རྒྱལ་སྟོན་དུས་ཆེན་སྐབས་སུ་ཡུལ་སྐོར་བ་འབོར་ཆེན་རང་ཁུལ་དུ་འབྱོར།

        2017-10-12

     རྒྱལ་སྟོན་དུས་ཆེན་སྐབས་སུ་ཡུལ་སྐོར་བ་འབོར་ཆེན་རང་ཁུལ་དུ་འབྱོར།

     སྤྱི་ཟླ10པའི་ཚེས2ཉིན་གྱི་མཚན་མོར་གསར་འགོད་པས་རྒྱུ་ལའི་ཀྱག་ཀྱོག་གཞུང་ལམ་ཐོག་ཡུལ་སྐོར་ཡོང་མཁན་རླངས་འཁོར་ནམ་མཁའི་སྐར་ཚོགས་ཕྲེང་བ་རྒྱུ་བ་ལྟ་བུ་ཡིན་པའི་གནས་ཚུལ་མཐོང་བྱུང་། 

     ད་ལོའི་རྒྱལ་སྟོན་དུས་ཆེན་ནང་རང་ཁུལ་གྱིས2017ལོའི་དར་མདོའི་མཛའ་གཞས་རྒྱལ་སྤྱིའི་རོལ་དབྱངས་དུས་ཆེན་དང་དར་མདོ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་གཟུགས་བརྙན་ཕོ་ཉ་འདེམས་བསྐོའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར། ཚོགས་ཆེན་བཅུ་དགུ་པ་འཚོག་པར་བསུ་མ་ཞུ་བའི་མཛེས་རྩལ་ཡིག་གཟུགས་པར་ལེན་འགྲེམས་སྟོན། ལྕགས་ཟམ་རྫོང་གི་མཐོ་སྒང་ཀུ་ཤུ་དུས་ཆེན་སོགས་བྱེད་སྒོ་ཕུན་སུམ་ཚོགས་པོ་སྤེལ་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་འབོར་ཆེན་ཞིག་རང་ཁུལ་དུ་འཁོར་ཡོང་བ་རེད། རྒྱལ་སྟོན་དུས་ཆེན་ནང་རང་ཁུལ་གྱི་ཡུལ་སྐོར་མཛེས་ལྗོངས་ས་ཁུལ་ཁག་ལ་ཡུལ་སྐོར་བ་དུས་རྒྱུན་ལས་མང་བས། རང་ཁུལ་གྱི་ས་གནས་ཁག་གིས་ཡུལ་སྐོར་ཡོང་མཁན་འགྲུལ་པ་ཁྱོན་བསྡོམས་མིའི་ཐེངས་གྲངས་ཁྲི184.33ལ་སྣེ་ལེན་བྱས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར18.4མངོན་འགྱུར་བྱུང་བས་ན་ནིང་ལོའི་དུས་མཉམ་ལས་ཁག་བགོས་ནས་བརྒྱ་ཆ53.05དང་བརྒྱ་ཆ48.06འཕར་སྣོན་བྱུང་བ་རེད། དེའི་ནང་དུང་དཀར་ལུང་པའི་མཛེས་ལྗོངས་ས་ཁུལ་གྱིས་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི15.64ལ་སྣེ་ལེན་བྱས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར1.56མངོན་འགྱུར་བྱུང་བས་ན་ནིང་ལོའི་དུས་མཉམ་ལས་ཁག་བགོས་ནས་བརྒྱ་ཆ་24.72དང་བརྒྱ་ཆ30འཕར་བ་རེད། མི་རྒོད་མཚོ་མཛེས་ལྗོངས་ས་ཁུལ་གྱིས་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི4.25ལ་སྣེ་ལེན་བྱས་པ་དང་སྒོ་འཛིན་ཡོང་འབབ་སྒོར་ཁྲི370མངོན་འགྱུར་བྱུང་བས་ན་ནིང་ལོའི་དུས་མཉམ་ལས་ཁག་བགོས་ནས་བརྒྱ་ཆ29.18དང་བརྒྱ་ཆ29.16འཕར་བ་རེད། འདབ་པ་ཉི་སྟེན་གྱིས་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི7.81ལ་སྣེ་ལེན་བྱས་པ་དང་སྒོ་འཛིན་ཡོང་འབབ་སྒོར་ཁྲི903.23མངོན་འགྱུར་བྱུང་བས་ན་ནིང་ལོའི་དུས་མཉམ་ལས་ཁག་བགོས་ནས་བརྒྱ་ཆ55.57དང་བརྒྱ་ཆ42.16འཕར་བ་རེད། ད་ལོར་རང་ཁུལ་དུ་ཡུལ་སྐོར་ཡོང་མཁན་འགྲུལ་པ་གཙོ་བོར་སི་ཁྲོན་དང་ཁྲུང་ཆིང་ཡིན་ཞིང་། ཡིན་ནའང་ཡང་ཀོང་ཏུང་དང་པེ་ཅིང་། ཀུའེ་ཀྲོའུ་སོགས་ས་གནས་ཀྱི་འགྲུལ་པ་སྔོན་མ་དང་བསྡུར་ན་ཇེ་མང་དུ་ཕྱིན་པས་ཡུལ་སྐོར་བའི་བསྡོམས་གྲངས་ཀྱི་བརྒྱ་ཆ10ཟིན་པ་རེད། དུས་མཚུངས་སུ་རང་གིས་རླངས་འཁོར་སྐོར་ནས་ཡོང་མཁན་ཡུལ་སྐོར་བ་མངོན་གསལ་དུ་ཇེ་མང་ལ་སོང་ནས་བསྡོམས་གྲངས་ཀྱི་བརྒྱ་ཆ85ཟིན་པ་རེད། དེ་ནས་རང་ཁུལ་གྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་མཛེས་སྡུག་འཆམ་མཐུན་གྱི་དཀར་མཛེས་ཁུལ་སྐྲུན་པའི་ཕན་འབྲས་རིམ་བཞིན་དུ་ཐོབ་པ་མཚོན་ཐུབ།།


  • ལེ་ཚན་སྔོན་མ།:ནུས་ཤུགས་ཡོད་དགུས་ཁུལ་ཡོངས་ཀྱིས་གཞུང་ལམ་འགྲིམ་འགྲུལ་ཉེན་མེད་ངང་ཤར་གཏོང་ཐུབ་པར་འགན་ལེན་བྱ་དགོས།
  • ལེ་ཚན་རྗེས་མ།:ཞའོ་ཡིའུ་ཚའེ་ཡིས་འདབ་པ་རྫོང་དུ་གྲོང་ཁྱེར་འཛུགས་སྐྲུན་ཐད་བརྟག་དཔྱད་ཞིབ་འཇུག་གནང་།
  • དོ་སྣང་ཆེ་བའི་རྩོམ།