རང་ངོས་ནས་མགོ་བརྩམས་ཏེ་ནགས་སྲུང་མེ་འགོག་ལས་ཀ་སྒྲུབ།

དབྱངས་ཅན་གྱིས་བསྒྱུར།        2020-09-04

རང་ཁུལ་གྱིས2020ལོའི་སྟོན་དུས་ཀྱི་སློབ་མགོ་བཙུགས་པའི་སློབ་ཐེངས་དང་པོ་ལ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་གསོད་ཀྱི་གཙོ་དོན་སློབ་གསོའི་བྱེད་སྒོ་སྤེལ།

རང་ངོས་ནས་མགོ་བརྩམས་ཏེ་ནགས་སྲུང་མེ་འགོག་ལས་ཀ་སྒྲུབ།

སྤྱི་ཟླ9པའི་ཚེས1ཉིན་རང་ཁུལ་གྱིས2020ལོའི་སྟོན་དུས་ཀྱི་སློབ་མགོ་བཙུགས་པའི་སློབ་ཐེངས་དང་པོ་ལ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་གསོད་ཀྱི་གཙོ་དོན་སློབ་གསོའི་བྱེད་སྒོ་དེ་དར་མདོ་མི་ཉག་ལྟག་སྒོའི་སློབ་ཆུང་དུ་སྤེལ་མགོ་བཙུགས་ཤིང་། ཁུལ་ནགས་ཚལ་དང་རྩྭ་ཐང་ཅུས་དང་། ཁུལ་སློབ་གསོ་ལུས་རྩལ་ཅུས། དར་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་བཅས་བྱེད་སྒོར་ཞུགས་པ་རེད།

ཐེངས་འདིའི་བྱེད་སྒོ་ནི་སི་ཁྲོན་ཞིང་ཆེན་གྱི2020ལོའི་སྟོན་དུས་ཀྱི་སློབ་མགོ་འཛུགས་པའི་སློབ་ཐེངས་དང་པོའི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་གསོད་ཀྱི་གཅིག་བསྡུས་སློབ་གསོའི་བྱེད་སྒོ་ལས་དཀར་མཛེས་ཁུལ་གྱི་ཡན་ལག་ཚོགས་རའི་བྱེད་སྒོ་ཡིན་པ་རེད། བྱེད་སྒོའི་ཁྲོད་བཀླག་དེབ་ལེགས་སྐྱེས་སུ་ཕུལ་བའི་མཛད་སྒོ་སྤེལ་ནས་སློབ་མ་རྣམས་ལ《ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་གི་སློབ་གསོའི་བཀླག་དེབ》སྤྲད་པ་དང་། འཐུས་ཚབ་དགེ་རྒན་གྱིས་སློབ་ཁྲིད་ནང་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་གསོད་ཀྱི་སློབ་གསོ་བྱ་རྒྱུའི་ཁས་ལེན་གཏམ་བཤད་བྱས། འཛིན་གྲྭ་སོ་སོའི་སློབ་མས་སློབ་ཁང་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་གསོད་ཀྱི་དྲིལ་བསྒྲགས་བརྙན་ཐུང་བལྟས་པ་རེད།

སློབ་གྲྭ་དེའི་མཐོ་རིམ་འཛིན་གྲྭའི་སློབ་མས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་གསོད་ཀྱི་ནག་པང་ཚགས་པར་གསར་བཟོ་བྱས། འཛིན་གྲྭ་མང་པོས་ད་དུང་གྱེར་འདོན་དང་དྲི་བ་དྲིས་ལེན་གྱི་བྱེད་སྟངས་སྤྱད་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་གསོད་སྐོར་རང་ཉིད་ཀྱི་བསམ་ཚུལ་བརྗོད་ཅིང་། སློབ་མ་ཡོངས་ལ་ལག་གདང་སྦྲེལ་ནས་ཐུན་མོང་ངང་འབད་བརྩོན་བྱས་ནས་ནགས་ཚལ་མེ་སྐྱོན་ཡོང་བར་སྔོན་འགོག་བྱས་ཏེ་སྔོ་ལྗང་གི་ཁྱིམ་གཞིས་སྲུང་སྐྱོང་བྱ་དགོས་པའི་གྲོས་གཞི་བཏོན་པ་རེད།

