ཚེ་སྲོག་བླ་ན་མེད། ཉེན་མེད་དང་པོར་ཞོག

        2020-09-30

རང་ཁུལ་གྱིས་ཐོན་སྐྱེད་ཉེན་མེད་ལས་དོན་ལ་དམ་འཛིན་དང་ཞིབ་འཛིན་བྱེད་པའི་པར་རིས་བདམས་བཀོད།

     སྤྱི་ཟླ6ཚེས17ཉིན་གྱི་ཐོ་རེངས་ཆུ་ཚོད3དང་སྐར་མ20ལ་རོང་བྲག་རྫོང་གི་སྒོ་ལུང་གྲོང་རྡལ་མེ་ལུང་ལུང་ལ་དྲག་ཆར་བབས་པས་འདམ་རྡོའི་ཆུ་རུད་གློ་བུར་དུ་ཐོན་ནས་ཆུ་ཆེན་བཀག་ནས་འཁྱིལ་མཚོར་གྱུར་པ་རེད། ཉེན་བརྡ་འབྱོར་རྗེས་སྨད་རྒྱུད་ཀྱི་གྲོང་ཚོ་དང་སློབ་གྲྭ་ཁག་གིས་མྱུར་དུ་འཚུབ་བསྟུན་སྔོན་ཇུས་ལག་ལེན་བསྟར་ནས་ཡུལ་མི་དང་དགེ་སློབ་ཚང་མ་གོ་རིམ་ལྡན་པའི་ངང་ཕྱིར་འཐེན་བྱ་རྒྱུའི་སྒྲིག་འཛུགས་བྱས་ཡོད། སྤྱི་ཟླ5ཚེས12ཉིན་ཁུལ་དམིགས་བསལ་སློབ་གསོའི་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་འབྲུབ་ཆུ་སྔོན་འགོག་དང་ཉེན་སེལ་གྱི་འཚུབ་བསྟུན་ནང་སྦྱོང་བྱས་ཡོད། སྤྱི་ཟླ7ཚེས15ཉིན། སྡེ་དགེ་རྫོང་གི་འགྲོ་ལམ་མང་པོར་ཆུ་ལོག་ལོག་འདྲེན་བྱུང་བས་དྲག་ཆས་ཉེན་རྟོག་པ་དང་། འཚུབ་བསྟུན་ཡུལ་དམག མང་ཚོགས་བཅས་ཀྱིས་ནུས་ཤུགས་ཡོད་རྒུས་འཚུབ་བསྟུན་ཉེན་སེལ་ལས་དོན་སྤེལ་ཡོད། སྤྱི་ཟླ7ཚེས21ཉིན་ནས་བཟུང་ཁུལ་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དུས་ཐེངས་གཉིས་པ་དང་ཉིན22ལ་བགོས་ནས་ཁུལ་ཡོངས་ཀྱི་མེ་གསོད་རོགས་སྐྱོབ་རུ་ཁག་གི་རི་ཁུལ་རོགས་སྐྱོབ་ལག་རྩལ་གསོ་སྦྱོང་བྱས་ཡོད། སྤྱི་ཟླ8པའི་ཚེས12ཉིན། དཔལ་ཡུལ་རྫོང་དང་གཡས་པ་ཐང་ཡན་ལག་སྤྱི་གཉེར་ཁང་གཉིས་མཉམ་འབྲེལ་བྱས་ནས2019ལོའི་འབྲུབ་ཆུ་སྔོན་འགོག་དང་ཉེན་སེལ་གྱི་འཚུབ་བསྟུན་ནང་སྦྱོང་བྱས་པ་རེད།

