོག་ནས་བློར་བབ་པའི་ལོ་སར་གྱི་དངོས་ཟོག་ཉོ་རུ་འཇུག་པ་རེད། འཛད་སྤྱོད་ལ་སྐུལ་འདེད་བཏང་སྟེ་དམངས་ཀྱི་འཚོ་བར་ཕན་པ་དང་དབུལ་ཐར་ཡོང་བར་རོགས་རམ་བྱེད་པ་ཡིས་གཙོ་དོན་བྱས་ནས། གྲོང་སྡེའི་འཛད་སྤྱོད་ཚོང་ར་ཕུན་སུམ་ཚོགས་ཤིང་རྫོང་ཡོངས་ཀྱི་འཛད་སྤྱོད་པར་ཆེས་དམའ་བའི་རིན་གོང་ཐོག་ནས་ཕན་འབྲས་ཇེ་དྲག་ཏུ་ཕྱིན་པར་སྐུལ་འདེད་བཏང་བ་དང་། རྫོང་ཡོངས་ཀྱི་དབུལ་ཐར་ཕྱུག་འགྱུར་གྱི་ནང་མཁོ་སྒུལ་ཤུགས་སྐུལ་སློང་བཏང་ནས་དབུལ་ཐར་འགག་སྒྲོལ་ལ་ཤུགས་བསྣན་པ་རེད། བྱེད་སྒོ་སྤེལ་རིང་དུ་དཔལ་ཡུལ་རྫོང་གིས་མཉམ་ལས་ཚོང་ཁང་དང་སྟབས་བདེའི་ཁྲོམ་ར་སོ་སོས་སྤུས་ལེགས་དང་རིན་གོང་ཁེ་བའི་ལོ་སར་གྱི་དངོས་ཟོག་བཤམས་ནས། ལམ་འགྲུལ་མང་པོའི་ཡིད་དབང་བཀུགས་ནས་དངོས་ཟོག་ཉོ་སྒྲུབ་བྱས་ཤིང་ཡུལ་དངོས་སུ་ལོ་སར་གྱི་རྣམ་པ་རབ་ཏུ་ཁེངས་བཞིན་ཡོད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་བྱེད་ཤུགས་ཆེ་རུ་བཏང་།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་གིས་བྱེད་ཐབས་གསུམ་སྤྱད་དེ་ཞིང་སྡེའི་འཐུང་ཆུ་འགན་ལེན་ཏན་ཏིག་བྱས།
  • དོ་སྣང་ཆེ་བའི་རྩོམ།