དཀར་མཛེས་རྫོང་གིས་སྐབས36པའི་དགེ་རྒན་དུས་ཆེན་གྱི་ཚོགས་འདུ་འཚོགས།

ཡེ་ཤེས་ཕན་བདེས་བྲིས།        2020-09-15

   

དཀར་མཛེས་རྫོང་གིས་སྐབས36པའི་དགེ་རྒན་དུས་ཆེན་གྱི་ཚོགས་འདུ་འཚོགས།

    ཉེ་ཆར། དཀར་མཛེས་རྫོང་གིས་སྐབས36པའི་དགེ་རྒན་དུས་སྟོན་ཚོགས་འདུ་འཚོགས།  ཚོགས་འདུ་ཐོག་ཕུལ་བྱུང་དགེ་རྒན་དང་ཕུལ་བྱུང་སློབ་གསོ་ལས་དོན་པ། ཕུལ་བྱུང་སློབ་གྲྭའི་སློབ་གཙོ་སོགས་སློབ་གསོ་བྱ་གཞག་འཕེལ་རྒྱས་ལམ་བུར་དུ་བྱས་རྗེས་ཆེན་པོ་ཡོད་པའི་སྔོན་ཐོན་མི་སྣ་སོགས་ལ་གཟེངས་བསྟོད་གནང་བ་རེད།

     དགེ་རྒན་པདྨ་གཡང་ཅན་གྱིས། དེ་རིང་ཕུལ་བྱུང་དགེ་རྒན་གྱི་བྱ་དགའ་ཐོབ་པ་ནི་སེམས་ཧ་ཅང་སྤྲོ་ལ་སྟོན་དུས་ཀྱི་ལོ་ལེགས་བྱུང་བ་ནང་བཞིན་རེད། འོན་ཀྱང་དེ་རིང་ཐོབ་པའི་འབྲས་བུ་ནི་ཁ་སང་འབད་བརྩོན་གྱི་མཚོན་རྟགས་རེད་ལ། ད་རུང་མུ་མཐུད་དུ་འབད་བརྩོན་བྱེད་དགོས་པའི་སྐུལ་ལྕག་ཀྱང་རེད། མ་འོངས་པའི་དུས་ལ་ང་རང་ཡང་སློབ་མིའི་ཤེས་རིག་ཡོན་ཏན་ཆེད་དུ་འབད་བརྩོན་ཧུར་ཐག་བསྒྲུབ་རྒྱུ་དམ་བཅའ་ཡོད་ཟེར།

དཀར་མཛེས་རྫོང་གིས་སྐབས36པའི་དགེ་རྒན་དུས་ཆེན་གྱི་ཚོགས་འདུ་འཚོགས།

     དཀར་མཛེས་རྫོང་གིས་ལོ་མང་པོའི་རིང་ལ་སློབ་གསོ་ལས་ཀ་ནི་ལས་སྣ་གཞན་དང་མ་འདྲ་བའི་མང་ཕན་ལས་ཀ་ནང་གལ་ཆེའི་དམིགས་བསལ་གྱི་སྒོ་ནས་བསྒྲུབས་པ་དང། མི་དམངས་གཙོ་བོ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་ལག་བསྟར་བྱེད་དེ། ཁང་པའི་རྨང་རྡོ་ནང་བཞིན་གཅིག་ཐོག་གཅིག་བཞག་ནས་སྲ་བརྟན་འགྱུར་མེད་དུ་སྤེལ་བ་རེད། རྫོང་སློབ་གསོ་ཅུས་ཅུས་ཀྲང་ཐང་ཧོང་གིས2020ལོར་སློབ་འབྲིང་མཐར་ཕྱིན་པའི་སློབ་མ་བརྒྱ་ཆ94མཐོ་འབྲིང་དུ་རྒྱུགས་འཕྲོད་པ་དང་། མཐོ་རྒྱུགས་ཐོག་ཏུ་ཡང་སློབ་མ་བརྒྱ་ཆ97སློབ་ཆེན་ནང་དུ་བསྡུ་བའི་གྲུབ་འབྲས་ཐོབ། རྫོང་ཡོངས་ཀྱི་སློབ་གསོའི་བྱ་བ་ནི་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་ཡོད་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་དང་ཤེས་ལྡན་མི་སྣའི་འགན་སྲུང་གལ་ཆེན་འདོན་སྤྲོད་བྱས་ཡོད།

