ཁུལ་ཨུའི་མང་ཚོགས་སྒྲོག་འགྲེལ་ཚོགས་པས་དཔལ་ཡུལ་རྫོང་དུ་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2020-11-13

སྤྱི་ཟླ10པའི་ཚེས26ཉིན་དཀར་མཛེས་ཁུལ་ཨུའི་མང་ཚོགས་སྒྲོག་འགྲེལ་ཚོགས་པས་དཔལ་ཡུལ་རྫོང་དུ་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་བྱས། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

སྒྲོག་འགྲེལ་ཚོགས་འདུའི་ཐོག དཀར་མཛེས་ཁུལ་ཏང་གི་སློབ་གྲྭའི་སྲིད་འཛིན་དོ་དམ་མཐོ་རིམ་འཆད་ཁྲིད་དགེ་རྒན་ཟླ་བ་ཚེ་རིང་གིས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་རིམ་བྱུང་ཐོག་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལ་ཕྱིར་དྲན་བྱས་པ་དང་། རང་ཉིད་ཀྱི་སློབ་སྦྱོང་གི་མྱོང་ཚོར་དང་ཟུང་འབྲེལ་བྱས་ནས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་

མོལ་ཚོགས་འདུ་ཐེངས་བདུན་པའི་དོན་སྙིང་གལ་ཆེན་དང་།ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ།སྤྱི་ཁྱབ་ཧྲུའུ་ཅིའི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་བཅས་ཀྱི་དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན་བཅས་གསོན་ཉམས་དོད་ལ་གོ་སླ་བའི་སྒོ་ནས་སྒྲོག་འགྲེལ་བྱས་ཤིང་དོན་དངོས་དང་གྲངས་གཞི་འབོར་ཆེན་ལ་བརྟེན་ནས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག “ངེས་པར་དུ་བྱ་དགོས་པ་བཅུ”དང་། “དགོས་པ་དྲུག”“འགན་ལེན་བཞི”བཅས་ཀྱི་ལྟེ་གནས་གནད་དོན་རྒྱས་བཤད་གཏིང་ཟབ་བྱས་པ་རེད། ཟླ་བ་ཚེ་རིང་གིས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་དངོས་སུ་བཀོད་སྒྲིག་གནང་ནས་སྐོང་ཚོགས་བྱས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ཞིང་།དེར་ཆབ་སྲིད་ཀྱི་བསམ་གཞིགས་ཟབ་མོ་ཡོད་ལ། ལོ་རྒྱུས་གི་དོན་སྙིང་ལྡན་པས་ང་ཚོས་བློ་རྩེ་གཅིག་བསྒྲིམ་གྱིས་གོ་བ་ལེན་དགོས་པ་དང་།དུས་རབས་གསར་པའི་བོད་ལྗོངས་ལས་དོན་གྱི་དམིགས་ཡུལ་ལས་འགན་དང་།བོད་ལྗོངས་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐབས་ཇུས་བཀོད་སྒྲིག བོད་ཀྱི་ལས་དོན་གྱི་མགོ་འཛུགས་ས་དང་དོན་ལ་བབས་སའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐབས་ཇུས་བཀོད་སྒྲིག སྐྱེ་ཁམས་ཉེན་མེད་སྲུང་ཡོལ་བརྟན་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་ཞི་ཅིན་ཕིང་གི་ཐབས་ཇུས་བཀོད་སྒྲིག་བཅས་ཁོང་དུ་ཆུད་པར་བྱས་ནས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་།ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་། ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱ་དགོས།ཁོས་ད་དུང་ཚོགས་ཞུགས་མི་སྣ་དང་མཉམ་དུ་དཀར་མཛེས་ཁུལ་གྱི་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་རེད།

