གསར་འགྱུར་འདི་དགེ་རྒན་དུས་ཆེན་ལ་ལེགས་སྐྱེས་སུ་ཕུལ།

ཐུབ་ཀྱིས་བསྒྱུར་ཞུས་བྱས།        2020-09-08

 སློབ་གསོ་པུའུ་ཡི་དྲྭ་ཚུགས་ནས་གནས་ཚུལ་འབྱོར་བ་ལྟར་ན། སློབ་གསོ་པུའུ་སོགས་པུའུ་དྲུག་གིས་ཉེ་སྔོནདུས་རབས་གསར་པའི་ཡུལ་སྡེའི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་བསམ་འཆརའགྲེམས་སྤེལ་བྱས་ཤིང་། དེའི་ནང་དུ་གོ་མིང་དཔྱད་དྲངས་ཀྱི་སྲིད་ཇུས་ཡུལ་སྡེའི་དགེ་རྒན་ལ་ལྟ་རྟོག་བྱ་དགོས་པ་བཏོན་འདུག་སྟེ། དུས་ཡུན་རིང་པོར་ཡུལ་ཤོག་དང་གྲོང་སྡེ། དཀའ་ཚེགས་ཆེ་བའི་རྒྱང་རིང་ལུང་ཁུག་ཏུ་སློབ་གསོའི་ལས་དོན་སྒྲུབ་བཞིན་ཡོད་པའི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཚོས་གོ་མིང་དཔྱད་དྲངས་བྱེད་པའི་སྐབས་སུ་སྦྱངས་རབས་ཀྱི་བླང་བྱ་གུ་ཡངས་བཏང་བ་དང་། དཔྱད་རྩོམ་གྱི་བླང་བྱ་དང་། གོ་མིང་དང་འབྲེལ་བའི་ཕྱི་རྒྱལ་གྱི་སྐད་ཡིག དེ་བཞིན་རྩིས་འཕྲུལ་གྱི་བཀོལ་སྤྱོད་ནུས་པ་བཅས་ཀྱི་བླང་བྱ་ཁག་ལ་ཡང་བརྟེན་མི་དགོས་པ་རེད།

     བསམ་འཆར་ནང་འདི་ལྟར་བཏོན་ཡོད་པ་སྟེ།  ཡུལ་སྡེའི་སློབ་ཆུང་གི་དགེ་རྒན་གྱིས་རང་ཉིད་ཀྱིས་འཁྲིད་བྱའི་སློབ་ཚན་ལྟར་གོ་མིང་དཔྱད་དྲངས་བྱ་ཆོག་ཅིང་སྦྱང་བྱའི་ཆེད་ལས་ཀྱི་བཀག་སྡོམ་མི་ཐེབས་པ་རེད། སློབ་གྲྭ་འབྲིང་ཆུང་གི་གོ་མིང་འབྲིང་རིམ་དང་མཐོ་རིམ་གྱི་ལས་རྐང་སྒྲིག་གཞིའི་བསྡུར་ཚད་མཐོར་འདེགས་གང་འཚམ་བཏང་ནས་དེ་ཡང་ཡུལ་སྡེའི་དགེ་རྒན་ལ་ལྟ་རྟོག་བྱ་རྒྱུ་དང་། ཡུལ་སྡེའི་སློབ་གྲྭའི་གོ་མིང་འབྲིང་རིམ་དང་མཐོ་རིམ་གྱི་ཆེད་ལས་ལག་རྩལ་ལས་རྐང་བསྒྲིགས་པའི་བསྡུར་ཚད་དེ་ས་གནས་དེ་གའི་གྲོང་རྡལ་གྱི་རིགས་འདྲའི་སློབ་གྲྭའི་ཚད་གཞི་ལས་མི་དམའ་བ་རེད། དུས་ཡུན་རིང་པོར་ཡུལ་ཤོག་དང་གྲོང་སྡེར་སློབ་གསོའི་ལས་དོན་སྒྲུབ་བཞིན་ཡོད་པའི་དགེ་རྒན་ལ་མཚོན་ན་གོ་མིང་དཔྱད་དྲངས་བྱེད་པའི་སྐབས་སུ། གཏན་འབེབས་ལྟར་ཕྱོགས་གཏན་འཁེལ་བའི་གདེང་འཇོག་དང་ཕྱོགས་གཏན་འཁེལ་བའི་བེད་སྤྱོད་བྱེད་ཆོག་ཅིང་། གོ་མིང་འབྲིང་རིམ་དང་མཐོ་རིམ་ལས་རྐང་ལ་སྤྱི་འབོར་ཚོད་འཛིན་དང་བསྡུར་ཚད་ཟུར་འདོན་བྱ་ཆོག་པ་དང་། སློབ་གྲྭ་དེ་གའི་ལས་རྐང་སྒྲིག་གཞིའི་བསྡུར་ཚད་ཀྱིས་བཀག་སྡོམ་མི་ཐེབས་པ་རེད།

