སེར་ཤུལ་རྫོང་གི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་གྲོས་ཚོགས།

        2020-10-22

སེར་ཤུལ་རྫོང་གི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་གྲོས་ཚོགས།

    ཟླ10པའི་ཚེས19ཉིན་སེར་ཤུལ་རྫོང་གིས་བསམ་པའི་དཔལ་ཡོན་འཛུཊ་སྐྲུན་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་ཚོགས་པ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིང་ཅིན་ཕིང་གིས་བཟའ་བཏུང་ཆུད་ཟོས་སུ་གཏོང་བའི་བྱ་སྤྱོད་ལ་བཀག་འགོག་བྱེད་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས། དཔལ་ཡོན་ལས་ཁུངས་ཚོ་ལ་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་སྐོར་ལ་བཀོད་སྒྲིག་བྱས། དཔལ་ཡོན་གྲོང་ཁྱེར་དང་ལས་ཁུངས། གྲོང་ཚོ་སོགས་སྐྲུན་ཚུལ་སྐོར་གྱི་ཀྲུང་དབྱང་དང་། ཞིང་ཆེན། ཁུལ་བཅས་དཔལ་ཡོན་ཨུ་ལྷན་གྱི་འབྲེལ་ཡོད་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། 2019ལོའི་གསར་དུ་སྐྲུན་པའི་རྫོང་རིམ་པའི་དཔལ་ཡོན་ལས་ཁུངས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་ནས2019ལོའི་དཔལ་ཡོན་ལས་ཁུངས་ཀྱི་གཟེངས་བསྟོད་བྱས། འདན་ཁོག་ཡུལ་གྱི་ཞག་སྡོད་ལམ་ལུགས་སློབ་གྲྭ་དང་།  མི་ཤུགས་ཐོན་ཁུངས་སྤྱི་ཚོཊ་འགན་སྲུང་ཅུས་གཉིས་ཀྱིས་སོ་སོའི་གཏམ་བཤད་དང་མ་འོངས་ལམ་ནས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལས་དོན་སྐོར་ལ་བཀོད་སྒྲིག་བྱས། རྫོང་ཨུའི་དྲིལ་བསྒྲཊ་པུའ་ཡི་པུའུ་ཀྲང་ཐུབ་བསྟན་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་།

  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་ཧྲེན་ཀྲེན་ལ་ཁ་གཏད་རོགས་སྐྱོར་ལས་དོན་སྒྲུབ་ཏུ་ཕེབས།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་དང་བཅས་པ་ཧྲེན་ཀྲེན་དང་ཧུའེ་ཀྲོའུ་རུ་ཕྱིན་ནས་ཁ་གཏད་རོགས་སྐྱོར་ལས་ཀར་འབྲེལ་མཐུད་བྱས།
  • དོ་སྣང་ཆེ་བའི་རྩོམ།