གཏམ་བཟང་། བོད་དུ་མྱུར་ཚད་མགྱོཊ་ཤོས་ཀྱི་མེ་འཁོར་འདི་སླེབས་ལ་ཉེ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2021-01-07

     ཁ་སང་། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིས་ལོ་འཁོར་གྱི་ལས་དོན་གྲོས་ཚོགས་འཚོགས་པ་དང་། སྤྱི་ལོ་2021ལོའི་ལས་ཀའི་དམིགས་འབེན་བཏོན་འདུག དེའི་ནང་ཁྲོན་བོད་ལྕགས་ལམ་སོགས་གཙོ་གནད་ལས་གྲའི་འཛུགས་བསྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་དང་། བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མྱུར་བགྲོད་མེ་འཁོར་བོད་ལྗོངས་སུ་གཏོང་རྒྱུ་སོགས་ཀྱི་འཆར་གཞི་ཁ་གསལ་བཏོན་འདུག

གཏམ་བཟང་། བོད་དུ་མྱུར་ཚད་མགྱོཊ་ཤོས་ཀྱི་མེ་འཁོར་འདི་སླེབས་ལ་ཉེ།

ཁྲོན་བོད་ལྕགས་ལམ།

     སྤུས་ཚད་མཐོ་པོའི་སྒོ་ནས་ཁྲོན་བོད་ལྕགས་ལམ་གྱི་ལས་གྲའི་འཛུགས་བསྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་ཐད། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་དང་། སི་ཁྲོན་དང་བོད་ལྗོངས་ཞིང་ལྗོངས་གཉིས་བར་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག ཚན་རིག་དང་མཐུན་པའི་ངང་འཛུགས་བསྐྲུན་དང་། བདེ་འཇགས་ངང་འཛུགས་བསྐྲུན། སྦགས་མེད་ངང་འཛུགས་བསྐྲུན་བྱ་རྒྱུ་བཅས་རྒྱུན་འཁྱོངས་བྱེད་པ། ཕུག་ལམ་གཉིས་དང་ཟམ་པ་གཅིག་གི་སྔོན་ལ་ཤར་གཏོང་ཐུབ་པའི་དུམ་མཚམས་ཀྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་པ་བྱེད་པ། ཤར་ནུབ་དུམ་མཚམས་གཉིས་དང་བར་གྱི་དུམ་མཚམས་ཀྱི་རྩད་ཞིབ་ཇུས་འགོད་དང་ལས་འགོ་འཛུགས་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་ཡིན་པའི་སྐོར་བཏོན་འདུག

     བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མྱུར་བགྲོད་མེ་འཁོར་བོད་ལྗོངས་སུ་གཏོང་རྒྱུའི་ཐད། ལྷ་ཉིང་ལྕགས་ལམ་ཤར་གཏོང་ལས་གཉེར་བྱེད་སྐབས་བསྐྱར་དར་རྟགས་ཅན་གྱི་ནང་གློག་གཉིས་ཁུངས་ཀྱི་ཤུགས་འགྲེམས་མྱུར་བགྲོད་མེ་འཁོར་བོད་ལྗོངས་སུ་གཏོང་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཏོན་འདུག 

     བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ལ་ཆ་བཞག་ཚེ། ཚད་གཞི་ལྟར་ན་དེས་ཆུ་ཚོད་རེར་སྤྱི་ལེ་350བསྐྱོད་ཐུབ་ཀྱི་ཡོད་པ་རེད། གང་དེ་ནི་མིག་སྔར་སྐྱེལ་འདྲེན་མྱུར་ཚད་མགྱོགས་ཤོས་ཀྱི་མྱུར་བགྲོད་མེ་འཁོར་ཞིག་ཡིན་པ་རེད།

  • ལེ་ཚན་སྔོན་མ།:ལོ་ངོ་སྟོང་རྒྱུན་འཛིན་བྱས་པའི་བོད་རུམ་ལ་མི་རིགས་ཀྱི་རིག་གནས་འཛིན་སྤེལ་འདྲེས་གསུམ་གྱི་སྙིང་ བཅུད་ཁེངས་ཡོད།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་རིམ་རྩིས་ལྟར་ན་ཏོག་དབྱིབས་ནད་དུག་གསར་པའི་རིམས་འགོག་སྨན་ཁབ་ཁྲི་900ལྷག་ཙམ་བརྒྱབ་པ།
  • དོ་སྣང་ཆེ་བའི་རྩོམ།