ཞའོ་ཡིའུ་ཚའེ་ཡིས་འདབ་པ་རྫོང་དུ་གྲོང་ཁྱེར་འཛུགས་སྐྲུན་ཐད་བརྟག་དཔྱད་ཞིབ་འཇུག་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2017-10-12

     ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་འདབ་པ་རྫོང་དུ་གྲོང་ཁྱེར་འཛུགས་སྐྲུན་ལས་ཀར་རྟོག་ཞིབ་གནང་སྐབས། འདབ་པ་རྫོང་གིས་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་ཤིང་། རང་ངོས་ཀྱི་ཁྱད་ཆོས་དང་བཟང་ཆར་གཞི་འཛིན་ཏེ་ཁྱོན་ཡོངས་ནས་གྲོང་ཁྱེར་དང་གྲོང་གསེབ་རིམ་སྤོར་གྱི་འཐབ་ཇུས་ལ་སྐུལ་འདེད་གཏང་དགོས། སྡོད་གནས་དང་ཐོན་ལས། ཡུལ་སྐོར་ལ་འཚམ་པའི་མཐོ་སྒང་གི་སྤུས་ལེགས་ཡུལ་སྐོར་གྲོང་ཁྱེར་དང་གྲོང་རྡལ་བསྐྲུན་རྒྱུར་ཤུགས་སྣོན་བརྒྱག་དགོས་ཞེས་ནན་གསུང་གནང་བ་རེད།

     འདབ་པ་རྫོང་བཅིངས་འགྲོལ་འདམ་རའི་གླིང་གའི་ལས་གཞིའི་ཡུལ་དང་རྫོང་གི་གྲོང་ཁུལ་འཛུགས་སྐྲུན། རྣམ་པ་བསྒྱུར་བཀོད་སོགས་ཡུལ་དངོས་སུ་རྟོག་ཞིབ་གནང་རྗེས་ཞའོ་ཡིའུ་ཚའེ་ཡིས་ཉེ་བའི་ལོ་ཤས་རིང་འདབ་པ་རྫོང་གིས་རང་གིས་རང་ལ་ལས་འགན་ལྗིད་པོ་དཀྲིས་ཏེ་གྲོང་ཁུལ་རིམ་སྤོར་གྱི་འཐབ་ཇུས་ལ་སྐུལ་འདེད་བཏང་སྟེ་གྲུབ་འབྲས་ཆེན་པོ་ཐོབ་པར་གདེང་འཇོག་མཐོན་པོ་གནང་བ་རེད། ཁོང་གིས་འདབ་པ་རྫོང་གིས་གྲོང་ཁུལ་བསྒྱུར་བཀོད་དང་རིམ་སྤོར་ལས་གཞི་ལག་བསྟར་ཇེ་མགྱོགས་སུ་བྱས་མཐར། གྲོང་ཁུལ་གྱི་རྣམ་པ་སྔར་བས་ཇེ་ཡག་དང་ཡུལ་སྲོལ་གོམས་འདྲིས་སྔ་བས་ཇེ་བཟང་། སྔ་བས་མཛེས་སྡུག་ལྡན་པའི་གྲོང་རྡལ་ཆུང་ངུ་བསྐྲུན་རྒྱུར་ཤུགས་སྣོན་བརྒྱག་དགོས་ཞེས་གསུངས་པ་རེད།

     བརྟག་དཔྱད་ཞིབ་འཇུག་བྱས་རྗེས། ཞའོ་ཡིའུ་ཚའེ་ཡིས་ད་དུང་འདབ་པ་རྫོང་དུ་དཀར་མཛེས་གེ་སར་གནམ་གྲུ་ཐང་གི་འགྲུལ་སྐྱེལ་ཐོག་ཁང་ཆེན་མོ་འཛུགས་རྒྱུའི་ཇུས་འགོད་འཆར་གཞིའི་སྙན་ཞུ་ལ་གསན་འཇོག་གནང་བ་རེད།། 


  • ལེ་ཚན་སྔོན་མ།:རྒྱལ་སྟོན་དུས་ཆེན་སྐབས་སུ་ཡུལ་སྐོར་བ་འབོར་ཆེན་རང་ཁུལ་དུ་འབྱོར།
  • ལེ་ཚན་རྗེས་མ།: ལིའུ་ཁྲེང་མིང་གིས་ལྕགས་ཟམ་རྫོང་དུ་དབུལ་ཐར་འགག་སྒྲོལ་ལས་ཀར་ལྟ་སྐུལ་ཞིབ་བཤེར་གནང་།
  • དོ་སྣང་ཆེ་བའི་རྩོམ།