སི་ཁྲོན་སྲུང་སྐར་བརྙན་འཕྲིན་ལས་ཁུངས་ཀྱི་བཅར་འདྲི་ལེ་ཚན་ཆེ་གྲས《ལྗང་མདོག་གདོང་ལེན་པའི་སྐོར་གླེང་བ》ཞེས་པའི་ནང་དཀར་མཛེས་ཁུལ་གྱི་གནས་ཚུལ་བཤད།

ལྷ་འཛོམས་ཀྱིས་བསྒྱུར།        2020-11-18

     སྤྱི་ཟླ11པའི་ཚེས12ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དང་སི་ཁྲོན་བརྙན་འཕྲིན་ལས་ཁུངས་ཀྱི་གདན་ཞུས་ལྟར་དུང་དཀར་ལུང་པའི《ལྗང་མདོག་གདོང་ལེན་པའི་སྐོར་གླེང་བ》ཞེས་པའི་ཆེད་དོན་བཅར་འདྲི་དང་ལེན་ཞུས་ནས་དཀར་མཛེས་ཁུལ་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་ཉམས་མྱོང་དང་བྱ་ཐབས། བསམ་ཕྱོགས་བྱ་ཐབས། འབྱུང་འགྱུར་འཕེལ་རྒྱས་ཀྱི་འཆར་གཞི་བཅས་ངོ་སྤྲོད་བྱས་པ་རེད།

     བཅར་འདྲི་བྱེད་རིང་ཞའོ་ཡིའུ་ཚའེ་ཡིས《སྐྱེ་ཁམས་དཔལ་ཡོན་ཆེས་མཛེས་པའི་མཐོ་ཚད་ལ་གཞིགས》ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་སྐྱེ་ཁམས་ཁོར་ཡུག་ནི་དཀར་མཛེས་ཀྱི་ལེགས་ཆ་ཆེ་ཤོས་དང་སྐྱེ་ཁམས་སྲུང་སྐྱོང་ནི་དཀར་མཛེས་ཀྱི་འགན་འཁྲི་ལྕི་ཤོས་ཡིན་པ། ལྗང་མདོག་འཕེལ་རྒྱས་ནི་དཀར་མཛེས་ཁུལ་གྱི་ཐབས་ལམ་ཡག་ཤོས་ཡིན་པ། སྐྱེ་ཁམས་དཔལ་ཡོན་ནི་ཆེས་མཛེས་ཤོས་ཀྱི་མཐོ་ཚད་ལ་གཞིགས་དགོས་པ་བཅས་ཕྱོགས་བཞིའི་ཐད་ནས་རྒྱ་ཆེའི་བརྙན་འཕྲིན་ལྟད་མོ་བ་ཚོར་དྲིལ་བསྒྲགས་ངོ་སྤྲོད་བྱས་པ་རེད། ཉེ་བའི་ལོ་ཤས་རིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཁྲིད་སྟོན་འོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཤིང་། བྱེད་ཐབས་ཏན་ཏིག་རབ་དང་རིམ་པར་བརྒྱུད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ཡོད། རི་སྔོ་ཆུ་དྭངས་ཀྱི་སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་འདོན་སྤེལ་བྱས་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བཏོད་ཡོད། ཞའོ་ཡིའུ་ཚའེ་ཡིས་སླད་ཕྱིན་ལ་རང་ཁུལ་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ནས“མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ཕུལ་བའི་ལེགས་སྐྱེས་ཆེ་ཤོས་ཡིན་པའི”འདུ་ཤེས་བརྟན་པོར་འཆང་དགོས། ཕྱོགས་གཅིག་ནས་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་བཅོས་སྐྱོང་དང་གསར་སྤེལ་འཛུགས་སྐྲུན་གལ་ཆེ་མཉམ་བརྩི་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཆུ་ཚད་མཐོ་བའི་འཆར་འགོད་དང་ཐབས་ཤེས་ཆེན་པོས་བཅོས་སྐྱོང་། སྲུང་སྐྱོང་ནུས་ལྡན། ཤུགས་ཆེན་གྱིས་ཉམས་གསོ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་ཇེ་མགྱོགས་སུ་འཛུགས་སྐྱོང་བྱ་རྒྱུ་དང་། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ཚད་ལ་གཞིགས་ནས་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས། ཕྱོགས་གཞན་ཞིག་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱ་དགོས་པ་དང་། རིག་གནས་ཡུལ་སྐོར་སྣེ་འདྲེན་དུ་བྱེད་པའི“4+6”དེང་རབས་ཞབས་ཞུའི་ལས་རིགས་མ་ལག་དང་། ནུས་རྒྱུ་གཙང་མ་གཙོ་གནད་དུ་བྱེད་པའི“6+1”ལྗང་མདོག་དེང་རབས་བཟོ་ལས་མ་ལག་དང“དྭངས་གཙང་དཀར་མཛེས”ཀྱི་ཐོན་རྫས་ཆེན་པོ་བཅུ་བཅས་གཙོ་བོར་བྱེད་པའི“10+2”ཀྱི་དེང་རབས་ཞིང་ལས་མ་ལག་བཅས་འཛུགས་སྐྲུན་ཤུགས་ཆེན་བྱས་ནས2025ལོར་སླེབས་དུས་མི་རིགས་ས་ཁུལ་གྱི་སྐྱེ་ཁམས་དཔལ་འབྱོར་སྟོབས་ཆེའི་ཁུལ་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱ་རྒྱུ་རེད།།

  • ལེ་ཚན་སྔོན་མ།:སི་ཁྲོན་དཀར་མཛེས་རྫོང་གི་ཡུལ་གཞན་དུ་གནས་སྤོས་ཡུལ་མིའི་འཚོ་བ་ཉིན་བཞིན་ཇེ་ལེགས་སུ་ཕྱིན་པ།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་དཀར་མཛེས་ཁུལ་གྱི་ཏང་སྲིད་འཐུས་མིའི་ཚོགས་པ་ཁྲིད་དེ་ཧྲང་ཧའེ་ཀྲེ་ཅང་དུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད།
  • དོ་སྣང་ཆེ་བའི་རྩོམ།