ཟླ9ཚེས1ཉིན་ནས་བཟུང་། 《ཞིང་སྤྱོད་འགྱིག་ཤོག་དོ་དམ་བྱེད་ཐབས》ལག་བསྟར་བྱེད་རྒྱུ་ཡིན་པ།

    མི་དམངས་དྲ་བ།    2020-09-03

     ● 2018ལོར། རྒྱལ་ཡོངས་སུ་ཞིང་སྤྱོད་འགྱིག་ཤོག་སྤྱོད་ཚད་ཏུན་ཁྲི་246.5ཟིན་པ་དང་། ཞིང་འགེབས་འགྱིག་ཤོག་སྤྱོད་ཚད་ཏུན་ཁྲི་140.4ཟིན་ནས་ཁྱབ་ཚད་མུའུ་དུང་ཕྱུར་2.66ཟིན་ཡོད། ཤིན་ཅང་དང་། ཧྲན་ཏུང་། ནང་སོག ཀན་སུའུ། ཡུན་ནན། ཧོ་ནན། སི་ཁྲོན། ཧོ་པེ། ཧུའུ་ནན་སོགས་ཞིང་ཆེན་9ལ་ཞིང་སྤྱོད་འགྱིག་ཤོག་ཁྱབ་ཚད་རྒྱ་ཁྱོན་ཆ་སྙོམས་མུའུ་ཁྲི་1000ལས་བརྒལ་ཡོད་པ་རེད།
     ● མིག་སྔར། རྒྱལ་ཡོངས་སུ་ཞིང་སྤྱོད་འགྱིག་ཤོག་ཚུར་བསྡུ་བྱེད་ཚད་80%ཟིན་པ།
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་ཞིང་སྤྱོད་འགྱིག་ཤོག་བསྡུ་ལེན་བྱེད་ཐབས་ལག་བསྟར་གཏིང་ཟབ་བྱས་ཏེ། ནུབ་བྱང་ས་ཁུལ་གྱིས་གཙོ་གནད་དུ་བྱེད་པའི་ཞིང་སྤྱོད་འགྱིག་ཤོག་ཚུར་བསྡུའི་དཔེ་སྟོན་རྫོང་100བཙུགས་ཡོད། འདི་ལོའི་ཟླ་9ཚེས་1ཉིན་ནས་བཟུང་། ཞིང་ལས་དང་གྲོང་གསེབ་པུའུ་དང་། བཟོ་འཕྲིན་པུའུ། སྣོད་བཅུད་ཁོར་ཡུག་པུའུ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག་བཀྲམ་པའི《ཞིང་སྤྱོད་འགྱིག་ཤོག་དོ་དམ་བྱེད་ཐབས》དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན་པས། ཞིང་སྤྱོད་འགྱིག་ཤོག་དོ་དམ་བྱེད་རྒྱུ་དེ་དུས་མཚམས་གསར་པ་ཞིག་ཏུ་བསྐྱོད་རྒྱུ་རེད།
     རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞི་ལས་མངོན་པར། 2018ལོར། རྒྱལ་ཡོངས་སུ་ཞིང་སྤྱོད་འགྱིག་ཤོག་སྤྱོད་ཚད་ཏུན་ཁྲི་246.5ཟིན་པ་དང་། ཞིང་འགེབས་འགྱིག་ཤོག་སྤྱོད་ཚད་ཏུན་ཁྲི་140.4ཟིན་ནས་ཁྱབ་ཚད་མུའུ་དུང་ཕྱུར་2.66ཟིན་ཡོད། ཤིན་ཅང་དང་། ཧྲན་ཏུང་། ནང་སོག ཀན་སུའུ། ཡུན་ནན། ཧོ་ནན། སི་ཁྲོན། ཧོ་པེ། ཧུའུ་ནན་སོགས་ཞིང་ཆེན་9ལ་ཞིང་སྤྱོད་འགྱིག་ཤོག་ཁྱབ་ཚད་རྒྱ་ཁྱོན་ཆ་སྙོམས་མུའུ་ཁྲི་1000ལས་བརྒལ་ཡོད་པ་རེད།
     ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་ཞིང་སྤྱོད་འགྱིག་ཤོག་ཚུར་བསྡུའི་བྱེད་ཐབས་ལག་བསྟར་གཏིང་ཟབ་བྱས་པ་དང་། ནུབ་བྱང་ས་ཁུལ་གཙོ་གནད་དུ་བྱས་ནས་ཞིང་སྤྱོད་འགྱིག་ཤོག་ཚུར་བསྡུའི་དཔེ་སྟོན་རྫོང་100བཙུགས་ཏེ། ཞིང་འགེབས་འགྱིག་ཤོག་མཐུག་ཏུ་གཏོང་རྒྱུ་དང་། ཆེད་ལས་ཅན་ལ་བརྟེན་ནས་ཚུར་བསྡུ་བྱེད་པ། ཐོན་ཁུངས་ཅན་གྱི་བེད་སྤྱོད་བཅས་ལ་སྐུལ་འདེད་བཏང་ནས། གཉེར་སྐྱོང་བྱེད་པོས་རྩིས་འབུལ་དང་། ཆེད་ལས་ཅན་གྱི་སྒོ་ནས་ཚུར་བསྡུའི་སྒྲིག་འཛུགས། ལས་སྣོན་ཁེ་ལས་ཀྱིས་ཚུར་བསྡུ། རྙིང་ཚབ་གསར་བརྗེ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཚུར་བསྡུའི་བེད་སྤྱོད་ཀྱི་ལམ་སྲོལ་འཛུཌ་རྒྱུར་སྐུལ་འདེད་བཏང་བ་རེད།
     མིག་སྔར། རྒྱལ་ཡོངས་སུ་ཞིང་སྤྱོད་འགྱིག་ཤོག་ཚུར་བསྡུ་བྱེད་ཚད་80%ཟིན་པ་དང་། གཙོ་གནད་ས་ཁུལ་གྱི་ཞིང་ཁར“འགྱིག་ཤོག་སྦགས་བཙོག”སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱུང་ཡོད། དེའི་ནང་ཀན་སུའུ་ཡིས་ཞིང་སྤྱོད་འགྱིག་ཤོག་ཚུར་བསྡུ་བྱེད་ཚད་81.72%ཟིན་པ་དང་། ཤིན་ཅང་གིས་ཞིང་སྤྱོད་འགྱིག་ཤོག་གི་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་ཀྱི་བྱེད་ཐབས་དང་མ་ལག་རགས་ཙམ་བཙུགས་ཡོད་པ་རེད།


  • ལེ་ཚན་སྔོན་མ།:ཀན་ལྷོའི་ཤམ་བྷ་ལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྐབས་ཉི་ཤུ་པ་འགོ་ཚུགས།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་གིས་བཞུགས་མོལ་ཚོགས་འདུ་གལ་ཆེན་ཞིག་འཚོགས་འདུག
  • དོ་སྣང་ཆེ་བའི་རྩོམ།