གཏམ་བཟང་། ཏོག་གསར་འགོག་ཁབ་དམངས་ཡོངས་ལ་རིན་མེད་ངང་རྒྱག་རྒྱུ་རེད།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2021-01-12

གཏམ་བཟང་། ཏོག་གསར་འགོག་ཁབ་དམངས་ཡོངས་ལ་རིན་མེད་ངང་རྒྱག་རྒྱུ་རེད།

        སྤྱི་ཟླ་1ཚེས་9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་སྒྲིག་གཞིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་སྨན་ཁབ་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད། ནང་དོན་གཙོ་བོ་གཤམ་དུ་ཕྱོགས་བསྡུས་བྱས་ཡོད།

        འགོག་ཁབ་རྒྱག་རྒྱུ་ནི་རིམས་ནད་རྒྱ་ཆེར་འགྲོ་བ་ཚོད་འཛིན་བྱེད་པའི་ཆེས་ནུས་ལྡན་གྱི་མཚོན་ཆ་ལྟ་བུ་ཞིག་ཡིན་ཞིང་། རང་རྒྱལ་གྱིས་རིམ་རྩིས་བྱས་ན་ཏོག་གསར་རིམས་ནད་འགོག་ཁབ་ཐེངས་ས་ཡ་དགུ་ལྷག་ཙམ་བརྒྱབ་ཡོད་པ་དང་། རང་རྒྱལ་གྱི་ཏོག་གསར་རིམས་ནད་འགོག་ཁབ་ལ་བདེ་འཇགས་རང་བཞིན་ལེགས་པོ་ལྡན་པ་བདེན་དཔང་བྱས་ཡོད།

        རང་རྒྱལ་གྱིས་ཁྱོན་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་རིམས་ནད་འགོས་ཁྱབ་ཆེ་བའི་མི་ཚོགས་དང་། ཉེན་ཁ་ཆེ་བའི་མི་ཚོགས། མི་ཚོགས་དཀྱུས་མ་བཅས་ལ་འགོག་ཁབ་རྒྱག་པའི་ལས་དོན་སྤེལ་རྒྱུ་མ་ཟད། དམངས་ཡོངས་ལ་རིན་མེད་ངང་རྒྱག་རྒྱུ་ཡིན།

        འགོག་ཁབ་གོ་རིམ་ལྡན་པའི་ངང་རྒྱག་པ་དང་བསྟུན་ནས། ཆ་རྐྱེན་དང་འཚམ་པ་དང་རྒྱག་འོས་པའི་མི་ཚོགས་ཚང་མར་མ་ལུས་པར་རྒྱག་རྒྱུ་དང་། རིམས་ཐར་སྒྲིབ་ཡོལ་འགན་སྲུང་བྱས་ཏེ་ཏོག་གསར་གློ་ཚད་རིམས་ནད་རྒྱལ་ནང་དུ་འགོས་མཆེད་འགྲོ་བ་བཀག་འགོག་བྱ་རྒྱུ་ཡིན།

        སྤྱི་ལོ་2020ལོའི་ཟླ་12ཚེས་15ཉིན་འགོ་ཚུགས་པའི་གནད་འགག་མི་ཚོགས་ལ་ཏོག་གསར་འགོག་ཁབ་རྒྱག་པའི་ལས་དོན་ཁྲོད་མི་སྒེར་གྱིས་འགོག་ཁབ་ཀྱི་མ་གནས་དང་འགོག་ཁབ་རྒྱག་རིན་སྤྲོད་མི་དགོས་པ་ཞིག་རེད། དམིགས་བསལ་ཆ་རྐྱེན་ཁྲོམ་རར་བཏོན་རྗེས་འགོག་ཁབ་རིན་མེད་ངང་རྒྱག་རྒྱུ་སྟེ། སྡོད་དམངས་ཀྱིས་གནས་ཚུལ་ཤེས་པ་དང་རང་མོས་ཀྱི་གནས་ཚུལ་འོག ཁེ་ལས་ཀྱིས་གྲོས་འབེབས་རིན་གོང་ལྟར་འགོག་ཁབ་ཀྱི་འགྲོ་གྲོན་མཁོ་འདོན་བྱེད་རྒྱུ་དང་འགོག་ཁབ་རྒྱག་པའི་ཞབས་ཞུ་སོགས་ཀྱི་འགྲོ་གྲོན་མཁོ་འདོན་བྱེད་རྒྱུ། དེ་མིན་འགྲོ་གྲོན་ཆ་ཚང་སྨན་བཅོས་འགན་ལེན་ཐེབས་རྩ་དང་ནོར་སྲིད་ཀྱིས་མཉམ་འབྲེལ་ཐོག་འགན་འཁུར་རྒྱུ་ཡིན་ཞིང་། སྡོད་དམངས་རང་ཉིད་ཀྱིས་འགྲོ་གྲོན་གཏོང་དགོས་ཀྱི་མེད་པ་རེད།

        ས་གནས་ཁ་ཤས་ཀྱིས་མི་སྒེར་ལ་གླ་རིན་བསྡུ་བའི་གནས་ཚུལ་ལ་དམིགས་ནས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཙེང་དབྱིས་ཤིན་གྱིས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་སྒྲིག་གཞིའི་ཕྱོགས་བསྡུས་ཚོ་ཆུང་གི་མིང་ཐོག་ནས་ཡིག་ཆ་བཀྲམ་སྟེ་མྱུར་དུ་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་འདོན་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