དཀར་མཛེས་རྫོང་གིས་སྐབས36པའི་དགེ་རྒན་དུས་ཆེན་གྱི་ཚོགས་འདུ་འཚོགས།

     རྫོང་ཡོངས་ཀྱི་ས་གནས་སོ་སོར་ལྟེ་བའི་སློབ་གྲྭ་གཙུགས་སྟེ་ཕྱི་ཁོག་གི་སློབ་གྲྭ་ཡོད་པར་མ་ཟད་ད་རུང་ནང་ལ་དགེ་རྒན་བཟང་པོ་ཡོད་པའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྤྱི་ཚོགས་ཐོག་གི་ནུས་ཤུགས་མང་པོ་བསྡུས་ནས་སློབ་གསོ་ལས་ཀར་འཕེལ་རྒྱས་གཏོང་བ་དང་རྒྱབ་སྐྱོར་རོམས་རམ་གནང་ནས།  སློབ་གཉེར་ཆུ་ཚད་དམའ་བ་དང་སྤུས་ཚད་ཞན་པའི་གནད་དོན་དེར་བསྟུན་ནས། ནར་སོན་གོང་གི་སློབ་གསོ་དང་འོས་འགན་སློབ་གསོ། མཐོ་འབྲིང་སློབ་གསོ། ལས་རིགས་སློབ་གསོ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་ནས་མ་ལག་འཐུས་སྒོ་ཚང་བའི་སློབ་གསོའི་རིམ་བཞིན་བཙུགས་ཏེ། ཆུ་ཚད་སྔོན་ལས་མཐོ་བའི་ཁྱབ་གདལ་སློབ་གསོ་མངོན་འགྱུར་དང་མང་ཚོགས་ཡོངས་ལ་ཕན་པའི་འདྲ་མཉམ་སློབ་གསོ་ཆགས་པའི་ཕུན་སུམ་ཚོགས་པའི་སྤུས་ལེགས་གྱི་སློབ་གསོ་འདོན་སྤྲོད་བྱས་ཡོད།

དཀར་མཛེས་རྫོང་གིས་སྐབས36པའི་དགེ་རྒན་དུས་ཆེན་གྱི་ཚོགས་འདུ་འཚོགས།

     ཤེས་རྟོགས་བྱུང་བ་ལྟར་ན། རྫོང་འདིས་མ་དངུལ་སྒོར་དུང་ཕྱུར1.1གིས་དཀར་མཛེས་རྫོང་མཐའ་མཚམས་འབྲོག་ཁུལ་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་སློབ་གྲྭ་བཙུགས་ནས་མཐའ་མཚམས་ཞིང་འབྲོག་ཁུལ་སློབ་མ1700ཡི་སློབ་གསོ་དཀའ་ངལ་ཐག་གཅོད་བྱས། མ་དངུལ་སྒོར་ཁྲི1141.5བཏང་ནས་ཡུལ་ཤོག་དང་གྲོང་རྡལ11གི་བུ་བཅོལ་ཁང་འཛུགས་སྐྲུན་བྱས། མ་དངུལ་སྒོར་ཁྲི1219.75བཏང་ནས་སློབ་ཆུང7གྱི་ཕྱོགས་བསྡུས་ཐོག་ཁང་།    དགེ་རྒན་དང་སློབ་མའི་ལས་ཤག་འཛུགས་སྐྲུན་བྱས། མ་དངུལ་སྒོར་ཁྲི1065བཏང་ནས་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གི་ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་དང་དཀར་མཛེས་རྫོང་ཚད་ལྡན་རྐང་གྲུག་ཐང་འཛུགས་སྐྲུན་བྱས། མ་དངུལ་སྒོར665བཏང་ནས་རྫོང་ཡོངས་ཀྱི་སློབ་འབྲིང་དང་སློབ་ཆུང་ཉམས་གསོ་བྱས། ད་ལོར་མ་དངུལ་སྒོར་དུང་ཕྱུར1.9ཡིས་སློབ་འབྲིང་གཉིས་པ་འཛུགས་སྐྲུན་བྱ་རྒྱུའི་འཆར་འགོད་བྱས། ལེགས་འགྲུབ་ཡོང་རྗེས་སློབ་མ2000ལྷག་ཙམ་སློབ་གྲྭ་འདིར་སློབ་སྦྱོང་བྱེད་ཐུབ།

  • ལེ་ཚན་སྔོན་མ།:བརྔ་བསྡུ་འཕྲུལ་འཁོར་སྟོན་བསྡུའི་ལས་ལ་བྲེལ།། ལོ་ལེགས་འཛུམ་མདངས་ཞིང་པའི་ངོ་ལ་ཤར།།
  • ལེ་ཚན་རྗེས་མ།:ལི་ཐང་དགེ་བསྙེན་གནས་རི་སྟེང་གི་ཤྭ་བ་མཆུ་དཀར།
  • དོ་སྣང་ཆེ་བའི་རྩོམ།