ཁུལ་ཡོངས་ཀྱི་དགེ་རྒན་དང་སློབ་མའི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་གསོད་ཀྱི་འདུ་ཤེས་དང་ཉེན་མེད་འགོག་ཟོན་གྱི་འདུ་ཤེས་དངོས་སུ་ཇེ་དྲག་ཏུ་གཏོང་ཆེད། རང་ཁུལ་གྱི་རྫོང(གྲོང་ཁྱེར)སོ་སོའི་འབྲེལ་ཡོད་སྡེ་ཚན་གྱིས་སློབ་མགོ་བཙུགས་པའི་སློབ་ཐེངས་དང་པོའི་གོ་སྐབས་དང་བསྟུན་ནས། ཐབས་མང་མཉམ་འདོན་གྱི་སྒོ་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་གསོད་ཀྱི་ཤེས་བྱའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཏན་ཏིག་སྤེལ་བ་རེད། ལས་ཀའི་དོན་དངོས་དང་འབྲེལ་ནས་རང་ཁུལ་གྱི་རྫོང(གྲོང་ཁྱེར)སོ་སོས་མེ་སྐྱོན་འབྱུང་ཁུངས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། དགེ་རྒན་དང་སློབ་མ་ཚོས་བྱེས་སུ་མེ་སྤྱད་རྒྱུ་དང་འབར་བྱེད་དངོས་པོ་ཁྱེར་ནས་ནགས་ཁུལ་དུ་ཕྱིན་པར་ནན་འགོག་བྱས། སློབ་གྲྭ་འབྲིང་ཆུང་སོ་སོས་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་གསོད་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་དང་། དགེ་རྒན་དང་སློབ་མ། སློབ་མའི་ཁྱིམ་བདག་བཅས་ལ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་གསོད་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ཞིང་། འདུ་ཚོགས་དང་། LEDབརྡ་སྟོན་ཤེལ་ཡོལ། ནག་པང་ཚགས་པར། དྲིལ་བསྒྲགས་ལེ་ཚན། ཁྱིམ་བདག་གི་གྲོས་ཚོགས་བཅས་དང་ད་དུངQQདང་འཕྲིན་ཕྲན་ཚོགས་པ་སོགས་ཀྱི་བྱེད་སྟངས་བེད་སྤྱོད་གང་ལེགས་བྱས་ཏེ། དགེ་རྒན་དང་སློབ་མར་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་གསོད་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ། ཁོ་ཚོས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱི་ཉེན་སྐྱོན་རང་བཞིན་དང་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོག་འགོག་གསོད་བྱེད་པའི་གལ་ཆེའི་རང་བཞིན་རྒྱུས་ལོན་དང་མེ་འགོག་གི་གཞི་རྩའི་ཤེས་བྱ་ཁོང་དུ་ཆུད་པ་བྱས་པ་རེད།

དེ་དང་ཆབས་ཅིག་རང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་སོ་སོས་མུ་མཐུད་དེ་སློབ་གསོ་བྱེད་ཤུགས་ཆེ་རུ་བཏང་ནས་བྱེད་སྒོ་ཡག་པོ་སྤེལ་བ་དང་། ཁུལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་སོ་སོས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་གསོད་ཤེས་བྱ་སློབ་གྲྭར་སྤེལ་བའི་བྱེད་སྒོ་ཟབ་ཏུ་སྤེལ་ནས། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་གསོད་ཤེས་བྱའི་སློབ་ཁྲིད་ཐེངས་ཤིག་བྱ་རྒྱུ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་གསོད་སྐོར་གྱི་ཤེས་བྱའི་ནག་པང་ཚགས་པར་དུས་ཐེངས་གཅིག་བཟོ་རྒྱུ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་གསོད་ཀྱི་བརྗོད་དོན་གཙོ་བོའི་རྩོམ་ཡིག་གཅིག་འབྲི་རྒྱུ། 《ཁྱིམ་བདག་དང་སློབ་མར་ཞུ་བའི་ཡང་བསྒྲགས་འཕྲིན་ཡིག》གཅིག་བསྐུར་རྒྱུ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་གསོད་ཤེས་བྱས་བརྗོད་དོན་གཙོ་བོར་བྱས་པའི་འཛིན་གྲྭའི་གྲོས་ཚོགས་སོགས་ཐེངས་ཤིག་འཚོག་རྒྱུ་བཅས་ཀྱི་བྱེད་སྒོ་སྤེལ་བར་བརྒྱུད། ཁྱོན་ཡོངས་ནས་སློབ་མའི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་གསོད་ཀྱི་འདུ་ཤེས་དང་མེ་སྐྱོན་འགོག་ཟོན་གྱི་ནུས་པ་ཇེ་དྲག་ཏུ་བཏང་བ་རེད།། 

  • ལེ་ཚན་སྔོན་མ།:འཕེལ་རྒྱས་གྲུབ་འབྲས་བཟང་པོ་མིག་སྔར་བསྟར།། གཞི་གྲངས་ཐོག་ནས་འགྱུར་ལྡོག་གསར་པ་བཤད།།
  • ལེ་ཚན་རྗེས་མ།:སློབ་གྲྭའི་ཁོར་ཡུག་བཅོས་སྐྱོང་བྱས་ཏེ་ཉེན་མེད་དང་གོ་རིམ་ལྡན་པའི་སྒོས་སློབ་མགོ་བཙུགས།
  • དོ་སྣང་ཆེ་བའི་རྩོམ།