ས་གནས་གཉིས་ཀྱིས་མཉམ་ལས་སྤེལ་རེས་བྱེད་པའི་ལེའུ་གསར་པ་འབྲི་འགོ་ཚུགས།

ལྷ་འཛོམས་ཀྱིས་བསྒྱུར།        2017-10-10

     སྤྱི་ཟླ9པའི་ཚེས29ཉིན་ནས་སྤྱི་ཟླ10པའི་ཚེས2ཉིན་གྱི་བར་ཀོང་ཏུང་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཞིང་དཔོན་གཞོན་པ་ལིན་ཧྲའོ་ཁྲུན་གྱིས་ཀོང་ཏུང་ཞིང་ཆེན་བཅོས་བསྒྱུར་ཨུ་ལྷན་དང་མི་ཤུགས་ཐོན་ཁུངས། ཡུལ་སྐོར། ཞིང་ལས་སོགས་སྡེ་ཁག་གི་འགན་ཁུར་མི་སྣ་དང་ཀོང་ཏུང་གི་འབྲེལ་ཡོད་ཁེ་ལས་གྲགས་ཅན་གྱི་འཐུས་མི་ལས་གྲུབ་པའི་རྟོག་ཞིབ་ཚོགས་པ་ཁྲིད་ནས་རང་ཁུལ་དུ་རྟོག་ཞིབ་གནང་བར་མ་ཟད། དར་མདོར་ཀོང་ཏུང་ཞིང་ཆེན་དང་སི་ཁྲོན་ཞིང་ཆེནདཀར་མཛེསགྱི་ལས་གཞི་འབྲེལ་མཐུད་ཚོགས་འདུ་འཚོགས་པ་རེད།

     སི་ཁྲོན་ཞིང་ཆེན་གྱི་ཞིང་དཔོན་གཞོན་པ་རྡོ་རྗེ་རབ་བརྟན་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་པོ་གཞོན་པ་ཀྲུང་ཁྲེན་ལིན་དང་ཞིང་ཆེན་བཅོས་བསྒྱུར་འཕེལ་ཨུ་ལྷན་གྱི་ཀྲུའུ་རེན་ཧྥན་པོ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཞའོ་ཡིའུ་ཚའེ་རྟོག་ཞིབ་བྱེད་སའི་ནང་ཞུགས་ཡོད།

     ལིན་ཧྲའོ་ཁྲུན་དང་བཅས་པས་མཐོ་སྒང་དུ་དབྱངས་རླུང་མི་འདང་བ་དང་ལམ་ཐག་རིང་བའི་དཀའ་ངལ་ཁྱད་བསད་བྱས་ཏེ་རང་ཁུལ་གྱི་ལི་ཐང་དང་ཉག་རོང་།དཀར་མཛེས། གསེར་ཐར། བྲག་འགོ། རྟའུ། དར་མདོ་སོགས་རྫོངགྲོང་ཁྱེརདུ་རྟོག་ཞིབ་གནང་བ་རེད། ས་གནས་རེར་སླེབས་དུས་རྟོག་ཞིབ་ཚོགས་པའི་གྲུབ་མིས་ཡུལ་དེ་གའི་ལས་བྱེད་པ་དང་མང་ཚོགས། ཁེ་ལས་ཀྱི་འཐུས་མི་སོགས་ནས་ཡུལ་དེ་གའི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་དང་གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁ་གཏད་རོགས་སྐྱོར་ལས་ཀར་ཆ་རྒྱུས་ཞིབ་ཕྲ་བླངས་པ་རེད།

