ཏང་གི་བཀའ་དྲིན་དྲན་ཞིང་ཡུན་ནས་ཡུན་དུ་ཏང་གི་རྗེས་སུ་འབྲངས།

ལྷ་འཛོམས་ཀྱིས་བསྒྱུར།        2017-10-01

   ཏང་གི་བཀའ་དྲིན་དྲན་ཞིང་ཡུན་ནས་ཡུན་དུ་ཏང་གི་རྗེས་སུ་འབྲངས།

   སྤྱི་ཟླ9པའི་ཚེས29ཉིན། ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་ཨུའི་ལས་བྱེད་པ་རྒན་གྲས་དོ་དམ་ཅུས། ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་ཅུས་ཀྱིས་སྒྲུབ་འགན་ཁུར་བའི་ཏང་གི་ཚོགས་ཆེན་བཅུ་དགུ་པར་འཚོག་པར་བསུ་མ་ཞུ་བའི་དུས་གཏན་དུ་ཏང་གི་རྗེས་སུ་འབྲངས་ཞེས་པའི་ཁུལ་ཡོངས་ཀྱི་ལས་བྲལ་ངལ་གསོ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒས་གྲས་ཀྱི་རིག་རྩལ་འགྲན་ཚོགས་དེ་དར་མདོའི་ཟློས་གར་ཁང་དུ་སྤེལ་བ་རེད།  ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ་བྱེད་སྒོའི་ནང་ཞུགས་ནས་གསུང་བཤད་གནང་བ་རེད།

ཏང་གི་བཀའ་དྲིན་དྲན་ཞིང་ཡུན་ནས་ཡུན་དུ་ཏང་གི་རྗེས་སུ་འབྲངས།
ཏང་གི་བཀའ་དྲིན་དྲན་ཞིང་ཡུན་ནས་ཡུན་དུ་ཏང་གི་རྗེས་སུ་འབྲངས།
ཏང་གི་བཀའ་དྲིན་དྲན་ཞིང་ཡུན་ནས་ཡུན་དུ་ཏང་གི་རྗེས་སུ་འབྲངས།

      ཁུལ་རིམ་པའི་ལས་འཁྱུར་ངལ་གསོ་བྱས་པའི་འགོ་ཁྲིད་རྒན་པ་ཧུའུ་ཁེ་ལི་དང་ལྷུན་འགྲུབ། ཉིང་ཧྲའོ་ཝུའུ་། སྤེན་པ་ཆོས་འཕེལ་སོགས་དང་ཁུལ་ཨུའི་ལས་བྱེད་པ་རྒན་པའི་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་གྲུབ་མི་སྡེ་ཚན་གྱི་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་བྱེད་སྒོའི་ནང་ཞུགས་ཡོད་པ་རེད། 

ཏང་གི་བཀའ་དྲིན་དྲན་ཞིང་ཡུན་ནས་ཡུན་དུ་ཏང་གི་རྗེས་སུ་འབྲངས།
ཏང་གི་བཀའ་དྲིན་དྲན་ཞིང་ཡུན་ནས་ཡུན་དུ་ཏང་གི་རྗེས་སུ་འབྲངས།
ཏང་གི་བཀའ་དྲིན་དྲན་ཞིང་ཡུན་ནས་ཡུན་དུ་ཏང་གི་རྗེས་སུ་འབྲངས།

      བྱམས་བློས་ཤིས་ཚིག་ནང་གསུང་དོན། ཉེ་བའི་ལོ་ཤས་རིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་བཅས་ཀྱིས་སྲ་ཞིང་བརྟན་གྱི་འགོ་ཁྲིད་དང་ཐུགས་ཁུར་གནང་འོག ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་རབ་དང་རིམ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ། ཀྲུང་དབྱང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་སྐྱོང་ལས་ཀའི་བསམ་ཕྱོགས་དོན་འཁྱོལ་ནན་ཏན་བྱས་པར་བརྟེན། ཁུལ་ཡོངས་ཀྱི་དཔལ་འབྱོར་རྒྱུན་སྲིང་སྐྱོན་བྲལ་ངང་ནས་འཕེལ་རྒྱས་བྱུང་བ་དང་།དམངས་འཚོ་རྒྱུན་ཆད་མེད་པ་ལེགས་བཅོས་བྱུང་བ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བ། ལས་བྱེད་པ་དང་མང་ཚོགས་ཀྱིས་འབད་འཐབ་ཡར་རྒྱས་བྱེད་པའི་རྣམ་པ་ཡག་མོ་ཞིག་ཆགས་ཡོད་པ་རེད།

ཏང་གི་བཀའ་དྲིན་དྲན་ཞིང་ཡུན་ནས་ཡུན་དུ་ཏང་གི་རྗེས་སུ་འབྲངས།

ཏང་གི་བཀའ་དྲིན་དྲན་ཞིང་ཡུན་ནས་ཡུན་དུ་ཏང་གི་རྗེས་སུ་འབྲངས།


ཏང་གི་བཀའ་དྲིན་དྲན་ཞིང་ཡུན་ནས་ཡུན་དུ་ཏང་གི་རྗེས་སུ་འབྲངས།

    བྱམས་བློས་ཁུལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱེད་བཞིན་པའི་ལས་བྱེད་པ་རྒན་པ་དང་བློ་མཐུན་རྒན་པ་ཚོས་ཁུལ་ཨུའི་འབོད་སྐུལ་དང་ལེན་བྱས་ནས་ཧུར་ཐག་གིས་ལས་ཀ་སྒྲུབ་པ་དང་དཀར་མཛེས་ཁུལ་གྱི་དོན་ཆེན་ལ་སེམས་ཁུར་དང་དཀར་མཛེས་ཁུལ་ལ་ཞབས་འདེགས་ཞུས་ནས་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་ཤུགས་འདོན་ཐབས་འདོན་བྱེད་རོགས།  ལས་བྱེད་པ་རྒན་པ་ཚོས་ཏང་གི་བཀའ་དྲིན་དྲན་ཞིང་ཏང་གི་རྗེས་སུ་འབྲངས་པའི་བརྩེ་དུང་ཟབ་མོ་བཅངས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་རང་ཁུལ་འཕེལ་རྒྱས་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་བསྐྲུན་ཐུབ་པར་བྱས་རྗེས་དེ་བས་ཆེན་པོ་འཇོག་དགོས་ཞེས་ཐུགས་རེ་གནང་བ་རེད།།

ཏང་གི་བཀའ་དྲིན་དྲན་ཞིང་ཡུན་ནས་ཡུན་དུ་ཏང་གི་རྗེས་སུ་འབྲངས།

  • ལེ་ཚན་སྔོན་མ།:སྡེ་དགེ་རྫོང་དུ་བོད་ཀྱི་གསོ་བ་རིག་པའི་ཤེས་ལྡན་པ་གསོ་སྦྱོང་རྟེན་གཞི་བཙུགས།
  • ལེ་ཚན་རྗེས་མ།:ཞིང་ཆེན་ཡོངས་ཀྱི་ཧ་ཅང་དབུལ་ཕོངས་ས་ཁུལ་གྱི་ཞིང་ལས་ཐོན་ལས་དབུལ་སྐྱོར་ལས་དོན་སྐུལ་འདེད་ཚོགས་འདུ་ལི་ཐང་དུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།