     ཆུ་འབྲུབ་པ་ནས་བཟུང་། རང་ཁུལ་གྱི་འཚུབ་བསྟུན་དང་མེ་གསོད། ཆུ་བེད། གནམ་གཤིས། གཞུང་ལམ། གློག་ཤུགས། འཕྲིན་གཏོང་སོགས་སྡེ་ཚན་གྱིས་མཉམ་ལས་དམ་ཟབ་བྱས་ཏེ་ཆུ་ཚོད24ནང་དུ་གྲ་སྒྲིག་ལེགས་པོར་བྱས་ཤིང་ཆར་པ་འབབ་ཚུལ་དང་ཆུ་འབྲུབ་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ་སྔོན་བརྡ་གཏོང་ཤུགས་ཆེ་རུ་བཏང་། ཆུ་ལོག་སྔོན་འགོག་གི་ལས་གྲྭ་དང་གཙོ་གནད་ཁུལ་དུ་ལས་རེས་དང་སྲུང་རེས། རོགས་སྐྱོབ་སྟོབས་ཤུགས་བཀོད་སྒྲིག་བྱས་ཤིང་། རོགས་སྐྱོབ་ཇུས་གཞི་ཞིབ་ཚགས་སུ་བཏང་སྟེ་ཆུ་འབྲུབ་སྔོན་འགོག་དང་ཉེན་སེལ་གྱི་འཚུབ་བསྟུན་རོགས་སྐྱོབ་ཀྱི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ་ཆུ་འབྲུབ་སྔོན་འགོག་དང་ཉེན་སེལ་ལས་དོན་ཡག་པོ་བསྒྲུབས་ཡོད།

    འདི་ལོའི་ཆུ་འབྲུབ་པའི་དུས་སུ་རང་ཁུལ་གྱིས་རིམ་བརྩིས་བྱས་ན་གཙོ་གནད་ཁུལ4200ལྷག་ཙམ་ལ་གྲལ་བཤེར་བྱས་ཡོད་པ་དང་། མངོན་མེད་རྐྱེན་ངན2600ལྷག་ཙམ་བཅོས་སྒྲིག་བྱས་ཡོད། དངོས་འཐབ་ནང་སྦྱོང་ཐེངས600ལྷག་བྱས་ཡོད། རང་བྱུང་གནོད་འཚེ་སྣ་ཚོགས་དང་ས་གཤིས་ཀྱི་གནོད་འཚེའི་གནས་ཚུལ191ཐག་གཅོད་བྱས་ཡོད། ནགས་ཚལ་མེ་འགོག་དང་མེ་གསོད་རོགས་སྐྱོབ་དཔུང་ཁག ཡུལ་དམག་སོགས་རོགས་སྐྱོབ་མི་སྣ་ཁྲི3ཙམ་བཏང་ཡོད། འགོག་རྒོལ་སྐྱོབ་གསུམ་གྱི་ལག་རྩལ་མི་སྣ74མངགས་ཡོད། མ་དངུལ་སྒོར་ཁྲི1300ལྷག་བཏང་ཡོད། ཉེན་སེལ་གྱི་དངོས་ཟོག་སྣ་ཚོགས་ཁྲི13ལྷག་རི་བ་བཏང་ཡོད། གནོད་ཐེབས་མང་ཚོགས12བསྐྱབས་ཡོད། མི4756ཁ་བཀྲམས་ནས་བཀོད་སྒྲིག་བྱས་ཡོད།

ཚེ་སྲོག་བླ་ན་མེད། ཉེན་མེད་དང་པོར་ཞོག

 སྤྱི་ཟླ6པའི་ཚེས17ཉིན་རོང་བྲག་རྫོང་དུ་ཆུ་ལོག་བྱུང་བར་ཁུལ་དང་རྫོང་ཞིང་ལས་དངུལ་ཁང་གི་དང་བླངས་པས་ཉེན་སྐྱོབ་དངོས་ཟོག་སྤྲོད་བཞིན་པའི་ཚུལ།

ཚེ་སྲོག་བླ་ན་མེད། ཉེན་མེད་དང་པོར་ཞོག

ཁུལ་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་མ་གནོད་འཚེ་སྔོན་འགོག་གི་འཚུབ་བསྟུན་ནང་སྦྱོང་ནང་ཞུགས་བཞིན་པའི་ཚུལ།

