དགེ་བའི་བཤེས་གཉེན།

སྒྲོལ་མ་དབྱངས་འཛོམས།    མཚོ་སྨད་རྫོང་སློབ་འབྲིང་།    2020-09-09

    རྒྱུན་གཏན་གྱི་འཚོ་བའི་ནང་ཉིན་གཅིག་གི་དགེ་རྒན་ནི་ཚེ་གཅིག་གི་ཕ་མ་ཡིན་ཞེས་ཤོད་སྲོལ་ཡོད།   དགེ་བའི་བཤེས་གཉེན་གྱི་བཀའ་དྲིན་ནི་དུས་ནམ་ཡང་བརྗེད་ཐབས་མེད་ལ་དུས་ནམ་ཡང་འཇལ་ཐབས་བྲལ་བ་ཞིག་རེད། སློབ་འབྲིང་གི་དུས་སྐབས་ནི་ཐད་ཀར་མི་གཅིག་གི་མི་ཚེའི་མདུན་ལམ་དེ་འབྲེལ་ནས་ཡོད།དེར་བརྟེན་དགེ་བའི་བཤེས་གཉེན་རྣམ་པས་ང་ཚོ་ལ་སློབ་ཁྲིད་ཡང་དག་གནང་སྟེ་རང་ཉིད་ཀྱི་མཚར་སྡུག་བཀྲ་བའི་ལང་ཚོ་ང་ཚོའི་ལུས་ཐོག་དང་མི་རིགས་ཀྱི་མ་འོངས་དོན་དུ་འོད་སྟོང་འབར་བ་བྱས་ཤིང་།དེ་ནི་ཁོང་རང་ཉིད་ཀྱིས་མི་ཚེར་བཅངས་པའི་དད་སེམས་དང་བླ་མེད་ཀྱི་ཕུགས་བསམ་ཞིག་ཀྱང་རེད། དགེ་བའི་བཤེས་གཉེན་མཆོག   ཁྱེད་ནི་ཤེས་རིག་གི་མུན་པ་སེལ་བའི་སྒྲོན་མེ་ཡིན་ལ་གུས་མོའི་ཕུགས་བསམ་གྱི་སྒོ་མོ་ཕྱེ་བ་དང་མི་ཚེའི་བགྲོད་ལམ་ལ་ཁ་ཕྱོགས་སྟོན་མཁན་གཅིག་པུ་དེ་ཡིན།དེ་བས་ཁྱེད་ཉིད་ཀྱིས་ང་ཚོར་སློབ་སྟོན་གནང་བའི་ཤེས་བྱ་དག་རིག་ལམ་ཀུན་གྱི་ལྡེ་མིག་ལྟ་བུར་འགྱུར།  ཁྱེད་རྣམ་པས་ང་ཚོར་གནང་བའི་བྱམས་དང་བརྩེ་བ་དག་ནི་དྲིན་ཆེན་ཨ་མའི་གཡོ་ལྷད་མེད་པའི་བྱམས་བརྩེ་དང་ཀུན་ནས་མཚུངས།  

      དྲིན་ཆེན་གྱི་དགེ་བའི་བཤེས་གཉེན་ནི་དེ་འདྲའི་འོད་ཟེར་ལྡན་པ་ཞིག་རེད་ལ་དེ་འདྲའི་བྱམས་བརྩེ་ལྡན་པ་ཞིག་རེད་ཨང་།ཁྱེད་རྣམ་པས་གུས་མོའི་སློབ་སྦྱོང་གི་ལམ་བུར་རེ་བའི་ཕུགས་བསམ་བསྩལ་བྱུང་ལ་མདུན་སྐྱོད་ཀྱི་ལམ་བུར་གཟི་བརྗིད་ཀྱི་སྙིང་སྟོབས་གནང་བྱུང་།


  • ལེ་ཚན་སྔོན་མ།:ཁྲོན་པ་ཞིག་གི་གཏམ་རྒྱུད་ལས་སྡེ་རོང་ཉི་མ་ལུང་པའི་གྲོང་སྡེའི་འཐུང་ཆུ་དཀོན་པའི་ལོ་རྒྱུས་འཕོ་འགྱུར་མངོན།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས།
  • དོ་སྣང་ཆེ་བའི་རྩོམ།