སེམས་ཀྱི་དབྱངས་རྟ།

རྒན་གྱའི་ཤ་བོ་ཚེ་རིང་།        2017-09-28

ཡིད་འདི་དགའ་བའི་དུས་སུ་སྨྲེང་འགྱུར་ཅིང་།

སྐྱོ་བའི་སྐབས་སུའང་སྤྲོ་བ་འཕེལ་སྲིད་པ།

ས་ཡོམ་ཆུ་འཇིགས་ཁྲོད་ནས་གཉེན་འདས་དང་།

དུང་བའི་ལྷ་མོར་གློ་བུར་ལམ་འཕྲད་འདྲ།

 

རྒྱུ་ལ་ཧམ་སེམས་ཆེ་བའི་དཔོན་པོ་དང་།

སྤྱི་ལ་ཕན་སེམས་མེད་པའི་ལས་བྱེད་ཚོ།

ཉིན་མོའི་ཚོགས་ཆེན་སྟེང་ན་ལྷ་འདྲ་ཡང་།

མཚན་མོའི་ཟླ་འོད་ངོགས་ན་འདྲེ་དང་མཚུངས།

 

ཏང་གི་སྲིད་ཇུས་མིག་བཞིན་བཀུར་ནས་ནི།

རྒྱལ་ཁབ་ལ་རྒྱ་སྙིང་ལ་རྒྱུན་བཅངས་རུང་།

གོང་ལ་རྔམ་པའི་དཔོན་པོ་ཚོམ་པོ་ཚོས།

འོག་ན་འཚོ་བའི་སྡུག་འབངས་མཐོང་མ་གྱུར།

 

ཀྲུང་དབྱང་ཏང་གིས་གནང་བ་དུང་ཕྱུར་གྲངས།

བླ་མ་དཔོན་པོས་ཁྲམ་པ་ཁྲི་མ་འབུམ།

ཆུ་ཆེན་རྐ་རུ་དྲངས་པའི་སྣེ་མོ་ནས།

དམངས་ཀྱི་ཞིང་ལ་འབྱོར་བ་བརྒྱ་མ་སྟོང་།


  • ལེ་ཚན་སྔོན་མ།:ཕ་ཡུལ་ལ་བཅངས་བའི་བརྩེ་སེམས།
  • ལེ་ཚན་རྗེས་མ།:སྟག་ལུང་རི་ཁྲོད་ནས་གྱེར་བའི་གཞས།