མདུན་ཤོག > གེ་སར་གནའ་ཤུལ།
 
ཁམས་གོ་འཇོའི་དཔའ་ལྷ་སེང་སྟག་ཨ་དོམ་གྱི་མཁར་ཤུལ།

2017-09-20   དཔལ་ཐར་རྒྱལ་གྱིས་བསྡུས།

 

 

ཁམས་གོ་འཇོའི་དཔའ་ལྷ་སེང་སྟག་ཨ་དོམ་གྱི་མཁར་ཤུལ།

གླིང་རྗེ་གེ་སར་སྐྱེས་བུའི་ལོ་རྒྱུས་དམངས་ཁྲོད་དུ་བྱུང་བའི་ངག་རྒྱུན་ཁུངས་མ་དང་ཁ་ཐག་ཉེ་བའི་གནའ་བོའི་དུས་ཀྱི་གླིང་སྒྲུང་རྙིང་ཤོས་དག་ན།  གོ་འཇོ་ནི་གླིང་གི་དཔལ་རྟུལ་ཁྲ་གླག་སྤྱང་གསུམ་གྱི་ཡ་གྱལ་སེང་སྟག་ཨ་དོམ་མི་སྤྱང་གི་བཞུགས་གནས་ཡིན་པར་གསལ་ཁ་ཆེ་བ་ལྟར།  གོ་འཇོའི་ཕྱོགས་སུ་གནའ་སྔ་མོ་ནས་ངག་རྒྱུན་དང་ལོ་རྒྱུས་ཡོད་པའི་དཔའ་བོ་སེང་སྟག་ཨ་དོམ་གྱི་མཁར་ཤུལ་ཡིན་ཟེར་བ་འདི་གླིང་གེ་སར་ཞིབ་འཇུག་པ་དག་ལ་དཔྱད་གཞི་རྩ་ཆེན་དངོས་ཡོད་ཅིག་ཡིན་པར་མཐོང་།

 དེ་མིན་ཆབ་མདོའི་ས་གཞི་ཆེན་པོའི་སྟེང་གླིང་སྒྲུང་དང་འབྲེལ་བ་ཡོད་པའི་གནའ་ཤུལ་དང་།  ངག་རྒྱུན་གང་མང་ཡོད།  དེ་མིན་དམངས་ཁྲོད་ཀྱི་གླུ་གཞས་དང་སྙན་ངག  གཏམ་དཔེ།  བསྟོད་ཚིག  དེ་བཞིན་བརྐོས་རིས་དང་རི་མོ།  ཨ་ཅེ་ལྷ་མོ། ཞབས་བྲོ། དགོན་པའི་འཆམ་སོགས་ཀྱི་ནང་ན་གེ་སར་རིག་གནས་ཀྱི་སྣང་ཚུལ་མང་པོ་མངོན་པར་མཚོན་ཡོད།

གཞན་འཇོ་མདའ་སྤོ་ལོའི་རྒྱལ་རོང་འགག་ཕྲེང་ན་གེ་སར་རྒྱལ་པོ་དང་འབྲུག་མོ་གཉིས་འགྱིག་འདེབས་སའི་རྡོ་ལེབ་གྲུ་བཞི་དང་།  སྟེང་ཆེན་གྱི་གེ་སར་རྒྱལ་པོས་མདའ་ཡིས་འབིག་པའི་བྲག་ཁུང་།  གོ་འཇོའི་གེ་སར་རྒྱལ་པོའི་མངའ་འོག་གི་དམག་སྤྱི་དཔའ་ལྷའི་བང་སོའི་ཤུལ་གཞག  སྨར་ཁམས་ཀྱི་འཇང་གླིང་གཡུལ་འགྱེད་ཀྱི་མཁར་རྫོང་། རི་བོ་ཆེའི་ཁྲ་འཁྱིལ་མའི་དགོན་པའི་ནང་དུ་བཞུགས་ཡོད་པའི་གེ་སར་རྒྱལ་པོའི་གསེར་སྒ་སོགས་ལོ་རྒྱུས་ཀྱི་གནའ་ཤུལ་མང་པོ་ལྷགས་ཡོད།  


 
 
 
 
རྩོམ་གསར། 10
དོ་སྣང་ཆེ་བའི་རྩོམ། 10