2035ལོའི་དཀར་མཛེས་ཁུལ་འདི་འདྲ་ཞིག་ཡིན་རྒྱུ་རེད།

སྐལ་ཐུབ་ཀྱིས་བསྒྱུར།        2021-01-12

   2035ལོར་རྒྱང་ལྟ་བྱེད་ཚེ། དཀར་མཛེས་ཁུལ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་རྒྱུ་རེད། དཔལ་འབྱོར་དངོས་ཤུགས་ཇེ་ཆེར་འགྲོ་བ་དང་། ཆ་འཕྲིན་ཅན་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་དང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར2020ལོའི་རྨང་གཞིའི་ཐོག་ལྡབ་གཅིག་ཡན་འཕར་བ།གཞི་རྩའི་སྤྱི་པའི་ཞབས་ཞུ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལ་ཧ་ལམ་བསླེབ་ཐུབ་པ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་བ་དང་། ཁྲིམས་སྐྱོང་དཀར་མཛེས་ཁུལ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་རྩའི་ཆ་ནས་བསྐྲུན་ཐུབ་ཡོད་པ། དུས་བདེའི་དཀར་མཛེས་ཁུལ་འཛུགས་སྐྱོང་ཆུ་ཚད་དེ་བས་མཐོ་བ། རྒྱལ་དམངས་ཀྱི་བྱང་ཚད་དང་སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚད་མཐོ་ཚད་གསར་པ་ཞིག་ཏུ་བསླེབ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཅིང་། མཐུན་སྒྲིལ་ཤེས་དཔལ་གྱི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་བ། ལྷད་མེད་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་རྒྱ་ཁྱབ་ངང་ཆགས་པ་དང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་དེ་ཡག་པོ་འབྱུང་བ། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དེ་བས་བརྟན་དུ་འགྲོ་བ་དང་། མཛེས་སྡུག་དང་སྐྱེ་ཁམས་ཀྱི་དཀར་མཛེས་ཁུལ་འཛུགས་སྐྲུན་གྱི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་བ། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་ཡོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་ཧེ་བག་མངོན་གསལ་དོད་པོས་ཆུང་དུ་འགྲོ་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་དེ་བས་ཡག་ཏུ་འགྲོ་བ་དང་། མི་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བ་དང་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་ཐད་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་དེ་བས་མངོན་གསལ་དོད་པོ་འབྱུང་བ་བཅས་སོ།།

  • ལེ་ཚན་སྔོན་མ།:“ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གིས་དགེ་རྒན་བཟང་པོར་སྒོར་ཁྲི83ཡི་བྱ་དགའ་སྤྲད།
  • དོ་སྣང་ཆེ་བའི་རྩོམ།