གསེར་ཐར་རྫོང་བོད་སྨན་ཁང་གིས་རྫོང་དེའི་རྒན་གསོ་ཁང་དུ་རིན་མེད་སྨན་བཅོས་བྱས།

ཐང་རྒྱལ་གྱིས་བྲིས།        2020-11-30

གསེར་ཐར་རྫོང་བོད་སྨན་ཁང་གིས་རྫོང་དེའི་རྒན་གསོ་ཁང་དུ་རིན་མེད་སྨན་བཅོས་བྱས།

ཟླ་བ11པའི་ཚེས27ཉིན། གསེར་ཐར་རྫོང་བོད་སྨན་ཁང་གི་མགོ་འཛིན་ཟླ་བ་ནོར་བུསྨན་ཁང་རང་གི་སྨན་པ་ཁག་ཅིག་སྣེ་ཁྲིད་དེ་རྫོང་དེའི་རྒན་གསོ་ཁང་དུ་སོང་ནས་རྒན་རྒོན་ཚོ་ལ་ནད་གཞི་བརྟག་དཔྱད་དང་རིན་མེད་སྨན་བཅོས་བྱས་པ་རེད།

གསེར་ཐར་རྫོང་བོད་སྨན་ཁང་གིས་རྫོང་དེའི་རྒན་གསོ་ཁང་དུ་རིན་མེད་སྨན་བཅོས་བྱས།

དགུན་གྲང་ངར་ཆེ་ཞིང་ཆམ་རིམས་ཀྱིས་གཙེས་པའི་དུས་ཚིགས་དེར་གསེར་ཐར་རྫོང་བོད་སྨན་ཁང་གིས་རྒན་གསོ་ཁང་དེའི་རྒན་རྒོན30ལྷག་ལ་ཆམ་ཐང་གཙོར་བྱས་ཀྱིབོད་སྨན་བྱིན་ནས་ཆམ་རིམས་སྔོན་འགོག་དང་འཕྲོད་བསྟེན་གྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་བ་དང་། སྨན་ཁང་རང་གི་རུས་ནད་ཚན་ཁག་དང་ཁབ་བཙའི་ནད་གསོ་ཚན་ཁག  ནང་ནད་ཚན་ཁག  བུད་མེད་ཚན་ཁག་སོགས་ཆེད་ལས་སྨན་པ5བདམས་གཏོང་བྱས་ནས་ནད་པ་དག་ལ་བོད་ལུགས་གསོ་རིག་གི་ཐུན་མིན་བརྟག་ཐབས་ཏེ་ལྟ་རེག་དྲི་གསུམ་གྱིས་བརྟག་ཐབས་སྤྱད་དེ་མི་རེ་ལ་ཟླ་ཕྱེད་ནས་ཟླ་གཅིག་བར་གྱི་སྨན་མཁོ་སྤྲོད་བྱས། ཕྱི་དྲོའི་དུས་ཡུན་ཆུ་ཚོད་གསུམ་ཙམ་གྱི་རིང་ལ་སྨན་པ་རྣམས་ཀྱིས་རྒན་རྒོན་དག་ལ་ནད་བརྟག་དཔྱད་བྱས་པ་དང་རིན་གོང་སྒོར2650རི་བའི་སྨན་སྦྱིན་པས་རྒན་རྒོན་ཚོས་མཐེ་བོང་འགྲེང་བཞིན་བཀའ་དྲིན་ཡང་ཡང་ཞུ་བ་རེད།

གསེར་ཐར་རྫོང་བོད་སྨན་ཁང་གིས་རྫོང་དེའི་རྒན་གསོ་ཁང་དུ་རིན་མེད་སྨན་བཅོས་བྱས།

  • ལེ་ཚན་སྔོན་མ།:གནས་མཆོག་དཀར་མཛེས་ས་ཆའི་འགྲིམ་འགྲུལ་བྱ་གཞག་སྐོར་གྱི་འཕེལ་རིམ་རགས་བཀོད།
  • ལེ་ཚན་རྗེས་མ།:སི་ཁྲོན་ལྕགས་ཟམ་ཁ་རྫོང་དུ་རྒྱལ་མོ་རྔུལ་ཆུར་ལྷུངས་བའི་བུད་མེད་གཅིག་མི་མང་པོས་མཉམ་དུ་སྐྱོབ་རོགས་བྱེད་པ།
  • དོ་སྣང་ཆེ་བའི་རྩོམ།