        འགོག་ཁབ་ཀྱི་རིན་གོང་དང་དམངས་ཡོངས་ལ་རིན་མེད་མཁོ་འདོན་བྱ་རྒྱུ་གཉིས་ལ་འགལ་ཟླ་མེད་པ་སྟེ། རིན་མེད་ཅེས་པ་ནི་མང་ཚོགས་ཀྱིས་འགྲོ་གྲོན་གང་ཡང་འདོན་མི་དགོས་པ་དང་། ཁེ་ལས་ཀྱིས་འགོག་ཁབ་ཞིབ་བཟོ་དང་། ཐོན་སྐྱེད། ཉར་གསོག སྐྱེལ་འདྲེན་སོགས་ཀྱི་བརྒྱུད་རིམ་ཁྲོད་མ་གནས་གཏོང་དགོས་ཀྱི་ཡོད། ཁེ་ལས་ཀྱིས་ཏོག་གསར་རིམས་ནད་འགོག་ཁབ་ཀྱི་སྤྱི་པའི་ཐོན་རྫས་རང་བཞིན་དང་མ་གནས་ལ་གཞིགས་ནས་དེ་བསྟུན་གྱི་རིན་གོང་གཏན་འབེབས་བྱེད་པ་དང་། སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་དེ་བསྟུན་གྱི་སྒྲིག་རིམ་དང་འབྲེལ་ཡོད་རིན་གོང་ལ་གཞིགས་ནས་ཁེ་ལས་ནས་ཉོ་སྒྲུབ་བྱས་ཏེ། དམངས་ཡོངས་ལ་རིན་མེད་ངང་མཁོ་འདོན་བྱ་རྒྱུ་ཡིན།

        ཚོད་ལྟ་ལས་མངོན་པར། རང་རྒྱལ་གྱི་ཏོག་གསར་གློ་ཚད་འགོག་ཁབ་ཀྱིས་ཏོག་གསར་ནད་དུག་གི་རང་བཞིན་འགྱུར་བའི་དུག་སྡོང་སྙོམས་སྦྱོར་བྱེད་ཐུབ་ཅིང་། ཏོག་གསར་འགོག་ཁབ་ཀྱི་སྲུང་སྐྱོབ་ནུས་པར་ཤུགས་རྐྱེན་ཐེབས་ཀྱི་མེད། ཡིན་ནའང་ཚད་མཐོའི་དོ་སྣང་དང་། ལྟ་བཤེར་ནན་མོ་བྱེད་དགོས་ལ། སྔོན་ལ་གྲ་སྒྲིག་ཡག་པོ་བྱས་ཏེ་ནུས་ལྡན་གྱིས་ཁ་གཏད་འཇལ་དགོས།

        ཧྲི་ཅ་ཀྲོང་གི་རིམས་ནད་གནས་ཚུལ་ལ་དམིགས་ནས་འགོག་ཁབ་རྒྱག་པའི་ཇུས་གཞིར་ལེགས་སྒྲིག་བྱེད་དགོས་སམ་ཞེ་ན། ཧོ་པེ་ཞིང་ཆེན་གྱིས་སྔོན་འགོག་ཚོད་འཛིན་ལས་དོན་གྱི་དགོས་མཁོ་དང་བསྟུན་ནས་འགོག་ཁབ་ཀྱི་ཁྱད་གཤིས་སོགས་རྒྱུ་རྐྱེན་ལ་གཞིགས་ཏེ་གཅིག་གྱུར་བསམ་གཞིགས་བྱ་རྒྱུ་རེད།

        མི་ཚོགས་མང་བའི་དུས་མཚམས་ལས་གཡོལ་ནས་འགྲོ་འོང་བྱེད་པ་དང་དྲ་ཐོག་ཉོ་སྒྲུབ་ལ་ཁྲིད་སྟོན་བྱེད་པ་དང་། སློབ་གྲྭའི་དགུན་སེང་གཏོང་དུས་དང་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་དུས་ཚོད་ལེགས་བསྒྱུར་དང་འཚང་ཁ་ལས་གཡོལ་ནས་བཀོད་སྒྲིག་བྱེད་པ། ལས་དོན་སྒྲུབ་ཡུལ་དུ་ལོ་སར་གཏོང་རྒྱུའི་འབོད་སྐུལ་བྱས་ནས། གང་ཐུབ་ཅི་ནུས་ཀྱིས་མི་སྣ་འགྲོ་རྒྱུག་ཉུང་གཏོང་དང་འགྲིམ་འགྲུལ་འགྲུལ་རྒྱུན་ཚོད་འཛིན་ནན་པོ་བྱེད་རྒྱུ་རེད།

  • ལེ་ཚན་སྔོན་མ།:རང་རྒྱལ་གྱིས་རིམ་རྩིས་ལྟར་ན་ཏོག་དབྱིབས་ནད་དུག་གསར་པའི་རིམས་འགོག་སྨན་ཁབ་ཁྲི་900ལྷག་ཙམ་བརྒྱབ་པ།
  • ལེ་ཚན་རྗེས་མ།:སི་ཁྲོན་གཤོང་སར་ལོའི་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར300ལ་ཟིན་པའི་རླངས་ཆེན་ཁུལ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།