དོན་དག་ཐག་གཅོད་བྱ་རྒྱུར་དམ་པོར་དམིགས་ཏེ། འགན་འཁྲི་དང་བྱ་ཐབས་ནན་འཁྱོལ་བྱ་དགོས།

བདེ་སྐྱིད་ཀྱིས་བསྒྱུར།        2020-10-26

རང་ཁུལ་གྱིས་མངོན་གསལ་གསུམ་གྱི་བྱེད་ཐབས་སྤྱད་དེ་ཡིག་སྐུར་ངོ་བཅར་བསྐྱར་དུ་བྱེད་པར་བཅོས་སྐྱོང་དང་སྔར་ལུས་གྱོད་དོན་འདུམ་པའི་ཆེད་དོན་ལས་ཀར་སྐུལ་འདེད་བཏང་།

ད་ལོ་ནས་བཟུང་། རང་ཁུལ་གྱིས་ཕྱོགས་ཡོངས་ལ་བཀོད་སྒྲིག་བྱ་རྒྱུ་མངོན་གསལ་བྱེད་པ་དང་། འགན་འཁྲི་དོན་འཁྱོལ་བྱ་རྒྱུ་མངོན་གསལ་བྱེད་པ། ལྟ་སྐུལ་ཁྲིད་སྟོན་དང་ཞིབ་བཤེར་བྱ་རྒྱུ་མངོན་གསལ་བྱེད་པ་བཅས་ཀྱིས་ཡིག་སྐུར་ངོ་བཅར་བསྐྱར་དུ་བྱེད་པར་གཅིག་སྡུད་བཅོས་སྐྱོང་དང་ཡིག་སྐུར་ངོ་བཅར་གྱི་སྔར་ལུས་གྱོད་དོན་འདུམ་པའི་ཆེད་དོན་ལས་ཀར་སྐུལ་འདེད་ཏན་ཏིག་བཏང་བ་རེད།

ཁུལ་ཡིག་སྐུར་ངོ་བཅར་ལས་ཀའི་མཉམ་འབྲེལ་གྲོས་ཚོགས་གཞུང་ལས་ཁང་གིས་སྔོན་རྗེས་སུ་ཆེད་དོན་གྲོས་ཚོགས་ཐེངས3འཚོགས་ནས། ལས་སྒོ་ཚད་ལྡན་དང་ལམ་ལུགས་ལམ་སྲོལ། ཐབས་ཤེས་དང་བྱ་ཐབས། ལས་ཀའི་སྤྱོད་ཚུལ་སོགས་ཀྱི་ཐད་ནས་ཆེད་དོན་ལས་ཀར་བཀོད་སྒྲིག་བྱས་པ་རེད། རྫོང﹙གྲོང་ཁྱེར﹚ཁག་གི་ཡིག་སྐུར་ངོ་བཅར་སྡེ་ཁག་གིས་དམིགས་འབེན་གྱི་འདུ་ཤེས་འཛིན་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། ལས་ཀའི་སྤྱོད་ཚུལ་བསྒྱུར་བ། གཅིག་གྱུར་མགོ་ཁྲིད་དང་སྡེ་ཁག་མཉམ་སྡེབ། ཕྱོགས་མང་མཉམ་འགུལ། རྩ་ལག་མཉམ་བཅོས་བཅས་ཀྱི་ཡིག་སྐུར་ངོ་བཅར་ལས་ཀའི་རྣམ་པ་ཆགས་པར་བྱས་ཡོད། ལས་ཆོད་ཆེ་རུ་གཏོང་བ་དང་རྩོད་གཞི་སེལ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐད་ལ་འབད་བརྩོན་བྱས་ཏེ་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་སྔར་ལས་ལེགས་པར་ཐག་གཅོད་བྱས་པ་རེད།

རྒྱལ་ཁབ་ཡིག་སྐུར་ངོ་བཅར་ཅུས་ཀྱིས་རང་ཁུལ་ལ་རྩིས་སྤྲོད་བྱས་པའི་ཡིག་སྐུར་ངོ་བཅར་བསྐྱར་མ་བྱེད་པའི་གྱོད་གཞི40རེ་རེ་བཞིན་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ། ཡིག་སྐུར་ངོ་བཅར་གྱི་རེ་ཞུའི་ནང་དོན་ཁ་གསལ་དང་གྱོད་གཞི་སྒྲུབ་གཉེར་གྱི་བརྒྱུད་རིམ་གསལ་པོ། གནད་དོན་གྱི་འགག་རྩ་གསལ་པོ་བཅས་བྱས་ཡོད།“གཏན་འཁེལ་ལྔ་དང་འགན་ལེན་ལྔའི”ལས་ཀའི་བླང་བྱ་གཞིར་བཟུང་ནས་རྫོང་རིམ་པའི་གྱོད་གཞི་འགན་གཙང་ལེན་གྱི་མགོ་ཁྲིད་རེ་རེ་བཞིན་དོན་འཁྱོལ་བྱས་ཏེ། ཐོད་གཏུག་གི་བྱེད་སྟངས་སྤྱད་དེ་རྩིས་སྤྲོད་གནད་འཁེལ་བྱས་པ་རེད། དུས་མཉམ་དུ་ཁུལ་དང་རྫོང་གི་ཡིག་སྐུར་ངོ་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་གཞུང་ལས་ཁང་གིས《ཡིག་སྐུར་ངོ་བཅར་བསྐྱར་མའི་ཆེད་དམིགས་བཅོས་སྐྱོང་འགན་འཁྲིའི་ཡི་གེ》བཞག་སྟེ། འགན་འཁྲི་དམིགས་སར་འབྱོར་བར་བརྟེན་ནས་འདུམ་སེལ་དམིགས་སར་འབྱོར་བའི་འགན་ལེན་བྱས་ནས་རང་ཁུལ་གྱི་ཡིག་སྐུར་ངོ་བཅར་བསྐྱར་མ་བྱེད་ཚད་ཆེས་ཆེར་ཆག་རྒྱུར་སྐུལ་འདེད་བཏང་བ་རེད།།

  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་དང་བཅས་པ་ཧྲེན་ཀྲེན་དང་ཧུའེ་ཀྲོའུ་རུ་ཕྱིན་ནས་ཁ་གཏད་རོགས་སྐྱོར་ལས་ཀར་འབྲེལ་མཐུད་བྱས།
  • ལེ་ཚན་རྗེས་མ།:དཔལ་ཡུལ་རྫོང་གིས2020ལོའི་སྤྱི་ཚོགས་དབུལ་སྐྱོར་ལ་སྐུལ་འདེད་དང་དབུལ་ཐར་འགག་སྒྲོལ་སྐོར་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས།
  • དོ་སྣང་ཆེ་བའི་རྩོམ།