ལོ70ཡི་རིང་གི་གྲུབ་འབྲས་འགྲེམ་སྟོན་གྱི་མཛད་སྒོ་སྤེལ།

        2020-09-18

ལོ70ཡི་རིང་གི་གྲུབ་འབྲས་འགྲེམ་སྟོན་གྱི་མཛད་སྒོ་སྤེལ།

    སྤྱི་ཟླ9པའི་ཚེས17ཉིན་གྱི་ཕྱི་དྲོར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་གྲུབ་འབྲས་འགྲེམ་སྟོན་གྱི་མཛད་སྒོ་དེ། ཁུལ་མི་རིགས་དངོས་མང་བཤམ་སྟོན་ཁང་དུ་སྤེལ་བ་རེད། ཀུའོ་ཝུའེ་ཕིང་དང་། ཐེན་ཤང་ལི། ལི་དབྱང་ཏི། ཏེང་ཡུང་། ཧོང་ཡའོ་ཕིང་། ཝང་ཧྲོའུ་ལི། ཡེ་ཀྲོང་། ཡེ་ཧན་པིང་། ལི་ཁྲང་ཕིང་སོགས་ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱི་རྟེན་འབྲེལ་ཚོགས་པ་དང་ཞིང་ཆེན་རྟེན་འབྲེལ་ཚོགས་པའི་མགོ་ཁྲིད་བཅས་མཛད་སྒོར་ཞུགས་པ་རེད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་མཛད་སྒོར་ཤིས་ཚིག་ཕུལ་ཞིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཤའོ་ཡིའུ་ཚའེ་ཡིས་མཛད་སྒོ་གཙོ་སྐྱོང་གནང་བ་དང་འབྲེལ་ཁུལ་བཙུགས་ནས་ལོ70འཁོར་བའི་གྲུབ་འབྲས་འགྲེམ་སྟོན་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཁང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་མཛད་སྒོར་ཞུགས་པ་རེད།

 ཐིང་རིམ་པ་ཡན་གྱི་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་མཁན་བློ་མཐུན་རྒན་གྲས་ཁག་གཅིག་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་མགོ་ཁྲིད། ཁ་གཏད་རོགས་སྐྱོར་དང་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་མཐུན་ཚོགས་ཀྱི་འཐུས་མི། དེ་སྔའི་དར་མདོ་ས་ཆའི་མགོ་ཁྲིད་རྒན་གྲས་ཀྱི་མི་རབས་རྗེས་མ། དེ་བཞིན་འཐབ་ཇུས་མཉམ་ལས་ཚན་རིག་ཞིབ་འཇུག་ཁང་དང་ཁུལ་མ་དངུལ་འཇོག་པའི་ཁེ་ལས་ཀྱི་འཐུས་མི། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་དང་མང་ཚོགས་ཀྱི་འཐུས་མི་ཁག་གཅིག་མཛད་སྒོར་ཞུགས་པ་དང་འབྲེལ་འགྲེམ་སྟོན་ལ་ལྟ་སྐོར་གནང་ཡོད་པ་རེད།

ངེད་གསར་འགོད་པས་བྲིས་ཤིང་པར་བླངས།


  • ལེ་ཚན་སྔོན་མ།:ཁྱིམ་གཞིས་གསར་པར་སྤོས་ཏེ་བདེ་སྐྱིད་ཀྱི་འཚོ་བ་རོལ།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་བཙུགས་ནས་ལོ70འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་མང་ཚོགས་རིག་རྩལ་འཁྲབ་སྟོན་གྱི་པར་རིས་བདམས་བཀོད།
  • དོ་སྣང་ཆེ་བའི་རྩོམ།