ཕོ་བྲང་པོ་ཏ་ལར་སྲུང་སྐྱོང་འདི་འདྲ་བྱེད་བཞིན་འདུག

        2020-11-17

  

ཕོ་བྲང་པོ་ཏ་ལར་སྲུང་སྐྱོང་འདི་འདྲ་བྱེད་བཞིན་འདུག


     ཉེ་ཆར། འཛམ་གླིང་དངོས་མིན་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལའི་ཤིང་ཆའི་ནད་འབུའི་གནོད་སྐྱོན་ལལྷན་འཛོམས་ནད་དཔྱདསྔོན་བཅོས་ཀྱི་བྱེད་སྒོ་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་སྤེལ་བ་དང་། ཐེངས་འདིའིལྷན་འཛོམས་ནད་དཔྱདཀྱིསཕོ་བྲང་པོ་ཏ་ལའི་ཤིང་ཆའི་གནོད་སྐྱོན་དང་འབུ་སྐྱོན། རྩྭ་སྐྱོན་བཅས་ཀྱི་ལྟ་ཞིབ་དང་དོགས་ཟོན་སྐོར་གྱི་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ཡི་གེལ་མིང་རྟགས་བཀོད་པ་རེད། 
     ཐེངས་འདིའི་གྲོས་མཐུན་ཡི་གེ་ནི་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་དང་། བོད་རང་སྐྱོང་ལྗོངས་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་། པེ་ཅིང་སློབ་ཆེན་ཚེ་སྲོག་ཚན་རིག་སློབ་གླིང་བཅས་ཀྱིས་མཉམ་དུ་བཞག་པ་རེད། 
     ཕོ་བྲང་པོ་ཏ་ལ་ནི་བོད་ལྗོངས་སུ་ད་ལྟར་ཡོད་པའི་གཞི་རྒྱ་ཆེ་ཤོས་དང་། ཉར་ཚགས་ཆ་ཚང་ཤོས་ཀྱི་གནའ་བོའི་ཕོ་བྲང་ཡིན་པ་དང་། བཟོ་སྐྲུན་རྒྱུ་ཆ་གཙོ་བོ་ནི་ས་རྡོ་ཤིང་གསུམ་ལས་གྲུབ་པ་རེད། ལོ་རབས་མང་པོ་ཕྱིན་པས།ཤིང་ཆ་རུལ་བ་སོགས་མངོན་མེད་རྐྱེན་ངན་གནས་ཡོད་པ་རེད། 

     གྲོས་མཐུན་ཡི་གེའི་དམིགས་ཡུལ་གཙོ་བོ་ནི་ཕོ་བྲང་པོ་ཏ་ལའི་གནོད་འབུ་སྣ་མང་ཅན་དང་དེའི་ཁྱབ་ཚུལ་སོགས་རྩ་བའི་གནས་ཚུལ་རྒྱུས་ལོན་བྱས་ཏེ། ཆ་འཕྲིན་དེ་དག་ལ་བརྟེན་ནས་དངོས་རིགས་གསལ་འབྱེད་དང་གནོད་འབུ་འགོག་པའི་བྱེད་ཐབས་སྤེལ་རྒྱུ་དང་། ཕན་ནུས་ལྡན་པའི་སྔོན་འགོག་འཐབ་ཇུས་དང་རྗེས་ཕྱོགས་ཀྱི་ལྟ་ཞིབ་འཆར་འགོད་འདོན་རྒྱུ་རེད། 
     པོ་ཏ་ལའི་དོ་དམ་ཁྲུའི་ཏང་ཨུད་ཧྲུའུ་ཅི་སྐལ་བཟང་དོན་གྲུབ་ཀྱིས། གནའ་བོའི་བཟོ་སྐྲུན་གྱི་ནད་འབུའི་གནོད་པ་འགོག་བཅོས་བྱེད་པར་རིག་ཚན་མང་པོ་དང་རིམ་པ་མང་བའི་ཕྱོགས་བསྡུས་རིག་ཚན་དང་འབྲེལ་བ་ཡོད་པས། སློབ་ཆེན་གྲགས་ཅན་དང་ཚན་རིག་ཞིབ་འཇུག་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ་ཕྱོགས་ཡོངས་དང་རིམ་པ་མང་བའི་མཉམ་ལས་བྱས་ནས། ཕོ་བྲང་པོ་ཏ་ལའི་ནད་འབུའི་གནོད་སྐྱོན་ཞིབ་འཇུག་དང་འགོག་བཅོས་ཐད་ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་དཔག་དང་ཞིབ་འཇུག་རབ་དང་རིམ་པ་བྱ་རྒྱུ་ཡིན་པ་བསྟན།

     ཐེངས་འདིའི་མཉམ་ལས་ནི། ཕོ་བྲང་པོ་ཏ་ལའི་ཆེད་ལས་ལག་རྩལ་མི་སྣ་ཚོ་ཁྱོན་ཡོངས་དང་ཕྱོགས་མང་པོའི་སྒོ་ནས་འགོག་བཅོས་ལས་དོན་ལ་ཞུགས་རྒྱུ་དང་ཆབས་ཅིག་ཆེད་ལས་གསོ་སྦྱོང་དང་ལེན་བྱས་ནས། ཕོ་བྲང་པོ་ཏ་ལའི་རང་ངོས་ཀྱི་གནའ་བོའི་བཟོ་བཀོད་ཀྱི་ནད་འབུའི་གནོད་སྐྱོན་འགོག་བཅོས་ཀྱི་བརྟག་དཔྱད་ཞིབ་འཇུག་དཔུང་ཁག་ཅིག་ཆགས་པ་བྱེད་རྒྱུ་ཡིན།

  • ལེ་ཚན་སྔོན་མ།:ཁྲོན་བོད་ལྕགས་ལམ་གྱིས་བསྐྲུན་པའི་འཛམ་གླིང་ཐོག་གི་ཟིན་ཐོ་བཅུ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་འབྲི་ཆུའི་དཔལ་འབྱོར་ས་ཁུལ་གྱི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
  • དོ་སྣང་ཆེ་བའི་རྩོམ།