མི་ཆོས་འབྲེལ་འཛིན་རྩ་འགངས་ཆེ་འམ།

རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།        2020-10-22

    སྦོན་ཟི་ཞི་ནི་སྤྱི་ཚོགས་རིག་པ་བ་ཞིག་ཡིན་ཏེ། གཙོ་ཆེར་མི་ཆོས་འབྲེལ་འཛིན་རིག་པར་འཇུག་གནང་བཞིན་མཆིས། ཁོང་ལ་གྲགས་པའི་བ་དན་དགུང་ན་འཕྱོ་བའི༡:༢༥གས་འགྱུར་གཏན་སྲོལ་གྱི་གཞུང་ལུགས་མངའ་སྟེ། གལ་སྲིད་ཁྱོད་ཀྱི་མི་གཅིག་ངོ་ཤེས་ཚེ་མི་དེ་བརྒྱུད་ནས་ཧ་ལམ་མི༢༥ངོ་འདྲིས་ཐུབ་ཀྱི་ཡོད། གཞུང་ལུགས་དེ་ཉིད་ནུབ་ཕྱོགས་ཚོང་གི་ཁམས་སུ་མཁའ་ཁྱབ་ཏུ་སྤྱད་པ་དང་། རྗེས་སོར་གཞུང་ལུགས་དེ་ཉིད་དོན་འཁྱོངས་རིག་པའི་ཁྱོན་དུ་དྲངས་ཏེ་ལས་ཀྱི་དོན་སྒོ་འཁྱོངས་པའི་གཏན་ཚིགས་གསེར་ནག་མར་གྱུར།

     མི་ཆོས་འབྲེལ་འཛིན་རིག་པ་དེ་འདྲའི་རྩ་འགངས་ཆེའམ། ༢༠༠༤ལོའི་ཟླ༧པར་སྦོན་ཟི་ཞི་ཆེན་པོ་ཙི་ནའི་ཡུལ་དུ་འཚམས་འདྲིར་ཕེབས་ཤིང་། ཕྱིར་ལྡོག་རྗེས་ཁོང་ཉིད་རང་གི་མི་ཆོས་འབྲེལ་འཛིན་གྱི་གཞུང་ལུགས་ལ་དོགས་འཆར་གྱི་ཡིད་གཉིས་ཟོས། ཆེན་པོ་ཙི་ནའི་ཡུལ་དུ་འཚམས་འདྲིའི་སྒང་ལ《མ་ཧཱ་ཙི་ནའི་རྒྱལ་རབས་རིམ་བྱོན་གྱི་གོང་མའི་རབས》ཞེས་པའི་དེབ་ཅིག་ཁོང་ལ་ལག་རྟགས་སུ་བསྟབས། དེབ་དེ་བཀླགས་པའི་བརྒྱུད་རིམ་དུ་ཁོང་གིས་ཆེན་པོ་ཙི་ནའི་གོང་མའི་གྲོངས་སྟངས་ལ་བྲོད་སེམས་བོར། ཁོང་གིས་ཆེན་པོ་ཙི་ནའི་གྲོངས་སྟངས་ལ་རིགས༡༦ཙམ་མཆིས་པ་ཐུགས་སུ་དགོངས་ཡོད་དེ། དེ་དག་རིམ་བཞིན་བློན་གྱིས་དགྲོང་པ་དང་སྤུན་ཟླས་ཕན་ཚུན་དགྲོང་བ། ཉུག་རིམ་པས་དགྲོང་བ། བུ་ཡིས་དགྲོང་བ། ཁུ་བོས་དགྲོང་བ། ཡབ་ཀྱིས་དགྲོང་བ། རྨོ་མོས་དགྲོང་བ། སྒྱུག་པོས་དགྲོང་བ། དམག་གིས་དགྲོང་བ། དམར་གསོད་ཀྱིས་དགྲོང་བ། རང་དམེས་དགྲོང་བ། ནད་ཀྱིས་གྲོངས་བ། ཡུམ་གྱིས་དགྲོང་བ། བཙུན་མོས་དགྲོང་བ། རྨོ་མོས་དགྲོང་བ། ཚེ་མཐའ་ཟིན་པ་སོགས་ཡིན། གྲོངས་སྟངས་དེ་དག་གི་ཁྲོད་ཀྲུང་གོའི་གོང་མ་ཕྱེད་ཅིག་རང་ཉིད་གུད་ཀྱི་མིས་གནག་པ་ཡིན། དེ་བཞིན་ཁོང་གིས་གླིང་ཆེན་ཡོ་རོབ་དང་གླིང་ཆེན་ཨེ་ཤའི་ཡའི་རྒྱལ་ཁབ་གཞན་དག་གི་གོང་མ་གྲོངས་སྟངས་ཀྱང་ཆེན་པོ་ཙི་ནའི་གོང་མ་དང་ཆ་ཡོངས་སུ་མཚུངས།

