པར་རིས་གསར་འགྱུར།

        2020-09-23

པར་རིས་གསར་འགྱུར།

སྤྱི་ཟླ9པའི་ཚེས19ཉིན་གྱི་སྔ་དྲོར། ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་བཅངས་ནས་རྟའུ་རྫོང་དུ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་མཐུན་པའི་འཚམས་འདྲིའི་འཁྲབ་སྟོན་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་དེ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་གཙོ་བོའི་གྲས་ཤིག་ཡིན་ལ། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དང་ཡུལ་སྐོར་བ་ཚང་མ་ལ་ངོ་མཚར་ཆེ་བའི་རིག་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།

ཉེ་བའི་ལོ་ཤས་རིང་། རྟའུ་རྫོང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བརྩིས་ནས། “ལས་གྲྭ་ཆེན་པོ་ལྔ་”ལག་བསྟར་བྱས་པ་བརྒྱུད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གསར་འཛུགས་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བར་མ་ཟད། ན་ནིང་སྤྱི་ཟླ12པར“སི་ཁྲོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང”གི་མཚན་སྙན་ཐོབ་པ་རེད།།

  • ལེ་ཚན་སྔོན་མ།:རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་སྤྲོ་སྐྱིད་ཡོད་པར་བྱ།
  • ལེ་ཚན་རྗེས་མ།:ཐུམ་འབུའི་ནད་རྩ་མེད་བཏང་ནས་འབྱོར་འབྲིང་ལམ་དུ་བསྐྱོད།
  • དོ་སྣང་ཆེ་བའི་རྩོམ།