དངོས་གཉེར་དཔལ་འབྱོར་དང་ས་གནས་འཕེལ་རྒྱས་གཏོང་བར་ཞབས་ཕྱི་སྒྲུབ།

ཡེ་མགོན་གྱིས་བསྒྱུར།        2020-12-02

སྤྱི་ཟླ11པའི་ཚེས27ཉིན་གྱི་སྔ་དྲོར། དཀར་མཛེས་ཞིང་སྡེའི་ཚོང་ལས་དངུལ་ཁང་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་སྒོ་བྱང་བཀལ་ནས་ལས་གཉེར་བྱེད་མགོ་ཚུགས་པ་དང་དེ་བཞིན་དུ་སྲིད་གཞུང་དང་དངུལ་ཁང་། ཁེ་ལས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་ཆིངས་ཡིག་ཐོག་མིང་རྟགས་འགོད་པའི་མཛད་སྒོ་དར་མདོར་སྤེལ་བ་རེད།དཀར་མཛེས་ཞིང་ཚོང་དངུལ་ཁང་གི་སྒོ་བྱང་དངོས་སུ་བཀལ་ནས་ལས་གཉེར་བྱེད་མགོ་ཚུགས་པ་ནི་ཞིང་ཆེན་ཡོངས་སུ་ས་གནས་ཀྱི་དངུལ་རྩ་བཅོས་བསྒྱུར་གཏོད་བརྒལ་གསར་པ་བྱུང་ནས་དཀར་མཛེས་ཁུལ་གྱི་དངུལ་རྩ་བྱ་གཞག་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་པ་མཚོན་པ་རེད།

དངོས་གཉེར་དཔལ་འབྱོར་དང་ས་གནས་འཕེལ་རྒྱས་གཏོང་བར་ཞབས་ཕྱི་སྒྲུབ།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་། ཞིང་ཆེན་དངུལ་རྩ་འགན་སྲུང་ལྟ་སྐུལ་ཅུས་ཀྱི་ཏང་ཨུའི་ཧྲུའུ་ཅི། ཅུས་ཀྲང་གཞོན་པ་དབྱང་ལི་ཝང་། ཞིང་ཆེན་ཞིང་སྡེའི་ཡིད་རྟོན་མཉམ་ལས་ཁང་གི་ཏང་ཨུའི་ཧྲུའུ་ཅི། ལས་འཛིན་པ་ཨའེ་མིང་པིང་།དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་བཅས་མཛད་སྒོའི་ནང་ཞུགས་པ་ཡོད་པ་རེད།

ལིའུ་ཁྲེང་མིང་གིས་བཀའ་མངགས་ལྟར། ཞའོ་ཡིའུ་ཚའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་དཀར་མཛེས་ཞིང་ཚོང་དངུལ་ཁང་སྒོ་བྱང་བཀལ་ནས་ལས་གཉེར་བྱེད་མགོ་བཙུགས་པར་སྤྲོ་སེམས་འཕེལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་པ་རེད། ཁོང་གིས་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་དང་ཁྱད་པར་དུ་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ནས་བཟུང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དངུལ་རྩ་བཅོས་བསྒྱུར་དང་འཕེལ་རྒྱས་གཏོང་བར་མཐོང་ཆེན་བླ་ན་མེད་པར་བྱས་པར་བརྟེན། དངུལ་རྩ་བྱ་གཞག་འདི“4+1”བྱེད་སྟངས་ཀྱི་དེང་རབས་ཞབས་ཕྱིའི་མ་ལག་གི་གལ་ཆེའི་འདེགས་སྐྱོར་རྒྱུན་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་དངུལ་རྩ་བྱ་གཞག་ཆེར་སྐྱེད་སྟོབས་ལྡན་གཏོང་བ་དང་ཆབས་ཅིག ཐོག་མཐའ་བར་གསུམ་དུ་ཞིང་སྡེའི་ཡིད་རྟོན་མཉམ་ལས་ཁང་བཅོས་བསྒྱུར་བྱ་རྒྱུ་དེ་ས་གནས་ཀྱི་དངུལ་རྩ་སྒྲིག་སྲོལ་བཅོས་བསྒྱུར་གྱི་གཞི་འཛིན་ས་དང་ཤུགས་འདོན་ས་བྱས་ཏེ་ལས་སྒོ་རྒྱ་སྐྱེད་བཏང་བ། བདག་དབང་དཔང་ཁྱེར་སྒྲུབ་གཉེར་བྱས། དངུལ་བུན་ངན་པ་གཙང་བསྡུ་བྱས། གཟིགས་སྐྱོང་སྲིད་ཇུས་སོགས་ཀྱི་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་མཐར། ཁུལ་ཡོངས་ཀྱི་ཞིང་སྡེའི་ཡིད་རྟོན་མཉམ་ལས་ཁང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེས་ཆེ་བ། བཅོས་བསྒྱུར་གྱི་བྱེད་ཐབས་ཆེས་བཟང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེས་ཡག་པའི་ལོ་རྒྱུས་ཀྱི་དུས་རིམ་ཞིག་ཆགས་པ་རེད། ཞའོ་ཡིའུ་ཚའེ་ཡིས་དཀར་མཛེས་ཞིང་ཚོང་དངུལ་ཁང་གིས་མིང་བསྒྱུར་ནའང་དོན་མི་འགྱུར། སྒྲིག་སྲོལ་བསྒྱུར་ནའང་འགྲོ་ཕྱོགས་མི་འགྱུར་པ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་དཀར་མཛེས་ཁུལ་དུ་གཞི་འཛུགས་པ་དང་གྲོང་ཡུལ་ལ་ཁ་ཕྱོགས་པ། ཞིང་སྡེའི་གནད་དོན་གསུམ་ལ་ཞབས་ཕྱི་སྒྲུབ་པ། འབོར་ཆུང་དངུལ་བུན་གྱི་ཚོང་ར་གནས་ཐིག་རྒྱུན་འཁྱོངས་བྱས་ནས་ཁུལ་ཡོངས་ཀྱི་སྤྱི་ཡོངས་ལས་དོན་ནང་འབྲེལ་འདྲིས་ཟབ་མོ་བྱས་ཏེ་ནུས་ཤུགས་ཡོད་རྒུས “འཐབ་ཇུས་ཆེན་པོ་དྲུག”“གསུམ་འཛུགས་མཉམ་འགུལ”ལ་རྒྱབ་སྐྱོར་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།