     གོང་མ་ནི་རྒྱལ་ཁབ་ཅིག་གི་ཁ་འཛིན་དང་མི་ཆོས་འབྲེལ་འཛིན་ཆེས་ཆེར་ལྡན་པ་ཞིག་ཀྱང་ཡིན། ཡིན་ཡང་། དེ་དག་ཕལ་མོ་ཆེ་གྲོངས་སྟངས་ཚུལ་མིན་དུ་འདུག་པ་ཅིའི་ཕྱིར་རམ། སྦོན་ཟི་ཞིས་སྔ་བསམ་ཕྱི་མནོ་གང་མང་བཏང་མཐར་མི་ཆོས་འབྲེལ་འཛིན་རིག་པར“འགལ་བ་ལྟག་སྤྲོད”ཅིག་འདུག་པར་དགོངས། སྐད་ཆ་བསྐོར་ནས་བཤད་ན། མི་ཆོས་འབྲེལ་འཛིན་གྱི་གཞུང་ལུགས་སུ་གནས་ལུགས་དོན་གྱིས་ཕྱུག་པར་མཐོང་། འོན་ཀྱང་མཚན་ཉིད་རྩོད་སྒྲུབ་རིག་པ་སྤྱད་ནས་བརྟགས་ན་དེའི་འཁྲུལ་གཞིའང་ངང་གིས་རྟོགས།

རྟིང་སོར་བདག་གིས་དཔེ་དེབ་ཅིག་གི་ཁྲོད་ནས་ཚིག་ཅིག་མཐོང་བ་འདི་ལྟར་ཏེ། རྒྱུ་རྩ་མཐུག་མིན་དང་མི་ཆོས་འབྲེལ་འཛིན་རྒྱ་ཆེ་མིན་ཇི་ལྟར་ཡང་མི་ཚེ་གཅིག་ལ་ཁ་གཏད་དགོས་པ་མཐར་ཐུག་ཏུ་རང་ཉིད་གུད་ཀྱི་མི་བུ་དག་ཡིན་ཞིང་བསམ་གཞིག་སྔོན་དུ་འགྲོ་དགོས་པ་དང་བག་ཟོན་དགོས་པ། ཉེར་ལེན་དུ་ཁ་གཏད་དགོས་པའང་རང་ཉིད་གུད་ཀྱི་མི་བུ་དག་ཡིན་པར་མ་ཟད། དགའ་བ་རྣལ་མ་བསྩལ་མཁན་དང་དགའ་བ་རྣལ་མ་བསྩལ་སའང་མི་བུ་དེ་དག་གོ།འདི་ནི་ད་གཟོད་སྦོན་ཟི་ཞིས་བཤད་པར་འདོད་ཅིང་བཤད་མ་བྲ་བའི་གནད་དེའོ། །

  • ལེ་ཚན་སྔོན་མ།:འདོད་ཆུང་ཆོག་ཤེས་ལས་བདེ་སྐྱིད་རྙེད།
  • ལེ་ཚན་རྗེས་མ།:དང་བ། སྒྲུང་གིས་འདྲེན།