     ཞིང་དཔོན་གཞོན་པ་རྡོ་རྗེ་རབ་བརྟན་གྱིས་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཚབ་མཛད་དེ་ཀོང་ཏུང་ཞིང་ཆེན་ལ་བཀའ་དྲིན་ཆེ་ཞུས་པ་དང་། ཁོང་གིས་ཡུན་རིང་པོར་ཀོང་ཏུང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང། ཀོང་ཏུང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་སི་ཁྲོན་ཞིང་ཆེན་ཡོངས་ལ་རོགས་རམ་ཆེན་པོ་བྱས་པ་དང་། ཐེངས་འདིར་ཀོང་ཏུང་ཞིང་ཆེན་གྱི་རྒྱུན་ལས་ཞིང་དཔོན་གཞོན་པ་ལིན་ཧྲའོ་ཁྲུན་གྱིས་ཚོགས་པ་ཁྲིད་དེ་དཀར་མཛེས་ཁུལ་གྱི་ལས་ཀར་ཁ་གཏད་རོགས་སྐྱོར་ཡོང་བ་ནི་ཀོང་ཏུང་ཞིང་ཆེན་གྱིས་བློ་ཐག་རྦད་བཅད་ཀྱིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་རྣམ་འགྱུར་གསལ་པོ་མཚོན་པ་དང་སི་ཁྲོན་མི་དམངས་ལ་སྤུན་ཟླའི་བརྩེ་དུང་དང་མི་རིགས་ས་ཁུལ་གྱི་མང་ཚོགས་ལ་ཐུགས་ཁུར་ཆེན་པོ་གནང་བ་མཚོན་པ་རེད་ཅེས་གསུངས།

     རྡོ་རྗེ་རབ་བརྟན་གྱིས་ནན་གསུང་གནང་དོན། སི་ཁྲོན་ཞིང་ཆེན་གྱིས་མུ་མཐུད་ནས་ཁ་གཏད་རོགས་སྐྱོར་གྱི་ནང་རྐྱེན་ཡག་མོ་སྤྱད་དེ་བོད་ཁུལ་གྱི་ལས་ཀ་སོ་སོ་ཡག་མོ་ཏན་ཏན་བསྒྲུབ་དགོས། ཁ་གཏད་རོགས་སྐྱོར་ལས་ཀར་གཙོ་གནད་ཁྱབ་ཁོངས་མངོན་གསལ་དོད་པོ་བྱས་ནས་འདུ་ཤེས་གསར་པ་དང་ནང་རྐྱེན་གསར་པ་འཛུགས་སྐྱོང་བྱ་རྒྱུ་སོགས་ཀྱི་ཐད་ཀོང་ཏུང་ཞིང་ཆེན་ལ་སློབ་སྦྱོང་དང་བསམ་འཆར་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱག་རྒྱུ་དང་། ཁྱད་པར་དུ་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་བཟང་ཆ་གསོ་སྐྱོང་དང་ཤེས་ལྡན་མི་སྣ་གསོ་སྦྱོང་སྤེལ་རེས། ལས་ཞུགས་ལས་གཏོད་དེ་ཁ་གཏད་རོགས་སྐྱོར་ལས་ཀའི་གལ་ཆེན་ནང་གི་འགངས་ཆེན་བྱས་ཏེ་རྒྱུན་ཆད་མེད་པར་རང་ངོས་འཕེལ་རྒྱས་གཏོང་བའི་འཇོན་ནུས་ཇེ་དྲག་ཏུ་གཏང་དགོས།

ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཀོང་ཏུང་ཞིང་ཆེན་གྱིས་དཀར་མཛེས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་ཚུལ་སྙན་སེང་ཞུས་པ་རེད།

     ཚོགས་ཆེན་ཐོག་ཞིང་ཆེན་གཉིས་ཀྱིས་འབྲེལ་ཡོད་ཞིང་ཆེན་ཐད་གཏོགས་སྡེ་ཁག་དང་ཀོང་ཏུང་ཞིང་ཆེན་གྱི་ཁེ་ལས་ཆ་ཤས་ཀྱི་འཐུས་མིས་འབྲེལ་མཐུད་ལས་ཀའི་ཐད་བསམ་ཚུལ་བཤད་པ་རེད།།


  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་གིས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད།
  • ལེ་ཚན་རྗེས་མ།:ནུས་ཤུགས་ཡོད་དགུས་ཁུལ་ཡོངས་ཀྱིས་གཞུང་ལམ་འགྲིམ་འགྲུལ་ཉེན་མེད་ངང་ཤར་གཏོང་ཐུབ་པར་འགན་ལེན་བྱ་དགོས།
  • དོ་སྣང་ཆེ་བའི་རྩོམ།