་ཨའེ་མིང་པིང་གིས་ཞིང་ཆེན་ཞིང་སྡེའི་ཡིད་རྟོན་མཉམ་ལས་ཁང་གི་ཚབ་མཛད་ནས་དཀར་མཛེས་ཞིང་ཚོང་དངུལ་ཁང་གི་སྒོ་བྱང་བཀལ་ནས་ལས་གཉེར་བྱེད་མགོ་བཙུགས་པར་སྤྲོ་སེམས་འཕེལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་དང་། དཀར་མཛེས་ཞིང་ཚོང་དངུལ་ཁང་འཛུགས་པའི་གྲ་སྒྲིག་ལས་དོན་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་གྱི་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། དེ་བཞིན་དུ་རིམ་པ་སོ་སོའི་སྡེ་ཚན་སོ་སོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་དཀར་མཛེས་ཞིང་ཚོང་དངུལ་ཁང་གིས་རྒྱུན་མཐུད་དུ་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བ་དང་དངོས་གཉེར་དཔལ་འབྱོར་ལ་ཞབས་ཕྱི་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཡུལ་གྲོང་དར་སྤེལ་གཏོང་བར་འབྲེལ་འདྲིས་ཟབ་མོ་བྱེད་པ། གཟིགས་སྐྱོང་གི་དངུལ་རྩ་སྐུལ་འདེད་གཏིང་ཟབ་གཏོང་བ། དངུལ་རྩའི་ཞབས་ཕྱི་ལེགས་སུ་བཏང་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཀ་ཡག་པོས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏང་རྒྱུའི་ཐུགས་རེ་གནང་བ་རེད།

ལས་གཉེར་བྱེད་མགོ་འཛུགས་པའི་མཛད་སྒོའི་ཐོག་དཀར་མཛེས་ཞིང་ཚོང་དངུལ་ཁང་གི་འགན་འཁུར་བློ་མཐུན་གཙོ་བོས་གཏམ་བཤད་བྱས་པས་མ་ཚད། རྫོང(གྲོང་ཁྱེར)སོ་སོའི་མི་དམངས་སྲིད་གཞུང་དང་“སྲིད་དངུལ”འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ཡི་གེ་བཞག་པ་དང་། ཀྲུང་དབྱང་དང་རྒྱལ་དབང་ཁེ་ལས། དམངས་གཉེར་ཁེ་ལས་བཅས་དང་གྲོས་མཐུན་ཡི་གེ་བཞག་པ་རེད། །

  • ལེ་ཚན་སྔོན་མ།:མཚན་སྙན་གྲགས་རྒྱས་བཞིན་པའི་ཁམས་ཀྱི་ཕོ་སར་ཆུང་ཆུང་བསྟན་འཛིན།
  • ལེ་ཚན་རྗེས་མ།:དཀའ་བ་དང་དུ་བླངས་ནས་དོན་དངོས་ཏན་ཏིག་སྒྲུབ། ངལ་བ་ཁྱད་དུ་བསད་ནས་སྐུལ་འདེད་ཤུགས་ཆེན་གཏང་དགོས།
  • དོ་སྣང་ཆེ་བའི་རྩོམ།