རང་རྒྱལ་གྱིས་རིམ་རྩིས་ལྟར་ན་ཏོག་དབྱིབས་ནད་དུག་གསར་པའི་རིམས་འགོག་སྨན་ཁབ་ཁྲི་900ལྷག་ཙམ་བརྒྱབ་པ།

    མི་དམངས་དྲ་བ།    2021-01-12

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་ཚན་ཞིབ་འགག་སྒྲོལ་ཚོགས་ཆུང་གི་རིམས་འགོག་སྨན་ཁབ་ཞིབ་སྤེལ་ཆེད་ཚན་གྱི་འགན་འཁུར་བ་ཙེང་དབྱི་ཤིན་གྱིས། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར། ན་ནིང་གི་ཟླ་12ཚེས་15ཉིན་ནས་བཟུང་། རང་རྒྱལ་དུ་གཙོ་གནད་མི་ཚོགས་ལ་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་འགོ་བཙུགས་ཤིང་། ད་བར་རྒྱལ་ཡོངས་ཀྱི་གཙོ་གནད་མི་ཚོགས་ལ་སྨན་ཁབ་རྒྱག་ཚད་ཁྲི་750ཙམ་ཟིན་པའི་ཐོག དེ་གོང་ཉེན་ཁ་ཆེ་བའི་མི་ཚོགས་ལ་དམིགས་ནས་སྨན་ཁབ་ཁྲི་160ལྷག་ཙམ་བརྒྱབ་པ་བསྣན་ན། རང་རྒྱལ་དུ་ཏོག་དབྱིབས་ནད་དུག་གསར་པའི་རིམས་འགོག་སྨན་ཁབ་རྒྱག་ཚད་ཁྲི་900ལྷག་ཙམ་ཟིན་གྱི་ཡོད་ཅེས་བརྗོད་པ་རེད།
   ཙེང་དབྱི་ཤིན་གྱིས་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་རིང་། ང་ཚོས་སྨན་ཁབ་རྒྱག་ས་བཀོད་སྒྲིག་བྱེད་སྟངས་ཚད་ལྡན་དུ་གཏོང་བ་དང་། རིམས་འགོག་སྨན་ཁབ་རྒྱག་མཁན་ཚད་དང་ལྡན་པའི་སྒོ་ནས་གསོ་སྦྱོང་ནན་པོ། སྨན་ཁབ་རྒྱག་ཡུལ་འདེམས་སྒྲུག སྨན་ལོག་ལ་ལྟ་ཞིབ་ཚད་ལེན། འཕྲལ་སྡོམ་མྱུར་སྐྱོབ། སྨན་ལོག་ཚབས་ཆེ་བར་རིགས་གཅིག་མཁས་ཅན་གྱིས་ལྷན་འཛོམས་ནད་དཔྱད་སོགས་ཀྱི་ལམ་ལུགས་རབ་དང་རིམ་པ་བཟོས་ཏེ། སྨན་ཁབ་རྒྱག་པའི་ལས་དོན་བདེ་བླག་སྤེལ་བའི་འགན་ལེན་བྱས་ཡོད་ཅེས་བཤད་པ་རེད།
   “སྨན་ཁབ་རྒྱག་རིང་འབྲེལ་ཡོད་བླང་བྱ་བཏོན་ཡོད། གཞི་རིམ་གྱི་སྨན་ཁབ་རྒྱག་མཁན་ཚན་པ་ཚུད་པའི་སྨན་ཁབ་རྒྱག་མཁན་གྱིས་ཀྱང་བླང་བྱ་དེ་གཞིར་བཟུང་བསྒྲུབས་ཡོད”ཀྲུང་གོ་རིམས་ནད་སྔོན་འགོག་ལྟེ་གནས་ཀྱི་ནད་འགོག་འཆར་འགོད་ཀྱི་དབུ་བཞུཌ་རིགས་གཅིག་མཁས་ཅན་ཝང་ཧྭ་ཆིང་གིས། ང་ཚོས་ཀྱང་སྨན་ཁབ་མ་བརྒྱབ་གོང་སྨན་ཁབ་རྒྱག་ཡུལ་ལ་སྔོན་ལ་གྲ་སྒྲིག་གང་བྱེད་དགོས་ལུགས་ཤོད་པ་དང་། རིམས་འགོག་སྨན་ཁབ་ཀྱི་ཁྱད་ཆོས་དང་སྨན་ཁབ་མ་འཕྲོད་པའི་གནས་ཚུལ་ཡོད་ལུགས་ཤོད་པ། གནས་ཚུལ་ཤེས་རྟོཌ་བྱུང་ནས་མོས་མཐུན་ཐོབ་རྗེས་གཞི་ནས་སྨན་ཁབ་བརྒྱབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

  • ལེ་ཚན་སྔོན་མ།:གཏམ་བཟང་། བོད་དུ་མྱུར་ཚད་མགྱོཊ་ཤོས་ཀྱི་མེ་འཁོར་འདི་སླེབས་ལ་ཉེ།
  • ལེ་ཚན་རྗེས་མ།:གཏམ་བཟང་། ཏོག་གསར་འགོག་ཁབ་དམངས་ཡོངས་ལ་རིན་མེད་ངང་རྒྱག་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།