    ཡུལ་སྡེ་དགེ་རྒན་གྱི་སྤྱི་ཚོགས་ཀྱི་གོ་གནས་དང་འཚོ་བའི་ལྟ་རྟོག་ཇེ་ཡག་ཏུ་གཏོང་བའི་ཐད་ལ། བསམ་འཆར་ནང་དུ་ཁ་གསལ་བཏོན་དོན། ཡུལ་སྡེ་དགེ་རྒན་གྱི་ཆ་སྙོམས་གླ་ཕོགས་ཀྱི་ཡོང་འབབ་ཆུ་ཚད་དེ་ས་གནས་དེ་གའི་གཞུང་ཞབས་པའི་ཆ་སྙོམས་གླ་ཕོགས་ཀྱི་ཡོང་འབབ་ཆུ་ཚད་ལས་མི་དམའ་བའམ་མཐོ་བ་ཡིན་པ་ཁག་ཐེག་བྱ་དགོས། ལས་ཕྱོད་གླ་ཕོགས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡུལ་སྡེའི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ། མི་རིགས་ས་ཁུལ་དང་། དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ས་ཁུལ་གྱི་སློབ་གྲྭ་ལ་ལྟ་རྟོག་འོས་འཚམ་བྱ་དགོས། གཅིག་སྡུད་ཡུག་འབྲེལ་གྱི་ཤིན་ཏུ་དབུལ་ཕོངས་ས་ཁུལ་གྱི་ཡུལ་སྡེའི་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་བྱ་རྒྱུ་དང་། སློབ་གྲྭའི་དཀའ་ཚེགས་དང་ཐག་རིང་ལུང་ཁུག་ཏུ་གནས་པའི་ཚད་གཞི་ལྟར་ཁྱད་པར་ཅན་གྱི་ཁ་གསབ་ཚད་གཞི་ལག་ལེན་བྱ་དགོས། ཡུལ་སྡེའི་དགེ་རྒན་གྱི་སྡོད་ཁང་དང་སྨན་བཅོས། རོགས་སྐྱོབ་སོགས་སྲིད་ཇུས་ཀྱི་འགན་སྲུང་རིམ་པ་བཞིན་དུ་འཐུས་སྒོ་ཚང་དུ་བཏང་ནས་ཡུལ་སྡེ་དགེ་རྒན་གྱི་ཐོབ་སྣང་རྒྱུན་ཆད་མེད་པར་ཇེ་ཆེར་གཏང་དགོས།།


  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་ཁུལ་ཡོངས་ཀྱི་དགེ་རྒན་དག་ལ་འཚམས་འདྲི་ཞུས།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་ཞིང་ཆེན་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན་དུ་འབྲེལ་ཡོད་ལས་དོན་འབྲེལ་མཐུད་གནང་།
  • དོ་སྣང་ཆེ་བའི་རྩོམ།