འབད་བརྩོན་ཧུར་ཐག་བྱས་ཏེ་འགག་སྒྲོལ་ལས་ཀའི་འགན་འཁྲི་ཕྲག་ཏུ་ཁུར།

དབྱངས་ཅན་གྱིས་བསྒྱུར།        2017-09-21

དཀར་མཛེས་རྫོང་།

ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས།  དཀར་མཛེས་རྫོང་གི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལོ་ཕྱེད་ཀྱི་ལས་ཀའི་ཐོབ་པའི་གྲུབ་འབྲས་ཡིན་ནའང་འདྲ། ཚང་འཛོམས་གྲོས་ཚོགས་ཐོག་ཕྱིན་ཆད་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏང་རྒྱུའི་ཐད་ཀྱི་ལས་ཀ་བཀོད་སྒྲིག་བྱས་པ་ཡིན་ནའང་འདྲ། གང་ཅིའི་ཐད་ནས་ཁུལ་ཨུ་ཡིས་ཐོག་མཐའ་བར་གསུམ་དུ་མི་དམངས་གཙོ་བོ་བྱས་པའི་འཕེལ་རྒྱས་ཀྱི་བསམ་པ་རྒྱུན་འཁྱོངས་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་པ་དེ་མཚོན་པ་རེད།  ཁུལ་ཨུས་སྲ་བརྟན་གྱིས་འགོ་ཁྲིད་གནང་འོག་དང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་འོག མི་སེར་གྱི་འཚོ་བ་ཉིན་རེ་བཞིན་ཇེ་ཡག་ཏུ་འགྲོ་བའི་ཡིད་ཆེས་ང་ཚོར་ཡོད་ཅེས་གཅིག་རྗེས་གཉིས་མཐུད་དུ་བཤད་པ་རེད།

རྫོང་དེའི་སྒྲོག་འགྲེལ་པ་ཡེ་ཤེས་ཕན་བདེས་སྒྲོག་འགྲེལ་པ་ཞིག་ཡིན་པའི་ཆ་ནས། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ཡག་པོ་བྱས་ཏེ་ལས་ཀའི་ཆུ་ཚད་ཇེ་དྲག་ཏུ་གཏོང་གང་ཐུབ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

སྡེ་དགེ་རྫོང་།

ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས། སྡེ་དགེ་རྫོང་གིས་མགྱོགས་མྱུང་དུ་གྲོས་ཚོགས་ཀྱི་སྙིང་དོན་དང་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གི་གསུང་བཤད་ཀྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་བསྟར་བྱེད་པའི་བྱ་སྤྱོད་སྤེལ་བ་རེད།

སྡེ་དགེ་རྫོང་ནི་ཁུལ་ཡོངས་ཀྱི་དཔལ་འབྱོར་རྨང་གཞི་ཞན་པ་དང་དབུལ་ཕོངས་མི་འབོར་མང་བའི་རྫོང་ཞིག་ཡིན་པའི་ཆ་ནས་བཤད་ན། རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གྲོས་ཚོགས་ཀྱི་སྙིང་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས།  བསམ་བློ་དང་བྱ་སྤྱོད་འདི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་ཀྱི་བཀོད་སྒྲིག་དང་ཚང་འཛོམས་གྲོས་ཚོགས་ཀྱི་དམིགས་ཡུལ་ལས་འགན་ཐོག་གཅིག་འགྱུར་ཡོང་བ་བྱ་དགོས།  ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་དང་། དམངས་འཚོ།  བརྟན་བརླིང་།  ཏང་འཛུགས་ལས་ཀ་བཅས་གཅིག་གྱུར་འཆར་འགོད་བྱས་ནས་འཛིན་རྒྱུའི་འཐབ་ཇུས་ངེས་ཤུགས་སྲུང་འཛིན་བྱ་རྒྱུ། ནུས་ཤུགས་གང་ཡོད་ཀྱིས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་དམིགས་ཡུལ་འགག་སྒྲོལ་བྱ་རྒྱུའི་འཐབ་ཇུས་ངེས་ཤུགས་སྲུང་འཛིན་བྱས་ཏེ་ཁུལ་ཨུའི་ཐབས་ཇུས་ཆེན་པོ་དྲུག་དེ་ལོ་ལྔ་ཡི་འཆར་གཞི་བཅུ་གསུམ་པ་འཕེལ་རྒྱས་ཀྱི་གོ་རིམ་ཡོངས་སུ་བརྒྱུད་པ་བྱ་རྒྱུའི་འཐབ་ཇུས་ངེས་ཤུགས་སྲུང་འཛིན་བྱ་རྒྱུ་དང་།  སྡེ་དགེའི་དོན་དངོས་ལ་དམིགས་ཏེ་སྡེ་དགེའི་ཁྱད་ཆོས་དམིགས་སུ་ཐོན་པ་བྱས་ནས་རྫོང་ཨུ་དང་རྫོང་སྲིད་གཞུང་གི“1616”འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཇེ་མགྱོགས་སུ་བྱས་པར་བརྟེན།  བོད་ཁུལ་དང་དཀར་མཛེས་ཁུལ། སྡེ་དགེ་བཅས་ཀྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུའི་ཆོད་སེམས་བཅངས་པ་རེད།།

ལི་ཐང་རྫོང་།

ལི་ཐང་རྫོང་གིས་ཡུལ་དངོས་སུ་ལས་དོན་སྒྲུབ་པའི་བྱེད་ཐབས་སྤྱད་ནས་སྐབས་བཅུ་གཉིས་པའི་རྫོང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས17པ་འཚོགས་པ་རེད།

གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་ཧ་ཅང་དབུལ་ཕོངས་ཡིན་པའི་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་ལས་ཀའི་གྲོས་ཚོགས་དང་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

གྲོས་ཚོགས་ཐོག་རྫོང་ཨུའི་རྒྱུན་ཨུ་རྣམ་པས་སྔོན་དུ་སྤེལ་རྒྱུ་བཞི་རྒྱུན་འཁྱོངས་བྱ་དགོས་པའི་བླང་བྱ་བཏོན་པ་སྟེ། སྔོན་དུ་སློབ་སྦྱོང་ཡག་པོ་བྱ་རྒྱུ་དང་། སྔོན་དུ་དོན་འཁྱོལ་ཡག་པོ་བྱ་རྒྱུ། སྔོན་དུ་མཐུན་སྒྲིལ་ཡག་པོ་བྱ་རྒྱུ། སྔོན་དུ་སྒྲིག་ལམ་ཡག་པོ་སྲུང་རྒྱུ་བཅས་ཡིན་པ་རེད།།


  • ལེ་ཚན་སྔོན་མ།:བོད་རྒྱ་སྐད་གཉིས་ཀྱི《སེར་ཤུལ་ཞིབ་དཔྱོད་ངག་སྒྲ》བཏོན།
  • ལེ་ཚན་རྗེས་མ།:ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་མ་ཞུ་ཞིང་བདེ་སྐྱིད་ཀྱི་ལམ་དུ་བཞུད།
  • དོ་སྣང་ཆེ་བའི་རྩོམ།