ཉིན་དེར།དཀར་མཛེས་ཁུལ་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཧན་ཡུས་ཀྱིས་འཛུགས་སྐྲུན་གྲོང་རྡལ་དུ“ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན”སྒྲོག་འགྲེལ་བྱས་པ་དང་། ཁོས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་ཚོགས་འདུ་རིམ་བྱུང་གི་གཞི་རྩའི་གནས་ཚུལ་མདོར་བསྡུས་དང་ལོ་རྒྱུས་ཀྱི་ཤུགས་རྐྱེན་ཐོག་ནས། དཀར་མཛེས་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་བསྟུན་ནས་ངེས་པར་དུ་བསྒྲུབ་དགོས་པ་བཅུའི་ཀྲུང་དབྱང་གི་བོད་སྐྱོང་ཐབས་ཇུས་ལ་དབྱེ་ཞིབ་བྱས་པ་དང་། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་སྒྲོག་འགྲེལ་བྱས་པ་རེད།

ཞུས་ཏུང་གིས་སྒྲོག་འགྲེལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་གསུངས་དོན། གཅིག་ནི་རྫོང་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་ཁག་གིས“ལྟེ་བའི་ཚོ་ཆུང་དང་ཏང་ཀྲི་པུའུ་ཡི་སློབ་སྦྱོང་།ཞིང་འབྲོག་པའི་མཚན་མོའི་སློབ་གྲྭ སློབ་སྦྱོང་བྱས་ནས་རྒྱལ་ཁབ་སྟོབས་ལྡན་གཏོང་བ”བཅས་ཀྱི་གཞུང་ལུགས་སློབ་སྦྱོང་ལས་སྟེགས་ལ་བརྟེན་ནས་ལས་ཁུངས་ཀྱི་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་སློབ་སྦྱོང་གི་ཚ་རླབས་ཤིག་འཕྱུར་བ་བྱས་ནས་སློབ་སྦྱོང་ལ་ཕན་འབྲས་ཐོན་པར་འགན་ལེན་བྱ་དགོས། གཉིས་ནི“ལས་བྱེད་པ་དང་མང་ཚོགས། དགེ་སློབ། གྲྭ་བཙུན”བཅས་ཚོགས་སྤྱི་ཆེན་པོ་བཞི་ལ་དམིགས་ནས“ལྔ་ལྔའི་སྒྲོག་འབྲེལ་བྱེད་ཐབས”ལ་བརྟེན་ནས་སྒྲོག་འགྲེལ་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ་སྒྲོག་འགྲེལ་བྱ་རྒྱུ་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱ་དགོས།གསུམ་ནི་རིམ་པ་ཁག་དང་སྡེ་ཁག་ཁག་གིས་ཐེངས་འདིའི་ཚོགས་འདུའི་དགོངས་དོན་དེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།ཁུལ་ཨུ།རྫོང་ཨུའུ་བཅས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བསམ་བློ་དང་རིགས་པའི་གཞུང་ལུགས་དེ་ལག་ལེན་ལ་མཛུབ་ཁྲིད་བྱེད་པའི་མཚོན་ཆ་ནུས་ལྡན་ཞིག་ཏུ་བསྒྱུར་ནས། ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱས་མཐར། གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་དཔལ་ཡུལ་རྫོང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ།ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས།

རྫོང་རིམ་པའི་མགོ་ཁྲིད་དང་སྡེ་ཚན་ཁག ཡུལ་གྲོང་ཁག་གི་ལས་བྱེད་པ་སོགས་ཁྱོན་བསྡོམས་མི350ལྷག་སྒྲོག་འགྲེལ་ཚོགས་འདུར་ཞུགས་ཡོད། །

(ལས་ཞོར་གསར་འགོད་པ།ཚེ་དབང་དཔལ་མོས་བྲིས་ཤིང་པར་བླངས།)


  • ལེ་ཚན་སྔོན་མ།:ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པས་གསེར་ཐར་རྫོང་དུ་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་བྱས།
  • ལེ་ཚན་རྗེས་མ།:ཕྱག་ཕྲེང་རྫོང་ལ“ཀྲུང་གོའི་བོད་ཁང་དཀར་པོའི་རིག་གནས་ཀྱི་ ཆོལ་ཁ”ཞེས་པའི་མིང་བྱང་གསར་པ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།