ཚེ་སྲོག་བླ་ན་མེད། ཉེན་མེད་དང་པོར་ཞོག

 སྡེ་རོང་རྫོང་གི་བདེ་འཇགས་ཐོན་སྐྱེད་ཟླ་བ་དང་བདེ་འཇགས་ཐོན་སྐྱེད་བྱེད་སྒོ་སྤེལ་ཡུལ།

ཚེ་སྲོག་བླ་ན་མེད། ཉེན་མེད་དང་པོར་ཞོག

 ལམ་སྐྱོང་བཟོ་པས་གཞུང་ལམ་སྟེང་གི་རྡོ་འདེད་བཞིན་པའི་ཚུལ།

ཚེ་སྲོག་བླ་ན་མེད། ཉེན་མེད་དང་པོར་ཞོག

སྤྱི་ཟླ8ཚེས16ནས19ཉིན་བར། སི་ཁྲོན་དང་། ཧྲའན་ཞི། ཁྲུང་ཆིང་བཅས་ཞིང་ཆེན(གྲོང་ཁྱེར)གསུམ་གྱི་རྒྱལ་ཁབ་གློག་དྲྭ་གློག་ཤུགས་སྤྱི་གཉེར་ཁང་གིས་དར་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ་དུ་ཞིང་ཆེན་གསུམ་གྱི་ས་མཐོར་མཉམ་འགུལ་འཚུབ་བསྟུན་ནང་སྦྱོང་བྱེད་བཞིན་པའི་ཚུལ།

ཚེ་སྲོག་བླ་ན་མེད། ཉེན་མེད་དང་པོར་ཞོག

ཁུལ་གཞུང་ལམ་འཛུགས་སྐྲུན་ཞབས་ཞུ་ལྟེ་གནས་ཉག་རོང་ཡན་ལག་ཅུས་ཀྱི་ལམ་བཟོ་པསG227ལམ་ཐིག་ཏུ་ཉེན་སེལ་བྱེད་བཞིན་པའི་ཚུལ།

ཚེ་སྲོག་བླ་ན་མེད། ཉེན་མེད་དང་པོར་ཞོག

གཙང་འགྲམ་གློག་ཁང་གི་སྲུང་སྐྱོང་མི་སྣས་འབྲུབ་ཆུ་རྒྱས་པའི་དུས་སུ་ཞིབ་བཤེར་བཟོ་བཅོས་བྱེད་བཞིན་པའི་ཚུལ།

ཚེ་སྲོག་བླ་ན་མེད། ཉེན་མེད་དང་པོར་ཞོག

དར་མདོ་གྲོང་ཁྱེར་གྱི་ཕོག་ཐག་ཡུལ་ཤོག་གི་མང་ཚོགས་ཀྱིས་ཆུ་གཉིས་མདོའི་ལམ་དུམ་མྱུར་བཟོ་བྱེད་བཞིན་པའི་ཚུལ།

ཚེ་སྲོག་བླ་ན་མེད། ཉེན་མེད་དང་པོར་ཞོག

དཀར་མཛེས་འཁྱེར་འཕྲིན་སྤྱི་གཉེར་ཁང་གི་ལས་བཟོ་བས་དྲྭ་རྒྱའི་སྐུད་ལམ་མྱུར་བཟོ་བྱེད་བཞིན་པའི་ཚུལ།








  • ལེ་ཚན་སྔོན་མ།:ཐག་རིང་ལུང་ཁུག་ནས་བསྐྱོད་དེ་ཕུགས་བསམ་ལ་གཤོག་ཟུང་བཏགས།
  • ལེ་ཚན་རྗེས་མ།:ད་ལོའི་རྒྱལ་སྟོན་གུང་གསེང་ལ་ཡུལ་སྐོར་བ་འབུམ8ལྷག་རང་ཁུལ་དུ་འཛོམས།
  • དོ་སྣང་ཆེ་བའི་རྩོམ།