དབུལ་སྐྱོར་གནད་སྨིན་གྱི་སྲིད་ཇུས་ལ་བསྟོད་པ།

        2020-10-28

མཉམ་དུ། དེ་རིང་ང་ཚོ་སྟག་ཤར་བཞི་པོ་ཡིས།།

ཡུལ་མི་རྒན་དར་གཞོན་གསུམ་ལྷན་རྒྱས་ལ།།

ཚོགས་ཆེན་བཅུ་དགུའི་དགོངས་དོན་དྲིལ་བསྒྲགས་དང་།།

དབུལ་སྐྱོར་གནད་སྨིན་སྐོར་ལ་ཅུང་ཟད་ཞུ།།

ཀ་པ། ཚོགས་ཆེན་བཅུ་དགུའི་བརྗོད་བྱ་མངོན་གསལ་དོད།།

ཐོག་མའི་བསམ་འདུན་མ་བརྗེད་དམངས་ཕན་བསྒྲུབ།།

རྫོང་ཡོངས་གོང་འོག་ཚང་མ་སྐུལ་སློང་བྱས།།

དབུལ་ཐར་འགག་སྒྲོལ་དམག་འཐབ་རྒྱལ་ཁ་ཐོབ།།

མཉམ་དུ། དབུལ་ཐར་འགག་སྒྲོལ་དམག་འཐབ་རྒྱལ་ཁ་ཐོབ།།

ཁ་པ། ཏང་གིས་དབུལ་སྐྱོར་གནད་སྨིན་གཏན་འབེབས་མཛད།།

དབུལ་ཐར་འགག་སྒྲོལ་དམག་འཐབ་དུང་བརྡ་གྲགས།།

འབྱོར་འབྲིང་ལམ་ལ་རྗེས་སྙེག་འགན་འཁྲི་ཁུར།།

དབུལ་ཐར་འགག་སྒྲོལ་མདའ་མོ་འབེན་ལ་ཕོག།

མཉམ་དུ། དབུལ་ཐར་འགག་སྒྲོལ་མདའ་མོ་འབེན་ལ་ཕོག།

ག་པ། དབུལ་སྐྱོར་བྱ་ཡུལ་དབྱེ་འབྱེད་དོན་ཆེན་རེད།།

དབུལ་པོ་ཆགས་པའི་རྒྱུ་རྐྱེན་དབྱེ་ཞིབ་དང་།།

དབུལ་སྐྱོར་གྲངས་ཀའི་གཞི་མཛོད་གཏན་འཁེལ་མཛད།།

དངོས་ཐོག་བདེན་འཚོལ་དབུལ་སྐྱོར་གནད་དུ་སྨིན།།

མཉམ་དུ། དངོས་ཐོག་བདེན་འཚོལ་དབུལ་སྐྱོར་གནད་དུ་སྨིན།།

ང་པ། གྲོང་ཚོར་བསྟུན་ནས་སྲིད་ཇུས་ལག་བསྟར་དང་།།

དུད་ཚང་གཞིར་བཟུང་དབུལ་སྒྲོལ་ཐབས་ཇུས་བཏོན།།

དབུལ་ཐར་འགག་སྒྲོལ་དམག་འཐབ་འཆར་འགོད་བཞིན།།

རྣམ་གྲངས་མ་དངུལ་དོན་འཁྱོལ་དམ་འཛིན་བྱེད།།

མཉམ་དུ། རྣམ་གྲངས་མ་དངུལ་དོན་འཁྱོལ་དམ་འཛིན་བྱེད།།

ཀ་པ། དབུལ་སྐྱོར་བྱ་ཡུལ་རྣམ་གྲངས་བཀོད་སྒྲིག་དང་།།

མ་དངུལ་བེད་སྤྱོད་བྱེད་ཐབས་གནད་འཁེལ་དང་།།

གྲོང་ཚོར་མི་མངགས་ཕན་འབྲས་ཐོན་པ་སོགས།།

གནད་འཁེལ་དྲུག་པོ་ངེས་པར་སྒྲུབ་པར་བྱེད།།

མཉམ་དུ། གནད་འཁེལ་དྲུག་པོ་ངེས་པར་སྒྲུབ་པར་བྱེད།།

ཁ་པ། ཐོན་སྐྱེད་འཕེལ་རྒྱས་ས་ཆ་གཞན་དུ་སྤོས།

སྣོད་བཅུད་ཁ་གསབ་སློབ་གསོ་འཕེལ་རྒྱས་བཏང་།།

སྤྱི་ཚོགས་འགན་སྲུང་མཐའ་སྐྱོང་བྱེད་པ་སོགས།།

ཁག་གཅིག་བྱས་པ་ལྔ་ཡིས་སྐུལ་འདེད་བྱེད།།

མཉམ་དུ། ཁག་གཅིག་བྱས་པ་ལྔ་ཡིས་སྐུལ་འདེད་བྱེད།།

ག་པ། ཐོན་ལས་དབུལ་སྐྱོར་གཙོ་བོའི་ནང་གི་གཙོ།།

