ཡུན་རིང་གི་མིག་རྒྱང་དང་སྒོ་འབྱེད་ཀྱི་བསམ་བློ་བཅངས་ནས་དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་ཡག་པོ་གཉེར་དགོས་ཞེས་ཐུགས་རེ་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2020-11-13

སྤྱི་ཟླ11པའི་ཚེས6ཉིན། དཀར་མཛེས་ཁུལ་རིག་གནས་དང་ཡུལ་སྐོར་ཐོན་ལས་མགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་དང་དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་ཚོང་གཉེར་ལས་ཀའི་ཚོགས་འདུ་འཚོགས་ནས《དཀར་མཛེས་ཁུལ2020ལོ་ནས2021ལོའི་བར་གྱི་དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་ཚོང་གཉེར་ལས་ཀའི་ཇུས་གཞི》ལ་གྲོས་སྡུར་དང་གྲོས་ཞིབ་བྱས་པའི་དུས་མཚུངས་སུ། ཁུལ་ཡོངས་ཀྱི་དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་ཚོང་གཉེར་ལས་ཀའི་གྲ་སྒྲིག་གནས་ཚུལ་ལ་གསན་འཇོག་གནང་ནས་འབྲེལ་ཡོད་ལས་ཀར་བཀོད་སྒྲིག་བྱས་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་བཅིངས་འགྲོལ་དང་ཡིད་ཆེས་བརྟན་པོ། མཐོང་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྒོ་འབྱེད་དང་ཁོང་ཡངས་ཀྱི་རྣམ་པའི་ཐོག་ནས་ཡུལ་སྐོར་འཕེལ་རྒྱས་ཀྱི་དུས་རབས་གསར་པར་བསུ་མ་བྱས་ཏེ། དཀར་མཛེས་ཁུལ་གྱི་ཡུལ་སྐོར་ཐོན་ལས་དེ་ཡུལ་སྐོར་བ་ཉུང་བའི་དུས་སུ་ཡུལ་སྐོར་བ་མི་ཉུང་བ་དང་། ཡུལ་སྐོར་བ་མང་བའི་དུས་སུ་དེ་བས་མང་བའི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབ་རྒྱུར་སྐུལ་འདེད་གཏང་དགོས་ཞེས་ནན་གསུང་གནང་བ་རེད།

ཞའོ་ཡིའུ་ཚའེ་ཡིས་གཅིག་ནི་ངེས་པར་དུ་ནུས་ཤུགས་ཡོད་རྒུས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ཡག་པོ་བྱ་དགོས་པ་དང་། གཉིས་ནི་ངེས་པར་དུ་ཚན་རིག་དང་མཐུན་པའི་ཚོང་གཉེར་བྱེད་སྒོ་ཇུས་འགོད་བྱ་དགོས། གསུམ་ནི་ངེས་པར་དུ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་མཐའ་གཅིག་ཏུ་བྱ་དགོས། བཞི་ནི་ངེས་པར་དུ་བློ་རྩེ་གཅིག་བསྒྲིས་གྱིས་ཞབས་ཕྱི་གང་ལེགས་བསྒྲུབ་དགོས། ལྔ་ནི་ངེས་པར་དུ་རིམས་ནད་འགོག་བཅོས་ཚོད་འཛིན་ཡག་པོ་བྱ་དགོས། དྲུག་ནི་ངེས་པར་དུ་ལས་ཆོད་ཆེ་བའི་སྒོ་ནས་ཚོང་གཉེར་དྲིལ་བསྒྲགས་ལ་སྐུལ་འདེད་གཏང་དགོས་ཞེས་ཐུགས་རེ་གནང་བ་རེད།།


  • ལེ་ཚན་སྔོན་མ།:ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་གིས་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།