རང་རྒྱལ་གྱིས་རིམ་རྩིས་བྱས་ན་ཏོག་གསར་གྱི་རིམས་འགོག་སྨན་ཁབ་ཁྲི900ལྷག་ཙམ་བརྒྱབ་ཡོད།

ཡེ་ཤེས་ཀྱིས་བསྒྱུར།        2021-01-14

   ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་བ་དང་པོའི་ཚེས9ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་འཛིན་ལམ་སྲོལ་གྱི་ཚན་ཞིབ་འགག་སྒྲོལ་ཚོགས་ཆུང་གི་རིམས་འགོག་སྨན་ཁབ་ཞིབ་སྤེལ་ཆེད་དོན་ཚན་པའི་འགན་འཁུར་བ་ཙེང་དབྱི་ཞིན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་འཛིན་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར། ན་ནིང་གི་ཟླ་བ12ཚེས15ཉིན་ནས་བཟུང་། རང་རྒྱལ་གྱིས་གཙོ་གནད་མི་ཚོགས་ལ་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་མགོ་བཙུགས་ཤིང་། ད་བར་རྒྱལ་ཡོངས་ཀྱི་གཙོ་གནད་མི་ཚོགས་ལ་སྨན་ཁབ་ཁྲི750ལྷག་བརྒྱབ་ཟིན་པའི་ཐོག དེ་སྔོན་ཉེན་ཁ་ཆེ་བའི་མི་ཚོགས་ལ་དམིགས་ནས་སྨན་ཁབ་ཁྲི160ལྷག་བརྒྱབ་པ་བསྣན་ན། རང་རྒྱལ་དུ་ཏོག་གསར་གྱི་རིམས་འགོག་སྨན་ཁབ་ཁྲི900ལྷག་ཙམ་བརྒྱབ་ཡོད། རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་རིང་། ང་ཚོས་སྨན་ཁབ་རྒྱག་ས་བཀོད་སྒྲིག་བྱེད་སྟངས་ཚད་ལྡན་དུ་གཏོང་བ་དང་། རིམས་འགོག་སྨན་ཁབ་རྒྱག་མཁན་ལ་ཚད་དང་ལྡན་པའི་སྒོ་ནས་གསོ་སྦྱོང་ནན་པོ། སྨན་ཁབ་རྒྱག་ཡུལ་འདེམས་སྒྲུག སྨན་ལོག་བྱུང་བར་ལྟ་ཞིབ་ཚད་ལེན། འཚུབ་བསྟུན་མྱུར་སྐྱོབ། སྨན་ལོག་ཚབས་ཆེ་བར་རིགས་གཅིག་མཁས་ཅན་གྱིས་ལྷན་འཛོམས་ནད་དཔྱད་སོགས་ཀྱི་ལམ་ལུགས་རབ་དང་རིམ་པ་བཟོས་ཏེ། སྨན་ཁབ་རྒྱག་པའི་ལས་དོན་བདེ་བླག་ངང་སྤེལ་བའི་འགན་ལེན་བྱས་ཡོད་ཅེས་གསུངས་པ་རེད།

   ཙེང་དབྱི་ཞིན་གྱིས་ཏོག་གསར་རིམས་འགོག་སྨན་ཁབ་ཁྲི900ལྷག་ཙམ་བརྒྱབ་པས་རང་རྒྱལ་གྱི་ཏོག་གསར་གྱི་རིམས་འགོག་སྨན་ཁབ་ལ་ཉེན་མེད་རང་བཞིན་ཅུང་ཡག་པོ་ཡོད་པ་སླར་ཡང་ར་སྤྲོད་ཐུབ་ཡོད། ཆ་རྐྱེན་ཟུར་སྦྱར་ཡོད་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཁྲོམ་རར་འདོན་པ་དང་ལྷག་པར་དུ་ཐོན་སྐྱེད་མཁོ་སྤྲོད་འགན་ལེན་ནུས་པ་རིམ་བཞིན་ཆེ་རུ་འགྲོ་བ་དང་ཆབས་ཅིག་རང་རྒྱལ་གྱིས་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་ཁྱབ་སྤེལ་ཆེ་བའི་མི་ཚོགས་དང་། ཉེན་ཁ་ཆེ་བའི་མི་ཚོགས། སྤྱིར་བཏང་གི་མི་ཚོགས་བཅས་ལ་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་སྐུལ་འདེད་གཏང་རྒྱུ་དང་། དམངས་ཡོངས་ལ་རིན་པ་མི་དགོས་པར་སྨན་ཁབ་རྒྱག་རྒྱུ་ཡིན་ཞིང་། གོ་རིམ་ལྡན་པའི་ངང་སྨན་ཁབ་བརྒྱབ་སྟེ་ཆ་རྐྱེན་དང་མཐུན་པའི་མང་ཚོགས་རྒྱག་བསམ་ཚད་ཚང་མས་རྒྱག་ཐུབ་པ་མངོན་འགྱུར་བྱུང་ནས་རིམས་འགོག་སྲུང་ཡོལ་བཙུགས་ཏེ་རྒྱལ་ནང་དུ་ཏོག་གསར་མཆེད་པ་བཀག་འགོག་བྱ་དགོས།

 

  • ལེ་ཚན་སྔོན་མ།:རོང་བྲག་རྫོང་གིས་དོ་དམ་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གཞུང་ལམ་ཐོགས་འགག་མེད་པར་ཁག་ཐེག་བྱས།
  • ལེ་ཚན་རྗེས་མ།:རི་ཆེན་གྱིས་བདེན་དཔང་བྱས་པའི་འགྲིམ་འགྲུལ་གྱི་འཕེལ་འགྱུར།
  • དོ་སྣང་ཆེ་བའི་རྩོམ།