ལས་གྲྭ་ཆེ་བས་ཁྲིད་སྐྱོར་གཞོགས་འདེགས་བྱེད།།

གཞི་གཅིག་ཅན་གྱི་སྐྱེ་ཁམས་བསྐྲུན་པའི་ཆེད།།

འདེབས་འཛུགས་གསོ་སྤེལ་ཡུལ་སྐོར་ལས་རིགས་སྤེལ།།

མཉམ་དུ། འདེབས་འཛུགས་གསོ་སྤེལ་ཡུལ་སྐོར་ལས་རིགས་སྤེལ།།

ང་པ། གཞུང་གིས་མཐའ་སྐྱོང་དབུལ་སྒྲོལ་སྲིད་ཇུས་བཟང་།།

ངལ་རྩོལ་ཕྱིར་གཏོང་ལག་རྩལ་སྦྱོང་བརྡར་གཉིས།།

འབྲེལ་མཐུད་བྱས་ཏེ་ལས་ཞུགས་ལམ་བུ་གཏོད།།

སློབ་གསོ་སྨན་བཅོས་ཞབས་ཞུས་རྗེས་སྙེག་བྱས།།

མཉམ་དུ། སློབ་གསོ་སྨན་བཅོས་ཞབས་ཞུས་རྗེས་སྙེག་བྱས།།

ཀ་པ། ལས་དོན་རུ་མི་དུད་ཚང་ནང་དུ་ཕེབས།།

དུད་ཚང་རེ་རེ་བརྟག་དཔྱད་མཐིལ་རྟོགས་བྱས།།

དོན་དངོས་གཞིར་བཟུང་བྱ་ཐབས་འཆར་འགོད་ཀྱིས།།

ཐོན་ལས་དམ་འཛིན་འབབ་འཕར་སྐུལ་འདེད་བཏང་།།

མཉམ་དུ། ཐོན་ལས་དམ་འཛིན་འབབ་འཕར་སྐུལ་འདེད་བཏང་།།

ཁ་པ། དུད་ཚང་གཞིར་བཟུང་སྲིད་ཇུས་ལག་བསྟར་བྱས།།

ཆ་སྒྲིག་རོགས་སྐྱོར་རང་རང་འགན་འཁྲི་འཁུར།།

དབུལ་སྒྲོལ་འཆར་གཞི་བློ་ལ་བརྟན་པོར་ངེས།།

དབུལ་སྒྲོལ་དམིགས་ཚད་མངོན་འགྱུར་ཐུབ་པར་བྱེད།།

མཉམ་དུ། དབུལ་སྒྲོལ་དམིགས་ཚད་མངོན་འགྱུར་ཐུབ་པར་བྱེད།།

ག་པ། དབུལ་སྐྱོར་བྱེད་པར་དཀའ་སྡུག་ཚད་མེད་མྱོང་།།

བཟང་ཆའི་ཐོན་ཁུངས་ཚང་མ་སྔོག་འདོན་དང་།།

སྲིད་ཇུས་ནུས་ཚད་ཚང་མ་འདོན་སྤྲོད་ཀྱིས།།

བློ་རྩེ་གཅིག་སྒྲིམ་དབུལ་སྒྲོལ་འགག་སྒྲོལ་བྱེད།།

མཉམ་དུ། བློ་རྩེ་གཅིག་སྒྲིམ་དབུལ་སྒྲོལ་འགག་སྒྲོལ་བྱེད།།

ང་པ། ཏང་གི་སྲོག་ཤིང་བྲག་རྡོ་ལས་ཀྱང་བརྟན།།

གཏན་འབེབས་དོན་ཚན་བརྒྱད་པོའི་རྦབ་རྡོ་དེས།།

རུལ་སུངས་ལྐོག་ཟ་ཅན་གྱི་རྐང་པ་བཅག།

ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ཧ་ཅང་ཡག།

མཉམ་དུ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ཧ་ཅང་ཡག།

མཉམ་དུ། ཚན་རིག་འཕེལ་རྒྱས་ལྟ་བས་ལམ་སྟོན་བྱས།།

སྲིད་ཇུས་བཟང་པོས་རྣམ་པ་གསར་པ་གཏོད།།

ཚོགས་ཆེན་བཅུ་དགུའི་དགོངས་དོན་བློ་ལ་ངེས།།

འགན་འཁྲི་ཡིད་ལ་བཅངས་ནས་མདུན་དུ་སྐྱོད།།

འགན་འཁྲི་ཡིད་ལ་བཅངས་ནས་མདུན་དུ་སྐྱོད།།

༼ གེ་སར་ཅན། ༽


  • ལེ་ཚན་སྔོན་མ།:གང་དུ་བཞུད་སོང་། ཕྱིར་ཕེབས་སྲིད་དམ།
  • ལེ་ཚན་རྗེས་མ།:དྲན་པ་གློ་བུར་མ།