མུན་པར་བགྲོ་བ།

ཆང་གཞོན་ནུ།        2020-09-17

མུན་པར་བགྲོ་བ།

ཁྱོད་ཀྱིས་ཉིན་མོར་གྱོན་པའི་གདོང་འབག་དེ་ལ།

སྤར་འབྲད་ཀྱི་རྨ་ཁ་བཟོས་ནས་ཚལ་བར་གཤགས།

མུན་པ་ཁོ་ན་ནི།

ཁྱོད་ཀྱི་ནང་སྙིང་མ་ལུས་ཕྱི་རོལ་ཏུ་འགྲེམས་

སྟོན་བྱེད་སའི།

གནས་གཅིག་པུ་དེའོ། །

སྒྲིབ་གཡོགས་དང་རྫུ་བག་མེད་པར།

ཟོལ་བཅོས་དང་སྤམ་བཟོ་མེད་པར།

རང་ཉིད་ངོ་མ་དེ་འདི་རུ་འདུག་ཨང་།

  • ལེ་ཚན་སྔོན་མ།:བརྩེ་བའི་མ་ལགས།
  • ལེ་ཚན་རྗེས་མ།:དད་པས་མ་ཟིན་པའི་ཁྱེད།