ཕ་ཡུལ་གྱི་ མཛེས་སྡུག

ཨུ་དཔལ་སྐྱིད།        2020-11-26

    ངའི་ཕ་ཡུལ་ནི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡིན། ང་ངའི་ཕ་ཡུལ་ལ་ཧ་ཅང་དགའ། དབྱར་ཁར་ངའི་ཕ་ཡུལ་གྱི་རི་ངོས་སུ་རྩི་ཤིང་སྣ་ཚོགས་མཛེས་པར་རྒྱས་ཡོད་པ་དང་། རྩྭ་ཐང་དུ་མེ་ཏོག་སྣ་ཚོགས་ཕྲ་ལམ་མེར་བཞད་ཡོད། རྟ་ནོར་ལུག་གསུམ་རྩྭ་ཐང་དུ་གཟས་ལ་བཀྲམ་ནས་ཡོད། སྟོན་ཁར་སྡོང་བོའི་ལོ་མ་རེ་རེ་བཞིན་ས་ལ་ལྷུང་བ་དང་མཛེས་སྡུག་ཡིད་དུ་འོང་བའི་ལྗང་མདོག་གི་རི་བོ་དང་རྩྭ་ཐང་གི་ཁ་དོག་ཡལ་ཏེ་སེར་ལྡེམ་ལྡེམ་བྱེད། དགུན་ཁར་ཁ་བ་ལྷབ་ལྷུབ་དུ་འབབ་པ་དང་། ས་གཞི་དང་རི་བོ་ཚང་མ་དཀར་ལམ་མེར་གྱུར། ཁྲུང་ཁྲུང་དང་ཁུ་བྱུག་སོགས་དུས་བྱ་མང་པོ་ལྷོ་ཕྱོགས་སུ་འཕུར་འགྲོ་བ་རེད། དཔྱིད་ཀར་ཐམས་ཅད་ལ་རེ་སྨྱུག་འབུས་ཏེ་རི་བོ་དང་རྩྭ་ཐང་སྔོ་ལྗང་ལྗང་དུ་གྱུར་བ་དང་། རྩྭ་ཐང་སྔར་བཞིན་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ་རེད། དུས་བྱ་རྣམས་ཡང་ཕྱིར་རང་ཡུལ་དུ་འཕུར་འོང་བ་རེད། ཕ་ཡུལ་ནི་སྔར་བཞིན་ཕ་ཡུལ་ཡིན་ལ། ཁ་བ་བུ་ཡུག་གི་ཕ་ཡུལ་མེ་ཏོག་དང་ལྗང་མདོག་གི་ཕ་ཡུལ་ཡིན།

  • ལེ་ཚན་སྔོན་མ།:ཨ་མར་བསྟོད་པ།
  • ལེ་ཚན་རྗེས་མ།:བདག་ཉིད་བདག་གི་མགོན་ཡིན།