ཁུལ་ཐད་གཏོགས་ལས་ཁུངས་ཀྱིས་ཟ་ཁང་གི་བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱ་སྤྱོད་གཏན་འགོག་བྱས།

ཡེ་ཤེས་མགོན་པོས་བསྒྱུར།        2020-12-07

ཉིན་ཤས་བསྟུད་མར་། རང་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ཟ་ཁང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱ་སྤྱོད་གཏན་འགོག་མཐའ་གཅིག་ཏུ་བྱས་པ་རེད།

བྱེད་སྒོ་སྤེལ་བའི་གོ་སྐབས་དང་བསྟུན་ནས་བསམ་བློ་སྔར་བས་བརྟན་དུ་གཏོང་བཏང་སྟེ། དྲིལ་བསྒྲགས་དང་སློབ་གསོའི་གཞི་རྟེན་གསར་གཏོད་བྱས་ནས་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ཟ་ཁང་དུ་ཕྱིན་ནས་མང་ཉུང་གང་ཙམ་བཟའ་ཡང་སྡེར་མ་སྟོང་པ་བཟོ་དགོས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་ཟ་ཁང་དུ་བརྙན་ཐུང་བསྟན་པ་དང་དྲིལ་བསྒྲགས་འགྲེམས་པང་སྦྱར་བ་དང་ཆབས་ཅིག ལས་བྱེད་པ་དང་ལས་བཟོ་ཚོས་སྡེར་མ་གཙང་བའི་བྱ་སྤྱོད་ལ་ཞུགས་རྒྱུའི་གྲོས་མགོ་བཏོན་ནས་ཚང་མར་འབྲུ་རྡོག་ཆུང་ཡང་འཕྲོག་བརླག་མ་གཏོང་། ལས་བརྩོན་གྲོན་ཆུང་བྱས་ནས་ཡ་རབས་ཚུལ་ལྡན་སྐྱོང་དགོས་པའི་བསླབ་བྱ་བྱས་ནས་ལས་བརྩོན་གྲོན་ཆུང་བྱ་རྒྱུ་དེ་རང་ཉིད་ནས་མགོ་འཛུགས་རྒྱུ་དང་འབྲུ་རིགས་གྲོན་ཆུང་བྱ་རྒྱུ་ནས་མགོ་འཛུགས་རྒྱུའི་འདུ་ཤེས་བརྟན་པོ་ཆགས་སུ་བཅུག་པ་རེད།

གསོ་སྦྱོང་ཐབས་ལམ་བརྒྱུད་ནས་ལྟོ་ཆས་དེ་བས་ཞིམ་པོ་ཡོང་བ་བྱེད་དུ་བཅུག ཡུལ་དངོས་སུ་བཅར་འདྲི་དང་ཡུལ་དངོས་སུ་ཞིབ་བཤེར་ལྟ་སྐུལ། བཞུགས་མོལ་སྤེལ་རེས་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཟས་རིགས་ཟ་རྒྱུ་མེད་པ་ནི་འཕྲོ་བརླག་གཏོང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་ཤེས་རྟོགས་བྱུང་ཚེ་ཁུལ་ཐད་གཏོགས་ལས་ཁུངས་དང་སྡེ་ཚན་ཁག་གིས་ཆེད་ལས་ཇ་མ་ཚོགས་པ་གདན་འདྲེན་ཞུ་བར་དུས་ཐོག་ཏུ་ལྟ་སྐུལ་བྱེད་དགོས་པ་དང་། གཡོས་སྦྱོར་ལག་རྩལ་གསོ་སྦྱོང་བྱས་ནས་ཟ་ཁང་གི་ཇ་མ་གསོ་སྦྱོང་བྱེད་སྐབས་ལག་རྩལ་འཇོན་ནུས་ཇེ་དྲག་ཏུ་གཏོང་དགོས་པ། ལས་བྱེད་པ་དང་ལས་བཟོར་ཟས་མཆོག་ཟ་རུ་བཅུག་ནས་ཟས་ལྷག་གི་སྣང་ཚུལ་ཉུང་དུ་བཏང་སྟེ་འབྲུ་རིགས་གྲོན་ཆུང་བྱེད་པའི་དམིགས་ཡུལ་ཐོག་སླེབས་པ་བྱ་དགོས་པ་རེད།

ལམ་ལུགས་ལ་བརྟེན་ནས་དམ་འཛིན་བྱས་ཏེ་ལམ་སྲོལ་དེ་བས་འཐུས་ཚང་བྱེད་དུ་བཅུག ཟས་རིགས་ཉོ་སྒྲུབ་དང་མི་སྣའི་ནང་ཁུལ་ཚོད་འཛིན་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། བཟའ་བཏུང་ལ་ལྟ་བཤེར་བ་བསྐོ་བ། བཟའ་བཏུང་འཕྲོ་བརླག་གཏོང་བའི་སྣང་ཚུལ་དམར་འདོན་བྱེད་ཚད་མང་དུ་གཏོང་བ་དང་། འཕྲོ་བརླག་གཏོང་བའི་བྱ་སྤྱོད་ཀྱི་འགན་འཁྲི་འཁུར་མཁན་དང་འགན་འཁྲི་འཁུར་མཁན་ཚན་པ་དུས་ཐོག་ཏུ་སྐོང་འདྲི་བྱ་དགོས་པ་དང་ཆབས་ཅིག ཡ་རབས་ཚུལ་ལྡན་གྱི་ཟ་མ་ཟ་བའི་བྱ་སྤྱོད་དེ་སྡེ་ཚན་སྔོན་འདེམས་ལེགས་འདེམས་ཀྱི་དཔྱད་གཞིའི་དམིགས་ཚད་ནང་བཞག་པ་དང་། ལམ་ལུགས་ལ་བརྟེན་ནས་འགྱུར་མེད་གཅུན་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲོན་ཆུང་ནན་པོ་དང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་དར་སྲོལ་ཆགས་སུ་བཅུག་པ་རེད། །

  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་ནུས་ཤུགས་ཡོད་རྒུས་ཉེ་འཁོར་དུ་ལས་ཞུགས་བྱེད་པར་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:པར་རིས་གསར་འགྱུར།
  • དོ་སྣང་ཆེ་བའི་རྩོམ།