བོད་རྒྱ་སྐད་གཉིས་ཀྱི《སེར་ཤུལ་ཞིབ་དཔྱོད་ངག་སྒྲ》བཏོན།

བསོད་ནམས་དཔལ་མོ་དང་བདེ་ཆེན་དབང་གྲགས་ཀྱིས་བྲིས།        2017-09-21

    ཉེ་ཆར། བོད་རྒྱ་སྐད་གཉིས་ཀྱི《སེར་ཤུལ་ཞིབ་དཔྱོད་ངག་སྒྲ》དངོས་སུ་བཏོན་པ་རེད།

   《སེར་ཤུལ་ཞིབ་དཔྱོད་ངག་སྒྲ》བཏོན་པའི་དམིགས་ཡུལ་ནི་ཏང་དང་དམངས་ཚོགས། ཞིབ་དཔྱོད་ཁང་དང་དམངས་ཚོགས་བར་འབྲེལ་བ་གཏུག་ཕྲད་བྱེད་པར་རྨང་གཞི་བརྟན་པོ་འདིང་རྒྱུ་དང་། ཞིབ་དཔྱོད་དྲིལ་བསྒྲགས་བྱ་ཡུལ་རྒྱ་སྐྱེད་བཏང་ནས་ཞིབ་དཔྱོད་ཡོངས་སུ་ཁྱབ་པའི་རྣམ་པ་མངོན་འགྱུར་བྱས་ཏེ་སྔར་ལྷག་གིས་ཁྲིམས་སྐྱོང་གི་དཔྱད་གཞིའི་ཡིག་རིགས་ཁྱབ་སྤེལ་དང་ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ། ཞིབ་དཔྱོད་ཆ་འཕྲིན་ཡོངས་བསྒྲགས་དང་ཞིབ་དཔྱོད་གཏམ་རྒྱུད་ལྷུག་བརྗོད།  བོད་རྒྱ་སྐད་གཉིས་ཀྱི་ལས་ཀར་སྐུལ་འདེད་གཏོང་བའི་ཆེད་དུ་ཡིན་པ་རེད།  རྫོང་རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སེར་ཤུལ་རྫོང་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡིས《འཕྲིན་ཕྲན་གཉིས་བཀོལ་བརྡ་གཅིག》གི་སྤྱི་སྤྱོད་གླེང་སྟེགས་ཐོག་བོད་རྒྱ་སྐད་གཉིས་ཀྱི《སེར་ཤུལ་ཞིབ་དཔྱོད་ངག་སྒྲ》འདོན་རྒྱུའི་གཏན་འཁེལ་བྱས་པར་བརྟེན། རྒྱ་ཆེ་བའི་ཞིང་འབྲོག་མི་དམངས་དོན་དངོས་སུ་སེར་ཤུལ་རྫོང་གི་ཞིབ་དཔྱོད་ལས་ཀའི་ནང་ཞུགས་སུ་བཅུག་པ་དང་། སེར་ཤུལ་རྫོང་གི་ཞིབ་དཔྱོད་ལ་རྒྱུས་ལོན་བྱེད་དུ་བཅུག་ནས་ཏང་དང་དམངས་ཚོགས། ཞིབ་དཔྱོད་དང་མང་ཚོགས་ཀྱི་འབྲེལ་བ་གཏུག་ཕྲད་བྱེད་པར་རྨང་གཞི་བརྟན་པོ་བཏིང་པ་རེད།།


  • ལེ་ཚན་སྔོན་མ།: དཔལ་ཡུལ་རྫོང་གིས་མུ་མཐུད་ནས་ཁོར་ཡུག་གཙང་སྦྲའི་ལས་ཀར་ནུས་ཤུགས་འདོན་གང་ཐུབ་བྱས།
  • ལེ་ཚན་རྗེས་མ།: འབད་བརྩོན་ཧུར་ཐག་བྱས་ཏེ་འགག་སྒྲོལ་ལས་ཀའི་འགན་འཁྲི་ཕྲག་ཏུ་ཁུར།
  • དོ་སྣང་ཆེ་བའི་རྩོམ།