འགྲིམ་འགྲུལ་འགག་གསུམ་དུས་ཅིག་ཅར་དུ་བསྒྲལ།

        2017-09-28

     སྤྱི་ཟླ9པའི་ཚེས26ཉིན། གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་འུ་ལག་རི་བོའི་ཆེས་རིང་ཕུག་ལམ་དུས་ཆད་ལས་སྔ་བ་ཕྱོགས་གཉིས་སྦྲེལ་མཐུད་ཡོང་བ་དང་། སྡེ་དགེའི་ཁྲོ་ལའི་ཕུག་ལམ་ལེགས་གྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་ཐུབ་པ། གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ཁམས་དར་དཔྱངས་ཟམ་ཆེན་མོར་ལྕགས་གདན་སྒྲིག་པའི་མཛད་སྒོ་གསུམ་དུས་ཅིག་ཅར་དུ་སྤེལ་བ་རེད། འགྲིམ་འགྲུལ་གྱི་འགག་གསུམ་དུས་ཅིག་ཅར་དུ་བསྒྲལ་བ་ལས་དུས་ཡུན་རིང་པོར་དཀར་མཛེས་བོད་ཁུལ་འཕེལ་རྒྱས་འགྲོ་བའི་གཅུས་འགག་གཙོ་བོ་འགྲོལ་བར་མཚོན་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། འུ་ལག་རི་བོའི་ཕུག་ལམ་གྱི་རིང་ཚད་སྨི13459ཡོད་ཅིང2012ལོར་ལས་འགོ་བཙུགས་པ་དང་ཁྲོན་བོད་གཞུང་ལམ་གྱི་ཕུག་ལམ་དང་པོ་ཡིན་པ་རེད། གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ཁམས་དར་དཔྱངས་ཟམ་ཆེན་མོའི་རིང་ཚད་ནི་སྨི1411ཡིན་ཞིང་མ་དངུལ་སྒོར་དུང་ཕྱུར10ལྷག་བཏང་ཡོད་ཅིང་ཁྲོན་བོད་ཀྱི་ཟམ་ཆེན་དང་པོ་ཡིན། མིག་སྔའི་བར་དུ་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ལ་རིམ་བརྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར152བཏང་ཟིན་པ་རེད། ཁྲོ་ལའི་ཕུག་ལམ་ནི2011ལོར་ལས་འགོ་བཙུགས་ཤིང་རིང་ཚད་སྨི7079ཡོད་ཅིང་མ་དངུལ་སྒོར་དུང་ཕྱུར11.5བཏང་ཡོད་པ་དང་འཛམ་གླིང་ཐོག་མཚོ་འཕགས་ཆེས་མཐོ་བའི་ཕུག་ལམ་ཡིན་པར་གྲགས།

     2018ལོའི་ལོ་མཇུག་ཏུ་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་རྗེས་དར་མདོ་ནས་ཁྲེང་ཏུའུ་བར་དུས་ཡུན་ཆུ་ཚོད་བཞི་ལས་མི་འགོར་བ་རེད། ཁྲོ་ལའི་ཕུག་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་རྗེས་དེ་སྔོན་ཁྲོ་ལ་བརྒལ་བའི་ཚེ་དུས་ཡུན་ཆུ་ཚོད་གཉིས་གསུམ་འགོར་བ་དེ་ད་ནི་སྐར་མ་བཅུ་ལས་མི་འགོར་བ་རེད།།


  • ལེ་ཚན་སྔོན་མ།:ལོ་རྒྱུས་ཀྱི་དཀྱོག་མཚམས་ནས་འགྲིམ་འགྲུལ་གྱི་འཕྲིན་བཟང་བསྒྲགས།
  • ལེ་ཚན་རྗེས་མ།: ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྲོས་ཚོགས་འཚོགས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་བསྒྲགས་བྱས།
  • དོ་སྣང་ཆེ་བའི་རྩོམ།