ཁྱེད་ཀྱིས་ཕྱུགས་ཟོག་ཆེས་མང་བའི་རྒྱལ་ཁབ་དེ་གང་ཡིན་ཨེ་ཤེས།

        2020-12-24

ཁྱེད་ཀྱིས་ཕྱུགས་ཟོག་ཆེས་མང་བའི་རྒྱལ་ཁབ་དེ་གང་ཡིན་ཨེ་ཤེས།

     ཡ་གླིང་རྒྱ་གར་གྱི་ས་ཆ་ཡོངས་ན་ཕལ་ཆེར་ཕྱུགས་ཟོག་གི་གྲངས་ཀ་དེ་ཞིབ་འཇུག་པའི་བསྡོམས་རྩིས་ལྟར་ན། དུང་ཕྱུར་གཉིས་དང་ཕྱེད་ཙམ་ལ་ཟིན་ཡོད་ཟེར། དེས་ན་འཛམ་གླིང་ཡོངས་ཀྱི་ཕྱུགས་ཟོག་གི་གྲངས་ཀའི་ལྔ་ཆ་གཅིག་ལ་སླེབས། རྒྱུ་མཚན་ནི། རྒྱ་གར་གྱི་ཡུལ་མི་ཚོ་ཆོས་དང་མང་ཚོགས་ཤུགས་ཆེ་བས། སངས་རྒྱས་ཆོས་ལུགས་སུ་སྲོག་གཅོད་པ་བཀག་པ་དང་། ལྷག་པར་ཧིན་རྡུའི་ཆོས་ལུགས་སུ་ཆུ་བོ་གང་གཱ་དང་ཕྱུགས་ཟོག་ནི་རང་གི་ཡུལ་ལྷ་ལྟར་རྒྱུན་པར་བཀུར་འོས་པའི་གནས་ཤིག་ཏུ་བཤད་ཡོད། དེ་ཕྱིར་ཡུལ་མི་བརྒྱ་ཆ་བརྒྱད་ཅུ་ཙམ་གྱིས་ཕྱུགས་གསོད་པ་དང་དེའི་ཤ་ཁྲག་གི་ཁ་ཟས་རོལ་བ་སོགས་ནི་གཞི་ནས་སྤང་བྱའི་སྤྱོད་ངན་ཞིག་ཡིན། ཕྱུགས་ཟོག་ཚོ་རྒས་ནས་འཆི་བ་ལས་གསོད་པ་ཉུང་སྟབས་ད་སྐབས་འཛམ་གླིང་གི་ཕྱུགས་ཟོག་ཆེས་མང་བའི་རྒྱལ་ཁབ་ཏུ་རང་བཞིན་གྱིས་འཕགས་སོ།། འདི་ནི་རྒྱ་གར་གྱི་ཡུལ་མི་ཚོར་མཚོན་ན་གནའ་ནས་ད་བར་ཆེས་དར་ཁྱབ་ཆེ་བའི་ཡུལ་སྲོལ་གོམས་གཤིས་ཤིག་ཀྱང་རེད་ཅེས་བཤད་ཆོག།


རྨེ་གྲྭ་ཚེ་རིང་བསམ་འགྲུབ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།
  • ལེ་ཚན་རྗེས་མ།:ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)
  • དོ་སྣང་ཆེ་བའི་རྩོམ།