ལིའུ་ཁྲེང་མིང་གིས་ཁུལ་ཡོངས་ཀྱི་དགེ་རྒན་དག་ལ་འཚམས་འདྲི་ཞུས།

        2020-09-08

ལིའུ་ཁྲེང་མིང་གིས་ཁུལ་ཡོངས་ཀྱི་དགེ་རྒན་དག་ལ་འཚམས་འདྲི་ཞུས།


     ཟླ9པའི་ཚེས7ཉིན་དགེ་རྒན་དུས་ཆེན་སྐབས36པ་ཚེས་ལ་ཉེ་སྐབས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་སློབ་གྲྭ་ཁག་གཅིག་ཏུ་ཕེབས་ནས་དགེ་རྒན་དག་ལ་དུས་ཆེན་གྱི་འཚམས་འདྲི་གནང་ཞིང་། དགེ་རྒན་ཚོས་དཀར་མཛེས་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་། སློབ་གསོའི་ལས་དོན་པ། ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན་བཅས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་ཡོད་པ་རེད།

སློབ་གསོའི་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་ཞུས།

     དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་ནི་མིག་སྔར་ཁུལ་ནང་ཁུལ་གྱི་ཕྱོགས་བསྡུས་རང་བཞིན་གྱི་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭ་གཅིག་པུ་དེ་ཡིན་ལ། ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་དང་དེ་བཞིན་མཐའ་འཁོར་ས་ཁུལ་ལ་ལག་རྩལ་ཅན་གྱི་ཤེས་ལྡན་པ་འབོར་ཆེན་སྐྱེད་སྲིང་བྱས་ཡོད་པ་རེད། ལིའུ་ཁྲེང་མིང་སློབ་གྲྭར་ཕེབས་ནས་དགེ་རྒན་གྱི་འཐུས་མི་ཧོ་ཕུའུ་ཧྲེང་དང་ཁྲེན་སི་ཤན་སོགས་ལ་འཚམས་འདྲི་གནང་ནས་སློབ་གྲྭ་ཡོངས་ཀྱི་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་ཞུས་ཤིང་། སློབ་གྲྭས་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དངོས་སྤྱོད་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་བྱེད་ཐབས་བཟང་པོར་བསྟོད་བསྔགས་དང་གདེངས་འཇོག་གནང་བ་རེད།

     ཁོང་གིས་གསུངས་དོན། ལས་རིགས་ལག་རྩལ་སློབ་གསོས་སྣ་མང་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ལས་ཞུགས་དང་ལས་ལམ་གསར་འབྱེད་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཡོད་པས། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་འཆམ་མཐུན་དང་བརྟན་རླིང་ཡོང་བར་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན། དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་འཕེལ་རྒྱས་ཀྱི་དོན་དངོས་དང་སྤྱི་ཚོགས་ཀྱི་དགོས་མཁོ་ཟུང་འབྲེལ་བྱས་ཏེ་ལས་རིགས་སློབ་གསོའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ཞིང་འབྱུང་འགྱུར་ལ་དམིགས་ནས་འབྲིང་རིམ་ལས་རིགས་སློབ་གསོ་དང་མཐོ་རིམ་ལས་རིགས་སློབ་གསོ་འབྲེལ་མཐུད་ཡག་པོ་བྱས་ཏེ་ཕུལ་བྱུང་གི་ལག་རྩལ་རྩེ་གྲ་ལྡན་པའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱ་དགོས་པར་བསྟན།

བྱམས་བརྩེའི་ཐུགས་ཁུར་གནང་ཞིང་རེ་བ་ནན་པོ་བཏོན།

     ལིའུ་ཁྲེང་མིང་གིས་ད་དུང་ལྕགས་ཟམ་ཁ་རྫོང་ཐེན་པ་བརྒྱད་གཅིག་དམངས་གཅེས་སློབ་ཆུང་དང་ལྕགས་ཟམ་རྫོང་སློབ་འབྲིང་བཞི་པར་བསྐྱོད་དེ་སློབ་གྲྭ་འབྲིང་ཆུང་གི་སློབ་གསོ་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་དང་དགེ་རྒན་གྱི་འཐུས་མིར་འཚམས་འདྲི་གནང་། བཞུགས་མོལ་ཚོགས་འདུ་འཚོགས། ལིའུ་ཁྲེང་མིང་གིས་བཞུགས་མོལ་ཚོགས་འདུ་གནང་སྐབས་བསྟན་དོན། ལོ་བརྒྱའི་ཇུས་ཆེན་ནི་སློབ་གསོ་རྩ་བར་འཛིན་པ་དང་། སློབ་གསོའི་ཇུས་ཆེན་ནི་དགེ་རྒན་རྩ་བར་འཛིན་དགོས། དགེ་རྒན་གྱི་ནུས་པ་དང་བྱང་ཚད་ནི་དཀར་མཛེས་ཁུལ་གྱི་སློབ་གསོའི་སྤུས་ཚད་དང་སློབ་གསོའི་བྱ་གཞག་གི་ཕུགས་ཀྱི་འཕེལ་རྒྱས། མི་རབས་དབུལ་པོའི་རྒྱུན་ཆད་པ་བཅས་དང་འབྲེལ་བ་ཡོད་པའི་འགག་རྩ་ཞིག་རེད་ཅེས་གསུངས།

     ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་བྱ་བ་སྒྲུབ་མཁན་གྱིས་སློབ་གསོ་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱས་ཤིང་ལག་བསྟར་བྱེད་རོགས། ཐོག་མཐའ་བར་གསུམ་དུ་ཀུན་སྤྱོད་བཟང་པོར་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུ་དེ་སློབ་གསོའི་རྩ་བའི་ལས་འགན་དུ་བཟུང་ནས། དུས་རབས་གསར་པའི་བསམ་བློ་ཆབ་སྲིད་སློབ་ཚན་ཡག་པོ་གཉེར་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས། སློབ་མའི་སེམས་ལ་བདེན་ལེགས་མཛེས་གསུམ་གྱི་ས་བོན་བཏབ་ནས་མི་ཚེར་འོད་སྟོང་གི་མདུན་ལམ་ལྡན་པར་ཁྲིད་སྟོན་བྱ་དགོས་པར་བསྟན།

     ལིའུ་མིང་ཁྲེང་གིས་རྟོག་ཞིབ་འཚམས་འདྲི་གནང་རིང་ད་དུང་དམིགས་སུ་བཀར་ནས་ནན་བཤད་གནང་དོན། སློབ་གྲྭས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་གཉེར་ནས་གནས་ཚུལ་མི་འབྱུང་བར་ཁག་ཐེག་བྱེད་དགོས་པར་བསྟན།

     ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེང་ཅིང་དང་ཁུལ་ཨུའི་དྲུང་ཆེ་གཞོན་པ། ཁུལ་སློབ་གསོ་ལུས་རྩལ་ཅུས་དང་ལྕགས་ཟམ་རྫོང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་འཚམས་འདྲིའི་བྱེད་སྒོར་ཞུགས་ཡོད་པ་རེད།

ཨོ་རྒྱན་གྱིས་བསྒྱུར།
རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་འཚོགས།
  • ལེ་ཚན་རྗེས་མ།:གསར་འགྱུར་འདི་དགེ་རྒན་དུས་ཆེན་ལ་ལེགས་སྐྱེས་སུ་ཕུལ།
  • དོ་སྣང་ཆེ་བའི་རྩོམ།